ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

འགྱུར་མེད་ཀྱི་དད་སེམས། མཛད་མེད་ཀྱི་སྒུལ་ཤུགས།

སྤེལ་དུས 2018-05-31 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
—— བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་67འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་དཔྱད་གཏམ་བཞི་པ།
                  “ས་མཐོའི་ཐོག་ལས་ཀ་བྱེད་སྐབས་དཀོན་ཤོས་ནི་གསོ་རླུང་དང་། རྩ་ཆེ་ཤོས་ནི་སྙིང་སྟོབས་རེད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་ཕུགས་བསམ་དང་དད་སེམས་ཀྱི་མཛད་མཐའ་མེད་པའི་སྟོབས་ཤུགས་གང་ལེགས་མཚོན་པར་གནང་བས། ང་ཚོས་དུས་གཏན་དུ་རྒྱུན་འཛིན་འདི་དར་ཁྱབ་ཡུན་རིང་གི་བསམ་པའི་རྒྱུ་ནོར་ལ་བྱེད་དགོས། 
                  ལོ་67བསྐྱོད་པའི་ལམ་བུར་ཕྱིར་མིག་ལྟ་སྐབས། ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་ཀྱི་གོམ་བགྲོད་དང་བསྟུན་ནས་མར་ཁེ་སི་རིང་ལུགས་བོད་དུ་ཁྱབ་སྤེལ་ཡོངས་ཁྱབ་བྱུང་བ་དང་སྦྲགས། ང་ཚོའི་བསམ་བློར་མཛུབ་ཁྲིད་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བྱེད་པའི་བརྒྱུད་རིམ་ནང་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འོག་དུས་ཡུན་རིང་པོ་བོད་ཀྱི་མི་དམངས་བྲན་དུ་བཀོལ་བའི་བསམ་པའི་ལྕགས་སྒྲོག་གཏོར་བས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བསམ་པའི་ཐད་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། དོན་སྙིང་འདི་ནི་ཆབ་སྲིད་དང་དཔལ་འབྱོར་ཐད་ཡར་ལངས་བཅིངས་འགྲོལ་ཐོབ་པ་བཞིན་རླབས་ཆེན་པོ་ཞིག་ཡིན། 
                  བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་67སོང་རིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བོད་ལྗོངས་བཅིངས་འགྲོལ་དང་། བོད་ལྗོངས་འཛུགས་སྐྲུན། བོད་དུ་རྩ་བ་ཚུགས་པ། བོད་ལ་ལེགས་སྐྱེས་འབུལ་བ། བོད་དུ་བྱས་རྗེས་འཇོག་པ་བཅས་ཀྱི་བརྒྱུད་རིམ་ནང་། དཀའ་སྤྱད་སྦྱོང་བརྡར་གྱི་བསམ་བློའི་ཉིང་བཅུད་དེ་ཤུགས་ཆེའི་བསམ་པའི་སྟོབས་ཤུགས་ཤིག་ཏུ་གྱུར་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”བཏོད་ཡོད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནི་བོད་ཀྱི་དམག་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་ཀྱིས་མཉམ་དུ་བཏོད་པའི་འབྲས་བུ་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དང་དུས་རབས་སྙིང་སྟོབས་ཀྱི་མཚོན་ཚུལ་ཞིག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་བཅས་ཡིན། ཞི་བས་བཅིངས་འགྲོལ་གཏོང་བའི་བརྒྱུད་རིམ་ནང་བོད་སྐྱོད་དཔུང་སྡེས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”བཏོད་པ་དང་། བོད་སྡོད་དཔུང་སྡེ་དང་། བོད་སྐྱོད་ལས་བྱེད་ལས་བཟོ་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བཅས་ཀྱི་བརྒྱུད་རིམ་ནང