ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ས་མཐོར་རྩ་བ་ཚུགས་ནས་མེ་ཏོག་བཞད།

སྤེལ་དུས 2018-05-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
མི་དམངས་མང་ཚོགས་ཀྱི་ལག་ལེན་དང་མོས་སེམས་དོན་ལ་བབས་སར་བརྩིས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
                   སྤྱི་ཚོགས་ཤིག་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་མེད་པ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཇི་ལྟར་ཡོད་མེད་ནི་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན་ལྟེ་བའི་རིན་ཐང་ལྟ་བའི་སྣེ་ཁྲིད་ལ་ཐུག་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་བསམ་བློའི་ཀ་རྟེན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་པ་དེ་ནི་རང་ལྗོངས་འདི་ཉིད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་རྒྱུའི་ངོས་ནས་བརྗོད་ན་རྨང་གཞིའི་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་ནུས་པ་ལྡན་ཡོད།
                   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་མ་ལག་མཐའ་འཁྱོངས་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དང་། ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ། རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གལ་ཆེན་ཁག་དང་ཟུང་འབྲེལ་བཅས་བྱས་ནས། སློབ་གསོ་ལག་ལེན་གྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་བརྒྱུད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་དེ་རྩ་བ་བརྟན་ཚུགས་དང་ཡལ་འདབ་རྒྱས་ནས་མཁའ་རླུང་དང་འདྲ་བར་མ་ཁྱབ་ས་མེད་པ་དང་མེད་པའི་དུས་མེད་པ་བྱས་ཡོད།
                   “མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་རང་ལྗོངས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཡིན་པ་སྨོས་མི་དགོས་པ་ཞིག་རེད། ལྗོངས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་དར་སྤེལ་བཏང་སྟེ། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་། སྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་བྱས་པའི་དུས་རབས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་བརྩོན་སྲོག་ཤིང་དུ་བྱས་པའི‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’བཅས་སྐྱེད་སྲིང་བྱ་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཡིད་དབང་འགུག་ནུས་དང་སིམ་ནུས་ཆེ་རུ་གཏོང་རྒྱུ་དང་བོད་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་མཁར་རྫོང་བརྟན་པོ་ཞིག་བསྐྲུན་རྒྱུར་ཕན་ཐོགས་ཡོད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཁྲུན་ཧོན་གྱིས་བཤད།
                   སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བར་ངེས་པར་དུ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གཞིས་འཛུགས་དགོས། རང་ལྗོངས་ལ་ཕུན་སུམ་ཚོགས་ལ་ཐུན་མིན་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་ཡོད་པ་དེ་ཐོག་ནས་འདི་གར་གནས་སྡོད་བྱེད་མཁན་མི་རིགས་ཁག་གི་ལོ་རྒྱུས་དང་འཚོ་བ་སྐྱེལ་སྟངས་གང་ལེགས་མཚོན་གྱི་ཡོད། རང་ལྗོངས་སུ་གསར་བརྗེ་དང་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”མཚོན་བྱེད་དུ་བྱས་པའི་རིན་ཐང་ལྟ་བ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་བྱེད་པའི་ཁྲོད་སླར་ཡང་གཅིག་ཏུ་སྡུད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་དེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཕྱོགས་ཁག་གི་ནང་རྩ་བ་བརྟན་པོ་ཚུགས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆེད་ས་རྒྱུ་མཁོ་འདོན་བྱས་ཡོད་པ་རེད།
