ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཕུལ་བྱུང་གི་ཚན་རྩལ་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱེད་དགོས།

སྤེལ་དུས 2018-06-04 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
​སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་ལྔ་པ།
           “ཤེས་ལྡན་མི་སྣས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་གནས་བབ་བརྟན་པོར་བཙུགས་ནས། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གཅིག་སྡུད་བྱས་ཏེ་གསར་གཏོད་འཕེལ་རྒྱས་ཀྱི་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས”ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་ལ་དམིགས་ཏེ་ཕུལ་བྱུང་ཚན་རྩལ་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱེད་དགོས་པའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དེར་རྒྱ་ཆེའི་ཚན་རྩལ་ལས་དོན་པའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་མ་ཟད། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཐོན་ངེས་རེད།
           མི་ནི་ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་རྒྱུ་རྐྱེན་ཞིག་ཡིན་ལ། གསར་གཏོད་བྱ་གཞག་གིས་གསར་གཏོད་ཀྱི་ཤེས་ལྡན་མི་སྣར་རེ་འབོད་བྱེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གསར་གཏོད་མཉམ་འགུལ་གྱི་ངོ་བོ་ནི་ཤེས་ལྡན་མི་སྣའི་མཉམ་འགུལ་ཡིན་པ་དེ་མཐའ་འཁྱོངས་བྱས་ནས་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་། ཤེས་ལྡན་མི་སྣའི་གསར་སྐྲུན་གསོན་ཤུགས་འཕེལ་བ་བྱས་ཏེ་གོ་ལ་ཧྲིལ་པོའི་མིག་རྒྱང་ལྡན་པ་དང་རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་འཐབ་ཇུས་ཀྱི་ཚན་རྩལ་ཤེས་ལྡན་མི་སྣ་དང་། ཚན་རྩལ་སྣེ་ཁྲིད་དམག་གི་ཤེས་ལྡན་མི་སྣ། གཞོན་ནུའི་ཚན་རྩལ་ཤེས་ལྡན་མི་སྣ། ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ་བཅས་འབོར་ཆེན་གསོ་སྐྱོང་བྱས་ཡོད། “འཇིག་རྟེན་མིག”གིས་བར་སྣང་དུ་འཚོལ་ཞིབ་བྱེད་པ་ནས“ཀླུ་མོ་རྟགས་ཅན”གྱིས་མཚོ་གཏིང་དུ་འཚོལ་ཞིབ་བྱེད་པའི་བར་དང་། རྡོ་གཡམ་རླངས་པ་རྩད་ཞིབ་བྱེད་པ་ནས་ཚད་རྡུལ་རྩིས་འཁོར་ཞིབ་སྤེལ་བྱེད་པའི་བར་བཅས་ཚན་རྩལ་ཀྱི་གྲུབ་འབྲས་གལ་ཆེན་དེ་དག་ནི་ཚན་རྩལ་ལས་དོན་པ་ཚོས་ཟས་ཆག་གཉིད་བརྗེད་ཀྱིས་འབད་བརྩོན་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་པ་ལས་བྱུང་བ་ཞིག་རེད། ལག་ལེན་གྱི་ཐོག་ནས་རྒྱ་ཆེའི་ཚན་རྩལ་ལས་དོན་པས་རྒྱུན་ཆད་མེད་པར་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས་ཡོད་ལ། ཁོང་ཚོ་ནི་འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་མཁན་གྱི་རྩ་ཆེའི་མཆོག་ནོར་ཡིན་པ་ར་སྤྲོད་བྱུང་ཡོད།
