ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

འོད་སྟོང་འབར་བའི་གྲུབ་འབྲས། ཉམས་པ་མེད་པའི་མཛད་རྗེས།

སྤེལ་དུས 2018-05-28 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
—— བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་67འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་དཔྱད་གཏམ་གསུམ་པ།
                ལོ་67གྱི་ནང་དཀའ་ངལ་ཁྱད་དུ་བསད་ནས་བྱ་གཞག་གསར་དུ་བསྐྲུན། ལོ་67གྱི་ནང་འབད་འབུངས་མདུན་སྐྱོད་བྱས་ནས་འོད་སྟོང་འབར་བའི་གྲུབ་འབྲས་བཏོད།
                ལོ་67གྱི་རིང་བོད་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་འགྲན་ཟླ་བྲལ་ཞིང་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག ལྗོངས་ཏང་ཨུད་སྐབས་རིམ་བྱུང་གིས་བཏིང་བའི་རྨང་གཞི་བརྟན་པོའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་མདུན་སྐྱོད་བྱས་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་བཙུགས་པ། བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་དང་། འཕེལ་རྒྱས་ནི་ལས་འགན་གལ་ཆེན་ཨང་དང་པོ། དམངས་འཚོ་ནི་སྟོན་ཕྱོགས་ཨང་དང་པོ། སྣོད་བཅུད་ནི་དམར་ཐིག་ཨང་དང་པོ་བཅས་མཐའ་འཁྱོངས་བྱས་པ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམ་པོར་དམིགས་ཏེ་འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་པ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་བཅས་ལས་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡང་བྱུང་ཡོད།
                འདི་ནི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པའི་ལོ་ལྔ་ཡིན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་ལོ་ལྔ་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ནས་ལོ་རེར་ཆ་སྙོམས་10.8%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་4ཙམ་གྱིས་མཐོ་བ་ཡོད་པ་དང་། ལོ་ལྔའི་རིང་རིམ་རྩིས་བྱས་ན་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་རྩ་སྒོར་དུང་ཕྱུར་7039བཏང་བ། དཔལ་འབྱོར་གྲུབ་ཆ་སྔར་བས་ལེགས་སུ་དང་ཐོན་ལས་གསུམ་གྱི་གྲུབ་ཆ་སྔར་བས་ལུགས་མཐུན་བྱུང་བ། ལྗོངས་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་མགྱོགས་པོ་བྱུང་ཡོད།
                འདི་ནི་སྤྱི་ཚོགས་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ཕྱོགས་སུ་སྐྱོད་པའི་ལོ་ལྔ་ཡིན། ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་བཅུ་བཏོན་པ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་བཏང་ཡོད། 2016ལོར་བོད་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་དེ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གྲས་སུ་ཚུད་པ་དང་། དྲ་སྦྲེལ་དོ་དམ་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་ཐེབས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ལོ་འགའ་བསྟུད་མར་95%ཡན་ཟིན་པ་དང་བློ་ཡིད་ཚིམ་ཚད་མུ་མཐུད་ཚད་གཞི་མཐོ་པོ་ཞིག་རྒྱུན་འཁྱོངས་བྱུང་ཡོད།
                འདི་ནི་དམངས་འཚོ་ཇེ་ལེགས་སུ་སོང་བའི་ལོ་ལྔ་ཡིན། དབུལ་སྒྲོལ་འགག་སྒྲོལ་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ་ལོ་ལྔར་དབུལ་པོ་མི་གྲངས་ཁྲི་53ཉུང་དུ་སོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་ཚོགས་འགན་ལེན་མ་ལག་རྩ་བའི་ཆ་ནས་བསྐྲུན་པ་དང་ཕྱོགས་བཅུའི་ཐད་ཀྱི་དམངས་འཚོའི་སྲིད་ཇུས་ཁག་33ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། རིགས་ཁག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་སྡོད་ཁང(དུད་ཚང)ཁྲི་21.8བསྐྲུན་པ། ལས་ཞུགས་དུས་བབ་སྤྱིར་ན་བརྟན་པོ་བྱུང་སྟེ་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་21.9མང་དུ་སོང་བ། ལྗོངས་ཡོངས་ཀྱི་རྫོང་51འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་དཔྱད་དཔོག་ཐུབ་སྟེ་སློབ་ཆུང་དང་དམའ་རིམ་སློབ་འབྲིང་དུ་ཞུགས་ཚད་99.5%དང་99.3%སོ་སོར་ཟིན་པ། གཞི་རྩའི་སྨན་བཅོས་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་སྟེ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1476ཟིན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཆེད་དོན་བརྟག་དཔྱད་འབྲས་བུ་ལས་མངོན་པར། ད་ལྟའི་འཚོ་བ་མང་ཚོགས་བློ་ཡིད་ཚིམ་ཚད་97%ལྷག་ཙམ་ཟིན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཡིད་ཆེས་ཐོབ་ཚད་97.3%ཟིན་ཡོད།