                   སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱེད་པའི་ཁྲོད་རང་ལྗོངས་ཀྱི་ལས་བྱེད་མང་ཚོགས་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་ཟུང་འབྲེལ་གྱིས་དཀའ་སྤྱད་འབད་བརྩོན་དང་། ཁེ་གྲགས་སྤོང་བ། བདེན་འཚོལ་དངོས་སྒྲུབ་བཅས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ། འབད་འབུངས་ཡར་བརྩོན་གྱི་བསམ་བློའི་འཁྱེར་སོར་བརྟེན་ནས་དཀའ་སྤྱད་སྙིང་རུས་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་ངོས་འཛིན་དང་མོས་སེམས་བྱ་རྒྱུར་སྐུལ་འདེད་དང་ཤུགས་ཆེར་གཏོང་བའི་གཞི་བརྟེན་ནུས་ལྡན་ཞིག་ཏུ་བརྩིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས་བྱེད་པའི་མཐའ་མའི་དམིགས་ཡུལ་མངོན་འགྱུར་ཧུར་ཐག་ཡོང་བ་བྱས་ཡོད།
                   ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས《〈སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར〉ལག་བསྟར་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམས་བྱས་ནས། ལོ་ལྟར་གཏམ་བཤད་ཚོགས་འདུ་དང་། སྙན་ཞུའི་ཚོགས་འདུ། རིག་རྩལ་མཉམ་འཁྲབ་བཅས་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། སློབ་གསོ་ཁྲིད་སྟོན་དང་། གླེང་ཕྱོགས་དྲིལ་བསྒྲགས། རིག་གནས་ཀྱི་ཤུགས་རྐྱེན་ཟབ་མོ། ལག་ལེན་དུ་འཁྱོལ་བ། ལམ་ལུགས་འགན་ལེན་བཅས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པ”དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པ”“ཁྲིམས་བཞིན་བོད་སྐྱོང་དང་ཡུན་རིང་བོད་སྐྲུན”བཅས་ཀྱི་བོད་སྐྱོང་འཐབ་ཇུས་ནང་ཁྱབ་པར་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་བསམ་བློའི་མཁར་རྫོང་བརྟན་པོ་ཞིག་བསྐྲུན་ཡོད།
                   ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི《2018—2020ལོ་བར་གྱི་གཏོད་འཛུགས་དུས་འཁོར་གྱི་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་གྱི་མིང་ཐོ་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ》ནང་། རང་ལྗོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཆབ་མདོ་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གཉིས་དང་། སྟེང་ཆེན་རྫོང་དང་། ལྷ་རི་རྫོང་། རྒྱལ་རྩེ་རྫོང་། སྨན་གླིང་རྫོང་། ཆུ་ཤུར་རྫོང་། གྲ་ནང་རྫོང་བཅས་རྫོང་རིམ་པའི་གྲོང་ཁྱེར་6རེས་སྐོར་གསར་པའི་གཏོད་འཛུགས་དུས་འཁོར་གྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གྱི་མིང་འདོན་ནང་ཚུད་ཡོད། མིང་འདོན་བྱས་པའི་གྲོང་ཁྱེར་དེ་དག་གི་གྲོང་མིའི་ཤེས་དཔལ་བྱང་ཚད་དང་། གྲོང་ཁྱེར་གྱི་ཤེས་དཔལ་ཆུ་ཚད། གྲོང་ཁྱེར་གྱི་རིག་གནས་སྤུས་ཚད། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་སོགས་ཐད་ལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།
                   གྲོང་མིར་ཤེས་དཔལ་ལྡན་ན། གཞི་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ། 2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་བརྗིད་ཆེའི་དམིགས་ཚད་འོག་རང་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས་བྱ་རྒྱུ་དེ་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་པའི་གཞི་བརྟེན་གལ་ཆེན་ཞིག་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་བཅས་ལ་བརྩིས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཐོག་ཧུར་ཐག་སྐྱོད་ཡོད།
                   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་ནི་ཡིག་ཚད་འདོན་མཁན་དང་། ང་ཚོ་ནི་ཡིག་ཚད་གཏོང་མཁན། མི་དམངས་ནི་ཡིག་ཚད་སྐར་མ་རྒྱག་མཁན་བཅས་ཡིན་ཞེས་མཛུབ་སྟོན་གནང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས་བྱེད་པར་དུས་རབས་གསར་པའི་མཐོ་གནོན་བཙན་སར་ལངས་དགོས་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཕྲག་ཐོག་ཏུ་འཁུར་བའི་ལོ་རྒྱུས་དང་རིག་གནས་ཀྱི་འགན་འཁྲི་ཞིག་རེད། དེ་དང་ཆབས་ཅིག་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱུད་རིམ་ལྡན་པའི་འདུ་འགོད་དང་ཡུན་རིང་གི་འདུ་འགོད་ཅིག་ཡིན་པས། ངེས་པར་དུ་མང་ཚོགས་ལ་བརྟེན་རྒྱུ་དང་མང་ཚོགས་སྐུལ་སློང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ལག་ལེན་དང་མོས་སེམས་དོན་ལ་བབས་སར་བརྩིས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།