ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས།

སྤེལ་དུས 2018-05-25 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ།
              “ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པ། སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས”
              རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་གནང་སྟེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ་རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། དེ་ང་ཚོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུའི་ངོས་ནས་བརྗོད་ཚེ་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།
              སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་རྩེ་རིམ་ཇུས་འགོད་དང་ལམ་ལུགས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལམ་ལུགས་བཙུགས་པ་དང་ལག་ལེན་བསྟར་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་བར་དང་། དེ་ནས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པའི་བྱ་སྤྱོད་ཀྱི་འཆར་གཞི་ཆེན་པོ་གསུམ་ལག་ལེན་གཏིང་ཟབ་བསྟར་བའི་བར་སོགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྩ་བའི་རང་བཞིན་དང་། གསར་གཏོད་ཀྱི་རང་བཞིན། ཕུགས་ཕན་གྱི་རང་བཞིན་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་འགྱུར་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཡིན་ནའང་། རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་པ་ཞིག་ལ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་ད་དུང་མཁྲེགས་ས་མི་ཉུང་བ་ཞིག་ལ་གཏུག་དགོས་པ་དང་། ད་དུང་གནད་དོན་རྙིང་པ་མི་ཉུང་བ་ཞིག་ཐག་གཅོད་བྱེད་དགོས་ཀྱི་ཡོད། སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་ལོ་རྒྱུས་འབྲེལ་མཚམས་དུས་ཀྱི་སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐག་གཅོད་མགྱོགས་མྱུར་བྱ་རྒྱུ་ནི་དུས་རབས་ཀྱིས་དཀྲིས་པའི་ལས་འགན་གལ་ཆེན་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་ཉན།
              སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་ནི་རང་རེའི་ཏང་གིས་མི་དམངས་ལ་ཁས་ལེན་ནན་པོ་བྱས་པ་ཞིག་ཡིན་པས།
              གཅིག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་ཁྱབ་བསྒྲགས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་སྔར་བཞིན་ཞན་པའི་གནས་ཚུལ་ལེགས་བཅོས་བྱེད་དགོས། དེ་ལྟར་བྱས་ཚེ། གཞི་ནས་མི་དམངས་ཀྱི་ཁས་ལེན་ཐོབ་ལ་ལོ་རྒྱུས་ཀྱི་ཚོད་བགམ་ཡང་ཐེག་ངེས་རེད། མངོན་གསལ་དོད་པོས་གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་གསབ་པ། སྐྱོན་ཆ་སེལ་བ་བཅས་བྱས་ནས་སེམས་ཐག་གཙང་བཅད་ཀྱིས་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ཚེ། གཞི་ནས་ང་ཚོས་ཁས་ལེན་དོན་འཁྱོལ་ཐུབ་ནས་མི་དམངས་ལ་ངོ་མི་གནོང་བ་དང་ལོ་རྒྱུས་ལ་ངོ་མི་གནོང་བ་ཡོང་ཐུབ། ད་ཆ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་མགྱོགས་མྱུར་མཐོ་རུ་འགྲོ་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། དེས་ན། མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། རེ་སྒུག་བྱེད་ས། འཕྲལ་མཁོ་ཆེ་ཤོས་བཅས་ལ་ལན་ཧུར་ཐག་བཏབ་ནས་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། དེ་ནི་ང་ཚོའི་དམིགས་ཡུལ་གནས་ས་དང་། འགན་འཁྲི་གནས་ས། ལས་འགན་གནས་ས་བཅས་རེད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་དེར་དཀའ་ཚེགས་ཇི་ལྟར་ཆེ་རུང་། ང་ཚོས་ཐེ་ཚོམ་བྱ་མི་ཉན་ལ་ཕྱིར་བཤོལ་དེ་བས་ཀྱང་མི་བྱེད་པར་ངེས་པར་དུ་འགག་རྩར་ཐུག་དུས་འཕྲལ་ཐག་གཅོད་པའི་ཆོད་སེམས་དང་། ཤི་གསོན་ཐག་གཅོད་ཀྱི་དམག་འཐབ་བྱེད་པའི་བློ་སྟོབས། མཁར་རྒོལ་གྲོང་གཏོར་གྱི་འབད་འཐབ་བཅས་ལ་བརྟེན་ནས་སེམས་ཐག་གཙང་བཅད་ཀྱིས་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་ཐུབ་དགོས།
              སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་ལེགས་ཆ་ལྡན་པའི་སྟོབས་ཤུགས་གཅིག་སྡུད་བྱས་ནས་དེ་བས་ནུས་ལྡན་གྱི་སྲིད་ཇུས་བྱ་ཐབས་སྤྱོད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བཀོད་སྒྲིག་གལ་ཆེན་གཞིར་བཟུང་། སྣོད་བཅུད་ཤེས་དཔལ་གྱི་མ་ལག་མགྱོགས་མྱུར་བསྐྲུན་ནས་སྣོད་བཅུད་རིག་གནས་ཀྱི་མ་ལག་དང་། སྣོད་བཅུད་དཔལ་འབྱོར་གྱི་མ་ལག དམིགས་ཚད་འགན་འཁྲིའི་མ་ལག སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག སྣོད་བཅུད་བདེ་འཇགས་ཀྱི་མ་ལག་བཅས་སྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ཆགས་པར་བྱས་ཏེ་ལྗང་མདོག་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས། སྣོད་བཅུད་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་བྱ་རྒྱུ་ནི་དམངས་འཚོའི་སྔོན་འཇོག་ཁྱབ་ཁོངས་ལ་བརྩིས་ནས་སེམས་ཐག་གཙང་བཅད་ཀྱིས་གནམ་སྔོན་པོ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་ས་རྒྱུ་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། སྣོད་བཅུད་ཁོར་ཡུག་གི་ཉེན་ཁར་དོགས་ཟོན་ནུས་ལྡན་བྱས་ནས་སྣོད་བཅུད་ཁོར་ཡུག་གི་ཉེན་ཁ་རྒྱུན་རྣམ་ཅན་གྱི་དོ་དམ་ནང་བཅུག་སྟེ་སྣོད་བཅུད་ཤེས་དཔལ་གྱི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། ཁོར་ཡུག་བཅོས་སྒྲིག་གི་སྤུས་ཚད་མཐོ་རུ་བཏང་ནས་ཁྲོམ་ར་ཅན་གྱི་བྱ་ཐབས་གང་ལེགས་སྤྱོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་གལ་ཆེན་ལ་ཁ་གཏད་གཅོག་ཐབས་ཞིབ་འཇུག་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་བསྟར་དགོས།
              “ཁོར་ཡུག་ནི་དམངས་འཚོ་ཡིན་པས། རི་བོ་སྔོ་ཞིང་མཛེས་པ། ནམ་མཁའ་སྔོ་ཞིང་དྭངས་བ་ཡོང་བ་བྱེད་དགོས”ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་གཅིག་སྡུད་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40སོང་རིང་བསགས་པའི་དངོས་པོའི་རྨང་གཞི་བརྟན་པོ་གང་ལེགས་སྤྱོད་པ། སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཚེ་ང་ཚོས་མི་སེར་རྣམས་ལ་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་ཅིག་མཁོ་འདོན་ཐུབ་ནས་ཕ་ཚ་བུ་རྒྱུད་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་ཐུབ་ལ། ཀྲུང་ཧྭ་མི་རིགས་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་གཏོད་ཐུབ་ངེས་རེད།