           ཕུལ་བྱུང་གི་ཚན་རྩལ་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱེད་དགོས་ན། ཤེས་ལྡན་མི་སྣའི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱེད་པའི་ལྕག་འདེབས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཤེས་ལྡན་མི་སྣ་ཡག་པོ་སྤྱོད་ཐུབ་པ་བྱེད་དགོས། ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི་ལམ་ལུགས་ལུགས་མཐུན་མེད་པ་དང་། ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་ལམ་ལུགས་ཚན་རྩལ་གསར་གཏོད་ཀྱི་བླང་བྱ་དང་མི་འཚམ་པ། ཚན་རྩལ་གསར་གཏོད་ཀྱི་ཆོས་ཉིད་དང་མི་འཚམ་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ན། འགག་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་། ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི་ལམ་སྲོལ་གསར་གཏོད་བྱས་ནས་གསར་གཏོད་ཀྱི་ནུས་པ་དང་། སྤུས་ཚད། ལེགས་སྐྱེས་བཅས་སྟོན་ཕྱོགས་སུ་བྱེད་པའི་ཚན་རྩལ་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཚན་རྩལ་ཤེས་ལྡན་མི་སྣས་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་དང་གསར་གཏོད་ལ་ཕན་པའི་གདེང་འཇོག་ལམ་ལུགས་ཆགས་པར་བྱེད་པ་དང་འབྲེལ་ལག་བསྟར་བྱེད་དགོས། མི་སྒེར་ལ་གདེང་འཇོག་དང་ཚོགས་པར་གདེང་འཇོག་བྱ་རྒྱུར་གཙིགས་ཆེན་བྱས་ཏེ་ཚོགས་པའི་ནང་ཞུགས་མཁན་ཚང་མས་ཕུལ་བའི་ལེགས་སྐྱེས་ལ་བརྩི་འཇོག་དང་ཁས་ལེན་བྱེད་དགོས། ཚན་རྩལ་བྱ་དགའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཕུལ་བྱུང་ཚན་རྩལ་གསར་གཏོད་ཤེས་ལྡན་པར་ལུགས་མཐུན་གྱི་ཐོབ་ཆ་རགས་ཐུབ་པ་དང་རིགས་ཁག་གི་ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས།
           ཕུལ་བྱུང་ཚན་རྩལ་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱེད་དགོས་ན། རང་རྒྱལ་གྱི་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས། ཤེས་ལྡན་མི་སྣའི་འཚར་ལོངས་ལ་ཕན་པའི་གསོ་སྐྱོང་ལམ་སྲོལ་དང་། ཤེས་ལྡན་མི་སྣ་བཀོལ་སྤྱོད་ལ་ཕན་པའི་ལམ་སྲོལ། འགྲན་རྩོད་ནང་འཚར་ལོངས་ཐུབ་པ་དང་རང་ཉིད་ཀྱི་འཇོན་ཐང་ངོམས་རྒྱུར་ཕན་པའི་ལྕག་སྐུལ་ལམ་སྲོལ། རིགས་ཁག་གི་ཤེས་ལྡན་མི་སྣ་འབུར་དུ་ཐོན་པའི་འགྲན་རྩོད་ལམ་སྲོལ་བཅས་མགྱོགས་མྱུར་ཆགས་པར་བྱེད་དགོས། ཤེས་ལྡན་མི་སྣའི་དཔུང་ཁག་གི་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་བསལ་ཏེ་ཆ་ལག་ཚང་བའི་ཤེས་ལྡན་མི་སྣའི་སྐས་རིམ་གྲུབ་ཆ་བསྐྲུན་དགོས། གསར་གཏོད་ལས་གཏོད་ལ་ཕན་པའི་སྲིད་ཇུས་ཁོར་ཡུག་བསྐྲུན་ནས་ཤེས་ལྡན་པ་ནང་འདྲེན་དང་སྤྱོད་པའི་ལམ་སྲོལ་བཏོད་ཚེ། གཞི་ནས་ཤེས་ལྡན་མི་སྣའི་འཇོན་ཐང་ངོམས་ཐུབ་པ་མ་ཟད། གསར་གཏོད་འཕེལ་རྒྱས་ཀྱི་ཤེས་ལྡན་མི་སྣའི་རྨང་གཞི་དེ་བས་བརྟན་དུ་གཏོང་ཐུབ།
           ཚན་རྩལ་གྱི་ལོ་རྒྱུས་ཡོད་དོ་ཅོག་ལས། སུ་ཞིག་ལ་གསར་གཏོད་ཀྱི་ཤེས་ལྡན་པ་དང་ཚན་རིག་མཁས་ཅན་རྩེ་གྲ་དབང་ཚེ། དེ་ཉིད་ཀྱིས་ཚན་རྩལ་གསར་གཏོད་ནང་ལེགས་ཆ་དམ་པོར་བཟུང་ཐུབ་པ་ར་སྤྲོད་བྱུང་ཡོད། ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་བཅས་ཀྱིས་ཐུན་མོང་འབད་བརྩོན་བྱས་ནས་གནམ་འོག་གི་ཤེས་ལྡན་མི་སྣ་ཀུན་འདུས་དང་འགྲན་རྩོད་ཀྱི་གནམ་ས་ཡངས་པའི་གསར་གཏོད་ཀྱི་རྣམ་པ་ཞིག་བཏོད་ཚེ། ང་ཚོར་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐོབ་ངེས་རེད།