ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཐོག་མའི་བསམ་འདུན་གྱི་འགན་འཁྲི་བརྟན་པོར་བསྲུངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས།

སྤེལ་དུས 2018-05-28 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
                    ཧོ་པེ་ཞིང་ཆེན་ལོན་ཕིང་རྫོང་ཀྲའོ་ཐེ་ཙི་གྲོང་ཚོའི་ཏང་ཨུད་ཧྲུའུ་ཅིའི་འགན་ཁུར་ནས་ལོ་31སོང་རིང་། ཁྲག་རིལ་དཀར་པོའི་ནད་དང་སྙིང་རྩ་འགགས་པ་སོགས་ཀྱི་ནད་གཞི་མང་པོ་ཕོག་པའི་ཧྥན་ཀྲེན་ཤིས་ཀྱིས་བློ་བརྟན་འགྱུར་མེད་ངང་ནད་གཞི་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ། ཏང་ཡོན་དང་གྲོང་ཚོ་ཡོངས་ཀྱི་གྲོང་མིའི་སྣེ་ཁྲིད་ནས་རང་སྟོབས་རང་སྤེལ་གྱིས་ལུང་པ་དབུལ་པོ་དེ་གཡན་ཧྲན་རི་རྒྱུད་དུ་བཀྲག་མདངས་འཚེར་བའི་ས་ཆ་ཞིག་ཏུ་བཏོད་པ་ལས། གྲོང་གསེབ་འཕེལ་རྒྱས་དང་དར་རྒྱས་ཀྱི་དཔེ་སྟོན་ཞིག་ཏུ་གྱུར་ཡོད།
                    ཀྲའོ་ཐེ་ཙི་གྲོང་ཚོའི་གྲུབ་འབྲས་ལས་གྲོང་གསེབ་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་གྱི“སྣེ་འཁྲིད་མཁན”ལ་ཏང་གཤིས་བརྟན་པ་དང་ལེགས་སྐྱེས་ལ་སྤྲོ་བའི་ཀུན་སྤྱོད་ལྡན་དགོས་པ་ར་འཕྲོད་ཐུབ་ཡོད། ལོ་31རིང་ཧྥན་ཀྲེན་ཤིས་ལ“གོ་གནས་འཕར་བ་དང་རྒྱུ་ནོར་འཕེལ་བའི”གོ་སྐབས་མང་པོ་ཕྲད་ཡོད་མོད། འོན་ཀྱང་གྲངས་འབོར་ཆེ་བའི་ཁེ་བཟང་ངམ་ཡང་ན་མིང་གྲགས་གང་ཞིག་གི་མདུན་དུའང་ཁོང་གིས་གྲོང་མི་ཕྱུག་པོ་ཆགས་རྒྱུའི་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ནས་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མེད།
                    གྲོང་གསེབ་འཕེལ་རྒྱས་དང་དར་རྒྱས་གཏོང་བར“སྣེ་འཁྲིད་མཁན”གྱིས་སེམས་པ་གྲོང་མིར་ཕྱོགས་པ་དང་འགན་འཁྲི་འཁུར་ཕོད་པ་བྱེད་དགོས། གྲོང་ཚོ་དབུལ་ཞིང་ཕོངས་པའི་གནས་ཚུལ་འོག་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད། ཧྥང་ཀྲེན་ཤིས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་ཚོར་ཆུ་རགས་རྒྱག་པ་དང་། ཞིང་ཁ་སྦོལ་བ། འབྲས་ཤིང་འཛུགས་པ། སློབ་གྲྭ་བསྐྱར་སྐྲུན་བཅས་བྱས་པས་ལས་སྒྲུབ་ལས་གཏོད་ཀྱི་ཆོད་སེམས་དང་། ཡིད་ཆེས། འགན་འཁྲི་ཁུར་སེམས་བཅས་མངོན་པ་དང་ཁོང་གིས་བློ་གཅིག་སེམས་གཅིག་ངང་གཞུང་དོན་སྒྲུབ་པ་དང་སྒེར་སེམས་མེད་པའི་བསམ་པའི་ཉམས་འགྱུར་ཡང་མངོན་ཡོད། དེ་དག་ལས་ཧྥང་ཀྲེན་ཤིས་ལ་མང་ཚོགས་ཀྱི་བརྩི་བཀུར་ཐོབ་པ་དང་རི་གྲོང་ལ་མི་རྣམས་དགའ་འོས་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།(ཤིན་ཧྭ་གསར་འགྱུར་ཁང་ནས)