                འདི་ནི་སྣོད་བཅུད་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པའི་ལོ་ལྔ་ཡིན། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱེད་འགོ་བརྩམས་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་ཆུ་དཔོན་ལམ་ལུགས་བཙུགས་པ། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ལས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་མ་ལག་རགས་ཙམ་ཆགས་པ་ལས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་བྱུང་བ། ས་ཁུལ་དང་གྲོང་ཁྱེར་7གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཆ་སྙོམས་ལེགས་ཚད་95%ཡན་ཟིན་པ། སྣོད་བཅུད་མ་ལག་མུ་མཐུད་ཡག་པོ་བྱུང་བ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་བརྟན་དུ་སོང་ཡོད།
                འདི་ནི་ཏང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་པའི་ལོ་ལྔ་ཡིན། “ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་དགོས་པའི”བླང་བྱ་གཞིར་བཟུང་། “ནན་པོ་དགུ”བྱེད་དགོས་པ་ཁ་གསལ་བཏོན་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་རབ་དང་རིམ་པ་བཏོན་པ། ལས་བྱེད་པ་གྲོང་སྡོད་དང་དགོན་སྡོད་ཀྱི་ལས་དོན་གཏིང་ཟབ་སྤེལ་བ། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་ཧུར་ཐག་བྱས་པ། ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་ལས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད། མིག་སྔར་ལྗོངས་ཡོངས་སུ་གཞི་རིམ་ཏང་རྩ་འཛུགས་ཁྱོན་ཁྲི་1.7ལྷག་ཙམ་ཡོད་པ་དང་། 2017ལོའི་ཟླ་དྲུག་པ་བར་ལྗོངས་ཡོངས་ཀྱི་ཏང་ཡོན་མི་གྲངས་ཁྲི་35.6ཟིན་པ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་583གསར་འཛུགས་དང་རྒྱས་སྐྲུན་བྱས་ཡོད།
                ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་མི་རྣམས་སེམས་འགུལ་ཆེན་པོ་ཐེབས་འོས་པ་ཞིག་ཡོད། དེང་གི་བོད་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་གཙོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་ལེགས་པོ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་དང་། ཐོབ་ཚོར། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། གངས་ལྗོངས་ས་མཐོའི་ས་ཕྱོགས་གང་ས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དབྱར་མཚོ་རྒྱས་པ་ལྟ་བུའི་རྣམ་པ་ཞིག་མངོན་བཞིན་མཆིས།
                གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་ཉམས་མྱོང་ནི་ཤིན་ཏུ་རྩ་ཆེན་ཞིག་ཡིན། འདས་ཟིན་པའི་ལོ་ལྔའི་ནང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཁས་མཛངས་ལྡན་པའི་འགོ་ཁྲིད་གནང་བ་ལས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་ཡང་དག་ལས་བྱུང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་ལ་མ་དངུལ་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ལས་བྱུང་བ་བཅས་རེད། འདས་ཟིན་པའི་ལོ་ལྔའི་རིང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་ཞིག་དང་། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པའི་འབྲས་བུ་ཞིག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགོ་ཁྲིད་ཡང་དག་གནང་བའི་འབྲས་བུ་ཞིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་འབད་འཐབ་བྱས་པའི་འབྲས་བུ་ཞིག་བཅས་རེད།
                དུས་རབས་གསར་པའི་དུང་བརྡ་གསར་པ་སྒྲོག་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ལེའུ་གསར་པ་རྩོམ་དགོས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྲོག་ཤིང་དེར་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་མཐའ་གཅིག་ཏུ་ཞུ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བ་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།