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་འཕེལ་བཏང་ཡོད་པ་དང་། བོད་སྐྱོད་ལས་བྱེད་པ་དང་བོད་སྐྱོར་ལས་བྱེད་པ་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་ཉམས་ལེན་འབད་སྒྲུབ་ཀྱི་ཐོག་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”མིག་དཔེའི་ངང་ལག་ལེན་དང་དར་སྤེལ་བཏང་ཡོད། “ལམ་གཉིས་ཀྱི་སྙིང་སྟོབས”ནི་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པ་དང་། དཀའ་ངལ་དང་ཉེན་ཁར་མི་སྐྲག་པའི་གསར་བརྗེའི་དཔའ་བོའི་རིང་ལུགས་དང་། ཕུགས་བསམ་དང་དད་སེམས་འགྱུར་མེད་བརྟན་པོ་དང་འབད་འབུངས་ཡར་བརྩོན་དང་། ལམ་རྡོ་བྱེད་འདོད་པ། ཞུམ་མེད་མདུན་སྐྱོད། གཞན་གྱི་སྔོན་དུ་བྱེད་ཕོད་པ་བཅས་ཀྱི་སྔོན་ཐོན་གྱི་འདུ་ཤེས་དང་འགན་འཁྲི་ཁུར་ཕོད་པའི་སྙིང་སྟོབས། དཀའ་སྡུག་བཟོད་འདོད་པ་དང་ལེགས་སྐྱེས་འབུལ་རྒྱུར་སྤྲོ་བའི་བླ་ན་མེད་པའི་བརྩེ་སེམས། མི་རིགས་མཐུན་སྒྲིལ་དང་། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་འོ་ཆུ་འདྲེས་པ་དང་ཤ་རུས་འདྲེས་པའི་ཉ་ཆུ་ལྟ་བུའི་བརྩེ་སེམས་བཅས་རེད། བསམ་བློ་དང་སྙིང་སྟོབས་འདི་དག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁྲག་རྒྱུན་ནང་དམ་པོར་འདྲེས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཤུགས་ཆེའི་བསམ་པའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། 
                  “ཡིད་ལ་འདུན་མ་གང་ཡང་མེད་ན། གནམ་འོག་བྱ་བ་གང་ཡང་མི་འགྲུབ”ཅེས་པ་ལྟར་ཕུགས་བསམ་དང་དད་སེམས་བརྟན་པོ་དང་། གུང་ཁྲན་ཏང་ཡོན་གྱི་བསམ་པའི་དོན་གཉེར་བརྟན་སྲུང་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མི་ནམ་ཡང་གནས་ཐུབ་པའི་རྩ་བ་ཡིན། གུང་ཁྲན་ཏང་ཡོན་ཞིག་དང་། འགོ་ཁྲིད་ལས་བྱེད་པ་ཞིག་ལ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་ལྡན་མིན་གྱི་ཚད་གཞི་ནི་དེས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་ཐུབ་མིན་དང་། དཀའ་སྡུག་སྔོན་ལ་མྱོང་བ་དང་། བདེ་བ་རྗེས་སུ་རོལ་མིན། ལས་ཀ་ཧུར་ཐག་དང་སྤྱོད་གཙང་སྤྱི་གཞོལ་བྱེད་མིན། ཕུགས་བསམ་ཆེད་ལུས་སྲོག་ཕངས་མེད་ཀྱིས་འབད་བརྩོན་དང་འབད་འཐབ་བྱས་ནས་རང་ཉིད་ཀྱི་སེམས་ནུས་ཡོད་རྒུ་དང་ཐ་ན་ཚེ་སྲོག་ལེགས་སྐྱེས་འབུལ་མིན་བཅས་ལ་ལྟ་དགོས། 
                  ཕུགས་བསམ་དང་དད་སེམས་བརྟན་པོ་ནི་ཐོག་མཐའ་བར་གསུམ་དུ་མི་རབས་ནས་མི་རབས་བར་གྱི་བོད་ཀྱི་གུང་ཁྲན་ཏང་མིས་ངལ་བ་དང་ཉེན་ཁ་དུ་མ་ཁྱད་དུ་གསོད་པ་དང་། དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱེད་པ། རྒྱལ་ཁ་ནས་དེ་བས་ཆེ་བའི་རྒྱལ་ཁའི་ཕྱོགས་སུ་སྐྱོད་པ་བཅས་ལ་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་རེད། 
