ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཚན་རྩལ་གསར་གཏོད་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་དགོས།

སྤེལ་དུས 2018-06-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། པ་ཚེས་བསྒྱུར།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁང་གཉིས་ཀྱི་ཡོན་ ཧྲིའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།
           ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འཐབ་ཇུས་ཀྱི་སྤྱི་ཡོངས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་གྲུབ་འབྲས་ཐོབ་པར་ཚད་མཐོའི་སྙིང་བསྡུས་དང་། ཚན་རྩལ་གསར་གཏོད་དང་འཕེལ་ཕྱོགས་ཆེན་པོ་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ། རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བཅས་གནང་ནས་འཛམ་གླིང་ཐོག་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་གཙོ་གནད་ཐོག་བཀོད་སྒྲིག་གནང་ཡོད་ལ་བླང་བྱ་ཁ་གསལ་ཡང་བཏོན་གནང་ཡོད། གསུང་བཤད་གལ་ཆེན་དེ་རྒྱ་ཆེའི་ཚན་རྩལ་ལས་དོན་པས་དུས་རབས་གསར་པའི་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་པ་བྱ་རྒྱུར་སྐུལ་ལྕག་བྱེད་པ་དང་། ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱིས་འཛམ་གླིང་ཐོག་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུར་སྐུལ་སློང་བྱེད་རྒྱུའི་ངོས་ནས་བརྗོད་ཚེ། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། 
           རྫས་འགྱུར་དང་། རྒྱུ་ཆ། དངོས་ཁམས་སོགས་ཀྱི་རིག་ཚན་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། རིམ་འདས་རྩིས་འཁོར་གྱི་ལག་རྩལ་10བསྟུད་མར་འཛམ་གླིང་གི་ཨང་དང་པོར་ཚུད་པ། བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར་གྱིས་རྗེས་སྙེག་ནས་སྣེ་ཁྲིད་བྱེད་པའི་འགག་རྩའི་གོམ་པ་སྤོས་པ་སོགས་ཚན་རྩལ་སྔོན་ཐོན་གྱི་དོན་ཆེན་མང་དག་ཐོན་ཡོད། ལོ་འདི་དག་རིང་། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ནུས་ཤུགས་གཅིག་འདོན་དང་མཆོང་སྐྱོད་མྱུར་པོའི་རྣམ་པ་ཐོན་ནས་ལོ་རྒྱུས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། གནས་སྟངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་གལ་ཆེན་བྱུང་བ་དང་འབྲེལ། གསར་གཏོད་གྲུབ་འབྲས་གལ་ཆེན་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད། དེ་དང་ཆབས་ཅིག་མདུན་ཕྱོགས་ཀྱི་ལག་རྩལ་ཁག་གཅིག་དང་གཤིབ་བགྲོད་དུ་སྐྱོད་འགོ་ཚུགས་ནས་སྔོན་ཐོན་གྱི་དུས་མཚམས་སུ་སླེབས་པ་དང་འབྲེལ། ཚན་རྩལ་སྟོབས་ཤུགས་གྲངས་འབོར་གསོག་འཇོག་ནས་སྤུས་ཚད་ཀྱི་མཆོང་སྐྱོད་བར་དང་། གནས་ཀྱི་ཚད་བརྒལ་ནས་བརྒྱུད་རིམ་ལྡན་པའི་ནུས་པ་ཆེ་རུ་ཕྱིན་པའི་བར་གྱི་དུས་སྐབས་གལ་ཆེན་དུ་གནས་ཡོད། འདི་ནི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་འབྲས་བུ་ཞིག་དང་། རྒྱལ་ཡོངས་ཚན་རྩལ་ལས་རིགས་དང་སྤྱི་ཚོགས་ཡོངས་ཀྱི་ལས་རིགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་རེད། 
           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་དོན་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་དོན་གྱི་འགག་རྩ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཕེལ་ཕྱོགས་ཆེན་པོར་ལྟ་ཞིབ་དང་། སྤྱི་ཡོངས་ལ་ཇུས་འགོད། སྒྱུར་བཅོས་གཏིང་ཟབ། ཕྱོགས་ཡོངས་ནས་ཤུགས་འདོན། ཏང་གིས་ཚན་རྩལ་བྱ་གཞག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་གི་འཕེལ་རྒྱས་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱས་པ་དང་། འཛམ་གླིང་ཐོག་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་འབད་འཐབ་ཀྱི་དམིགས་ཡུལ་མཐའ་འཁྱོངས་བྱས་ནས་རིམ་པ་དེ་བས་མཐོ་བ་དང་། ཁྱབ་ཁོངས་དེ་བས་ཆེ་སར་ཁུལ་དུ་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རང་བརྟེན་གསར་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ལེགས་ཆའི་ཁྱབ་ཁོངས་དང་འགག་རྩའི་ལག་རྩལ་ལ་ཚད་བརྒལ་གལ་ཆེན་ཧུར་ཐག་ཡོང་བར་བྱས་པ། སྒྱུར་བཅོས་གཏིང་ཟབ་ཀྱིས་གསར་གཏོད་ཀྱི་གསོན་ཤུཌ་འཕེལ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ལས་ཕྱོད་ཆེ་རུ་བཏང་བ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་དོན་ངོ་མ་ནི་ཤེས་ལྡན་པའི་སྐུལ་འདེད་ཡིན་པ་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་མཐོང་རྒྱ་དང་རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་འཐབ་ཇུས་ཚན་རྩལ་གྱི་ཤེས་ལྡན་མི་སྣ་དང་། ཚན་རྩལ་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ། གཞོན་ནུའི་ཚན་རྩལ་ཤེས་ལྡན་མི་སྣ་བཅས་དང་དེ་བཞིན་ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ་འབོར་ཆེན་གསོ་སྐྱོང་ཤུགས་ཆེན་བྱས་པ། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་དྲ་རྒྱ་དང་མཉམ་འདྲེས་ཐུབ་རྒྱུ་མཐའ་འཁྱོངས་བྱས་ནས་རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་གསར་གཏོད་ཚོགས་པའི་ནང་གི་ཉིན་རེ་བཞིན་གལ་ཆེར་འགྲོ་བའི་གྲུབ་ཆ་ཞིག་ཏུ་འགྱུར་བར་བྱས་པ་དེ་ཡིན། 
           འཛམ་གླིང་གི་ཚན་རྩལ་འཕེལ་ཕྱོགས་ཆེན་པོའི་ཐོག་ནས་བལྟས་ཚེ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་གྱིས་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་གྲུབ་ཆ་གཏོད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གྲུབ་ཆ་གསར་དུ་བཏོད་དེ་ཚན་རིག་ལག་རྩལ་གྱིས་ད་ཆ་ལྟ་བུར་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་ཤུགས་རྐྱེན་ཐེབས་མྱོང་མེད་ལ། ད་ཆ་ལྟ་བུར་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ཡོང་རྒྱུར་ཤུགས་རྐྱེན་གཏིང་ཟབ་དེ་འདྲ་ཐེབས་མྱོང་མེད། 
           མིག་སྔར། རང་རྒྱལ་གྱི་ཚན་རྩལ་ཁྱབ་ཁོངས་ལ་སྔར་བཞིན་ཐག་གཅོད་བྱེད་དགོས་པའི་གནད་དོན་མངོན་གསལ་དོད་པོ་ཁག་གཅིག་གནས་ཡོད་པ་དང་། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ལས་འགན་གསར་པ་དང་བླང་བྱ་གསར་པ་དང་བསྡུར་ཚེ། མཐོང་རྒྱའི་གནས་སྟངས་དང་། གསར་གཏོད་ནུས་པ། ཐོན་ཁུངས་བཀོད་སྒྲིག སྒྲིག་གཞི་སྲིད་ཇུས་སོགས་ཀྱི་ཐད་རང་རྒྱལ་གྱི་ཚན་རྩལ་ལ་མི་འཚམ་པའི་ཆ་མང་པོ་གནས་ཡོད། ད་ཆ། ང་ཚོར་འཛམ་གླིང་གི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་དང་རང་རྒྱལ་གྱིས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་འབྲེལ་མཚམས་དུས་སྐབས་ཤར་ཡོད་པ་སྟེ། ལོ་སྟོང་ཕྲག་རིང་འཕྲད་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་ཡོད་ལ་ཧེ་བག་ཆེ་རུ་འགྲོ་བའི་འགྲན་སློང་དྲག་པོའང་འཕྲད་པ་དེ་རེད། དུས་བབ་དང་། འགྲན་སློང་། ལས་འགན་བཅས་ཀྱིས་མི་ལ་ཚ་འདེད་གཏོང་གི་ཡོད། དེས་ན། རྒྱ་ཆེའི་ཚན་རྩལ་ལས་དོན་པས་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་གོ་སྐབས་དམ་འཛིན་གྱིས་གནད་དོན་ལ་གཏུགས་ཕོད་པ་དང་། དཀའ་ངལ་སྔོན་བསུས་བྱེད་པ། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་དམིགས་པ། ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ་བཅས་བྱས་ཚེ་གཞི་ནས་ལོ་རྒྱུས་ཀྱིས་དཀྲིས་པའི་འགན་འཁྲི་ལྕི་པོ་འཁུར་ཐུབ། 
           “ཀྲུང་གོ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་བསྐྱར་དར་ཡོང་བར་ངེས་པར་དུ་ཚན་རིག་ལག་རྩལ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འཛམ་གླིང་ཐོག་གི་ཚན་རྩལ་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གལ་ཆེན་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་ཐོག་བཏོན་གནང་བའི་མངགས་བཅོལ་ཟབ་མོ་དེས་ང་ཚོ་ཚན་རྩལ་ཁྱབ་ཁོངས་མདུན་གྲལ་གྱིས་དུས་བསྟུན་མདུན་སྐྱོད་དང་། ཞུམ་མེད་ལེགས་བརྩོན་བྱས་ནས་རིམ་པ་དེ་བས་མཐོ་བ་དང་ཁྱབ་ཁོངས་དེ་བས་ཆེ་སར་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་ཀྱིས་ཆོས་སེམས་བརྟན་གཏོང་དང་། འགག་སྒྲོལ་དཀའ་སེལ་བྱས་ཚེ། ང་ཚོས་ལས་འགན་ལ་ངོ་མི་གནོང་བ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་ཚན་རྩལ་གྱི་སྟོབས་ཤུགས་དང་གསར་གཏོད་ཀྱི་ནུས་པ་ཆེ་རུ་བཏང་ནས་འཛམ་གླིང་ཐོག་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་འབད་འཐབ་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན། 
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)