ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཚན་རྩལ་གྱི་དངོས་ཤུགས་དང་གསར་གཏོད་ཀྱི་ནུས་པ་ཆེན་པོ་ལྡན་པ་བྱེད་དགོས།

སྤེལ་དུས 2018-06-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ།
            “སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་སྐྲུན་པའི་དམིགས་ཚད་རླབས་པོ་ཆེ་མངོན་འགྱུར་ཡོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་ང་ཚོར་ངེས་པར་དུ་ཚན་རྩལ་གྱི་དངོས་ཤུགས་དང་གསར་གཏོད་ཀྱི་ནུས་པ་ཆེན་པོ་ལྡན་དགོས”ཞེས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་སྐྲུན་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཚན་རྩལ་གསར་གཏོད་ལ་སྐུལ་མ་གཏོང་བར་ཞིབ་ཕྲའི་བླང་བྱ་བཏོན་ཏེ་འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུའི་ཐད་ང་ཚོར་ཁ་ཕྱོགས་གསལ་སྟོན་གནང་ཡོད། 
            ཚན་རྩལ་གསར་གཏོད་ལ་སྐུལ་མ་གཏོང་བར་འཛམ་གླིང་གི་ཚན་རྩལ་གྱི་འཐབ་ས་མདུན་མར་ཕྱོགས་ནས་ཚན་རྩལ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་དགོས། ཚན་རྩལ་གསར་གཏོད་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཕྱོགས་བསྡུས་ཀྱི་རྒྱལ་སྟོབས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པ་བཅས་ཀྱི་འཐབ་ཇུས་ཀྱི་འདེགས་སྐྱོར་ཞིག་རེད། ངེས་པར་དུ་འཐབ་ཇུས་ཀྱི་ཕྱོགས་སྟོན་དང་དམིགས་ཚད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གསར་གཏོད་ཀྱི་མ་ལག་ནུས་པ་ཆེ་རུ་གཏོང་བ། རྩེར་སོན་གྱི་སྣེ་ཁྲིད་ལ་འདེགས་སྐྱོར་བྱེད་པའི་འཕེལ་རྒྱས་སྔོན་ལ་གཏོང་བའི་ལེགས་ཆ་གང་མགྱོགས་གཏོད་པ། 
            གཞི་རྩ་དང་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ཚན་རིག་གི་གནད་དོན་ཞིབ་འཇུག་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འགག་རྩའི་ཁྱབ་ཁོངས་དང་གནད་འགག་ཆེ་སར་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་རང་རྒྱལ་གྱི་ཚན་རྩལ་གྱི་ཆུ་ཚད་ཧྲིལ་པོ་རྗེས་སུ་འབྲངས་བ་ནས་མཉམ་དུ་སྐྱོད་པ་དང་རུ་སྣེ་ཁྲིད་པའི་བར་གྱི་འཐབ་ཇུས་རང་བཞིན་གྱི་འགྱུར་ལྡོག་ཡོང་གང་ཐུབ་བྱས་ནས་ཚན་རྩལ་ཁྱབ་ཁོངས་གལ་ཆེན་ནང་སྣེ་འཁྲིད་མཁན་དུ་འགྱུར་བ་དང་གསར་དར་གྱི་རྩེར་སོན་སྣོལ་མའི་ཁྱབ་ཁོངས་སུ་གསར་གཏོད་མཁན་ལ་འགྱུར་བ་བྱས་ཏེ་མཚོན་བྱེད་རང་བཞིན་གྱི་ཚན་རྩལ་གྲུབ་འབྲས་ཐོབ་པ་དང་འགྲན་རྩོད་ཀྱི་ལེགས་ཆ་དེ་བས་མང་བ་གཏོད་དགོས་པ་དང་། ངེས་པར་དུ་རྨང་གཞིའི་ཞིབ་འཇུག་ཡིན་པའི་ཚན་རིག་གི་མ་ལག་ཧྲིལ་པོའི་འབྱུང་རྩར་དམ་འཛིན་བྱས་ནས་འཛམ་གླིང་གི་ཚན་རྩལ་རྩེར་སོན་ལ་ཕྱོགས་ནས་འཕེལ་ཕྱོགས་ཆེན་པོ་དམ་འཛིན་དང་། “རང་འགུལ་བྱ་སྤྱོད་སྔོན་དུ”སྤེལ་བ། རྨང་གཞི་ཡག་པོ་འདིང་བ། ཕུགས་ཕན་གསོག་འཇོག་བྱེད་པ་བཅས་ཀྱི་ཐོག་ནས་སྔ་བལྟས་ཕྱི་བསམ་གྱི་རྨང་གཞིའི་ཞིབ་འཇུག་དང་སྣེ་ཁྲིད་རྣམ་པའི་གསར་གཏོད་གྲུབ་འབྲས་ལ་ཚད་བརྒལ་ཆེན་པོ་ཡོང་བ་བྱས་ནས་འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་པའི་གཞི་རྩ་བརྟན་དུ་གཏོང་དགོས། མདོར་ན། འགག་རྩའི་ཐུན་མོང་གི་ལག་རྩལ་དང་། རྩེར་སོན་གྱི་སྣེ་ཁྲིད་ལག་རྩལ། དེང་རབས་བཟོ་སྐྲུན་གྱི་ལག་རྩལ། རྩ་སློག་རང་བཞིན་གྱི་ལག་རྩལ་བཅས་གསར་གཏོད་བྱ་རྒྱུ་ཚད་བརྒལ་བྱ་གཞིར་བྱས་ནས་འགག་རྩའི་ལྟེ་བའི་ལག་རྩལ་ལ་རང་བརྟེན་ཚོད་འཛིན་གང་ཐུབ་ཡོང་བ་བྱས་ཚེ། གཞི་ནས་གསར་གཏོད་ཀྱི་རང་འགུལ་དབང་ཆ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ། 
            ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བར་དཔལ་འབྱོར་གྱི་གཡུལ་ས་གཙོ་བོ་དང་རྒྱལ་ཁབ་ཀྱི་དགོས་མཁོ་གཙོ་བོར་ཕྱོགས་དགོས། ཚན་རྩལ་གསར་གཏོད་ལ་དམ་འཛིན་བྱས་ཚེ་རང་རྒྱལ་གྱི་འཕེལ་རྒྱས་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་འགག་རྩར་དམ་འཛིན་བྱེད་ཐུབ། སྤུས་ཚད་མཐོ་བའི་ཚན་རྩལ་གྱི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ལ་འདེགས་སྐྱོར་ཤུགས་ཆེན་བྱེད་པ་དང་། ཆ་འཕྲིན་ཅན་དང་རིག་ནུས་ཅན་ཚད་ཤིང་དུ་བྱེད་པའི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཚོགས་པ་ཁག་གཅིག་སྔོན་དུ་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་ལས་མ་ལག་གི་ཀ་རྟེན་གསར་པ་གཏོད་པ། གྲངས་གཞིའི་དཔལ་འབྱོར་རྒྱ་སྟོབས་ཆེན་པོ་ཡོང་བ་བྱེད་པ། རིག་ནུས་བཟོ་སྐྲུན་གཙོ་རྒོལ་ཁ་ཕྱོགས་སུ་བྱས་ཏེ་ཐོན་ལས་ལག་རྩལ་འཕོ་འགྱུར་དང་བཟང་སྒྲིག་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་དཔེ་དབྱིབས་དང་ཁེ་ལས་ཀྱི་རྣམ་པ་རྩ་བ་ནས་འགྱུར་ལྡོག་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་རྒྱལ་གྱི་ཐོན་ལས་གོ་ལ་ཧྲིལ་པོའི་རིན་ཐང་འཁོར་འབྲེལ་ཁྲོད་རྩེ་གྲར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་སྐོང་རྒྱུ་དེ་ཚན་རྩལ་གསར་གཏོད་ཀྱི་དོན་ལ་འབབ་སར་བརྩི་བ་དང་། དམངས་ཕན་དང་། དམངས་བདེ། དམངས་ཕྱུག དམས་འཚོ་ལེགས་སུ་གཏོང་རྒྱུ་བཅས་ཚན་རྩལ་གསར་གཏོད་ཀྱི་ཁ་ཕྱོགས་གལ་ཆེན་དུ་བརྩི་དགོས་པ། མིའི་རིགས་ཀྱི་ཡར་རྒྱས་ལ་སྐུལ་མ་གཏོང་བའི་སྒུལ་བྱེད་འཕྲུལ་འཁོར་དང་དེ་བཞིན་ཐོན་ལས་གསར་བརྗེ་དང་། དཔལ་འབྱོར་གོང་འཕེལ། སྤྱི་ཚོགས་ཡར་རྒྱས་བཅས་ཡོང་བ་བྱེད་པའི་ཚད་ཤིང་ནུས་ལྡན་ཡིན་པའི་བཟོ་སྐྲུན་ཚན་རྩལ་གང་ལེགས་སྤྱད་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་གཞིགས་པ་དང་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་བཟོ་སྐྲུན་གྱི་ཚན་རྩལ་གནད་དོན་གལ་ཆེན་ལ་དམིགས་ཏེ་སྔོན་མཐོང་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ཁྱབ་ཁོངས་སུ་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས། 
            གསར་གཏོད་ནི་མི་རིགས་ཡར་རྒྱས་ཡོང་བའི་བླ་སྲོག་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཆེས་ཟབ་པའི་སྐྱེ་སྟོབས་ཤིག་ཀྱང་ཡིན་པས། ཚན་རིག་ལག་རྩལ་གོང་འཕེལ་ཤུགས་ཆེན་བཏང་ནས་འཛམ་གླིང་གི་ཚན་རིག་ལྟེ་གནས་གལ་ཆེན་དང་གསར་གཏོད་ཀྱི་མཐོ་སར་ཧུར་ཐག་འགྱུར་བ་བྱེད་པ་དང་ཚན་རྩལ་གྱི་དངོས་ཤུགས་དང་གསར་གཏོད་ཀྱི་ནུས་པ་ཆེན་པོར་བརྩོན་གཉེར་བྱས་ཚེ། འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་སྐྲུན་པའི་རླབས་ཆེན་གྱི་དམིགས་ཚད་མངོན་འགྱུར་ཡོང་ངེས་རེད།