                  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་ཕུགས་བསམ་དང་དད་སེམས་བརྟན་པོ་ནི་མེད་དུ་མི་རུང་བ་ཞིག་རེད། བོད་དུ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་འཕྲད་ཡོད་ལ། མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་གཙོས་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་གྱི་དམིགས་བསལ་གྱི་འགལ་ཟླའང་འཕྲད་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་དང་འོད་སྟོང་ལྡན་པའི་གྲུབ་འབྲས་གསར་པ་སླར་ཡང་བཏོད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་འགག་རྩ་དེ་རིམ་ཁག་ཏང་ཡོན་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་པོ་ཞིག་ལྡན་མིན་ལ་ཐུག་ཡོད། དེས་ན་ངེས་པར་དུ་ཕུགས་བསམ་དང་དད་སེམས་བརྟན་པོ་དེ་ཏང་གི་བསམ་བློ་འཛུགས་སྐྱོང་གི་ལས་འགན་ཨང་དང་པོར་བརྩིས་ཏེ་རྒྱ་ཆེའི་ཏང་ཡོན་ཚོར་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། གུང་ཁྲན་ཏང་མིའི་སྙིང་སྟོབས་ཆེར་སྐྱེད་བྱེད་པ། འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི་གནད་དོན་གཙོ་བོ་དེ་ཐག་གཅོད་ཡག་པོ་བྱེད་པ། དད་སེམས་ཀྱི་རྨང་གཞི་བརྟན་པོ་འདིང་བ། སྙིང་སྟོབས་ཐད་ཀྱི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་པ་བཅས་བྱས་ནས་ས་མཐོར་རྩ་བ་ཚུགས་པ་དང་མེས་རྒྱལ་ལ་ལེགས་སྐྱེས་འབུལ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། 
                  དུས་རབས་གསར་པར་གཞི་ཚུགས་པ་དང་ལས་འགན་གསར་པ་ཕྲག་ཏུ་འཁུར་དགོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་སྟེ། ནམ་ཡང་ཉམས་པ་མེད་པའི་བསམ་བློའི་འཁྱེར་ཕྱོགས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་པའི་ཐོག་ནས་ལུས་ཤ་ཤོར་བ་དང་གདོང་ལྤགས་བུད་པར་མི་སྐྲག་པའི་ལས་ཀའི་ངར་ཤུགས་བཏོན་ནས་ཕུགས་བསམ་དང་དད་སེམས་བརྟན་པོ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པའི་བྱ་སྤྱོད་དངོས་སུ་ཏན་ཏིག་འགྱུར་བ་བྱེད་དགོས། 
                  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འོད་སྣང་གངས་ལྗོངས་ས་མཐོར་འཕྲོས་ཡོད། འདི་ནི་ང་ཚོས་དུས་རབས་གསར་པར་འབད་འཐབ་ཡར་བརྩོན་བྱེད་པའི་རྩ་བའི་བསམ་པའི་སྒུལ་ཤུགས་ཤིག་ཡིན་ལ། རླུང་བརྟེན་རླབས་བཤགས་དང་ཞུམ་མེད་མདུན་སྐྱོད་བྱེད་པའི་བསམ་བློའི་དྲག་ཆས་ཤུགས་ཆེན་ཞིག་ཀྱང་ཡིན། ང་ཚོས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ཏང་ཡོན་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་པ་དང་མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་གཏོང་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”ཞེས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། ཐུན་མོང་གི་དམིགས་ཚད་ལ་དམ་པོར་དམིགས་པ། སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་འགྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པ་བཅས་ཀྱི་ཕྱིར་མཛད་མཐའ་མེད་པའི་སྒུལ་ཤུགས་མཁོ་འདོན་བྱེད་དགོས།