ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་རྒྱུར་ཤུགས་སྣོན་རྒྱག་དགོས།

སྤེལ་དུས 2018-06-04 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་བཞི་པ།
               གསར་གཏོད་ཀྱིས་འབྱུང་འགྱུར་ཐག་གཅོད་བྱེད་པ་དང་སྒྱུར་བཅོས་དེ་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་ཡོད།
               “ཕྱོགས་ཡོངས་ནས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གསར་གཏོད་མ་ལག་གི་ནུས་པ་ཆེ་རུ་གཏོང་བ་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་རྒྱུར་ཤུགས་སྣོན་རྒྱག་དགོས”ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་དོན་སྔར་བས་བཀོད་སྒྲིག་གནང་བ་མ་ཟད། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་ལམ་ལུགས་འཛུགས་སྐྱོང་ཐད་ལའང་བླང་བྱ་ཁ་གསལ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱས་ནས་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པའི་ཚན་རྩལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་བཅིངས་འགྲོལ་དང་འཕེལ་བ་བྱས་ཏེ་རང་རྒྱལ་གྱི་ཚན་རྩལ་སྟོབས་ཤུགས་དང་གསར་གཏོད་ཀྱི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས།
               གལ་ཏེ་ཚན་རྩལ་གསར་གཏོད་ནི་རང་རྒྱལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཡིན་ན། སྒྱུར་བཅོས་ནི་སྒུལ་ཤུགས་གསར་པ་དེར་སྐུལ་འདེད་གཏོང་ཆེད་མེད་དུ་མི་རུང་བའི་བྱེད་ཐབས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པར་བརྟེན། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ནུས་པ་ཕྱོགས་ཡོངས་འདོན་སྤེལ་ཐུབ་པ་བྱུང་བ་དང་། གནས་མང་པོར་ཚད་བརྒལ་བྱུང་བ། རྒྱ་ཆེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་པ་མ་ཟད། བྱེད་པོའི་སྒྲོམ་གཞི་གཏན་འཁེལ་ཐོག་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་ངོ་བོའི་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། གསར་གཏོད་མཉམ་འགུལ་མ་ལག་གི་ནུས་པ་བསྡུ་སྒྲིལ་བྱེད་རྒྱུར་ཤུགས་སྣོན་ཐེབས་པ་དང་། 
               ཚན་རྩལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་འགྲོ་ལམ་ཤར་བགྲོད་ཐུབ་པ། སྒྱུར་བཅོས་གཏིང་ཟབ་ཏུ་ཕྱིན་པ། གསར་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཟམ་མི་ཆད་པར་འདོན་སྤེལ། གསར་གཏོད་ཀྱི་རྒྱུ་རྐྱེན་མགྱོགས་མྱུར་གཅིག་སྡུད་ཐུབ་པ་བཅས་བྱུང་སྟེ་རྒྱལ་ཁབ་གསར་གཏོད་མ་ལག་གི་ཁྱོན་ཡོངས་ཀྱི་ནུས་པ་མཐོ་རུ་ཕྱིན་ཡོད། ལོ་དེ་དག་ནང་ང་ཚོས་ཚན་རྩལ་བྱ་གཞག་ཐད་ལོ་རྒྱུས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། གནས་སྟངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཆེན་པོ་མངོན་འགྱུར་བྱུང་བ་དང་། དེ་བས་མཐོ་བའི་རིམ་པ་དང་དེ་བས་ཆེ་བའི་ཁྱབ་ཁོངས་ཁྲོད་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཐུབ་པ་བྱུང་བ་དེ། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་མ་ཐེབས་པའི་གསར་གཏོད་ཀྱི་གསོན་ཤུགས་ཆེན་པོ་ལས་བྱུང་བ་ཞིག་རེད།
               ཚན་རྩལ་ཁྱབ་ཁོངས་ནི་སྒྱུར་བཅོས་ཟམ་མི་ཆད་པར་བྱེད་དགོས་པའི་ཁྱབ་ཁོངས་ཞིག་རེད། མིག་སྔར། རང་རྒྱལ་གྱི་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ལ་ད་དུང་ཐག་གཅོད་བྱེད་དགོས་ངེས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་འཕྲད་ཡོད། དེའི་ཁྲོད་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ནུས་པ་ད་དུང་ཆེན་པོ་མེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་ཁ་ཐོར་དང་། བསྐྱར་ཟློས། ཕན་འབྲས་ཆུང་བ་བཅས་ཀྱི་གནད་དོན་ཡོད་པ་མ་ཟད། ད་དུང“རྣམ་གྲངས་མང་བ་དང་། ཞྭ་མོ་མང་བ། མཚོན་རྟགས་མང་བ”བཅས་ཀྱི་སྣང་ཚུལ་ཡོད་ལ། ཚན་རྩལ་མ་འཇོག་གི་ཕན་ནུས་ཆེན་པོ་མེད་པ་དང་། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་དང་། ཐོན་ལས་ཅན་མངོན་འགྱུར། ཁྲོམ་རའི་རིན་ཐང་གསར་གཏོད་བཅས་ཀྱི་ནུས་པ་མི་འདང་བའི་གནད་དོན་ལྷག་ཡོད། འབྲེལ་ཡོད་ཁྱབ་ཁོངས་སྒྱུར་བཅོས་ཀྱི་འཕེལ་རིམ་སྤྱི་ཡོངས་འཕེལ་རིམ་གྱི་རྗེས་སུ་ལུས་པའི་གནད་དོན་དེ། གཙོ་བོ་ཚན་ཞིབ་ཁང་དང་སུའོ་ཡི་སྒྱུར་བཅོས་དང་། ཚན་རྩལ་དང་དངུལ་རྩ་ཟུང་འབྲེལ་ལམ་སྲོལ་གྱིས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གསར་གཏོད་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་སོགས་ཁྱབ་ཁོངས་ནས་མངོན་པ་དང་ཆབས་ཅིག ཚན་ཞིབ་མི་སྣས་གསར་རྩོམ་རྣམ་པའི་ཚན་རྩལ་གསར་གཏོད་ལས་དོན་སྤེལ་བའི་ཧུར་བརྩོན་རང་བཞིན་ད་དུང་སྐུལ་སྤེལ་ཐུབ་མེད། གནད་དོན་དེ་དག་ཐག་གཅོད་བྱེད་པར་ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་ཐད་དཀའ་ངལ་ལ་གཏུགས་ཕོད་པ་དང་། ཉེན་ཁར་མི་སྐྲག་པ། དཀའ་གནད་སེལ་བ་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་ལ་ཚོད་འཛིན་བཟོ་བའི་བསམ་བློའི་བཀག་རྒྱ་དང་ལམ་ལུགས་ཀྱི་འཆིང་རྒྱ་མཐའ་དག་སེལ་དགོས། 
               ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་ཁྱོན་ཡོངས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ལག་རྩལ་གསར་གཏོད་མ་ལག་གི་རྩེ་རིམ་ཇུས་འགོད་བཟང་སྒྲིག་དང་དེར་ཤུགས་སྣོན་བརྒྱབ་ནས་ཁེ་ལས་དང་། མཐོ་སློབ། ཚན་ཞིབ་ཁང་དང་སུའོ་སོགས་གསར་གཏོད་བྱེད་པོ་ཁག་གི་གསར་གཏོད་སྤྲོ་སེམས་དང་གསོན་ཤུགས་འཕེལ་བ་བྱས་ཏེ་ལྟེ་བའི་ལག་རྩལ་གྱི་ནུས་པ་མངོན་གསལ་དོད་པ་དང་གསར་གཏོད་ནུས་པ་ཆེ་བའི་གསར་གཏོད་རྣམ་པའི་སྣེ་འདྲེན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་དགོས། ཚད་གཞི་མཐོ་བའི་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་སྐྲུན་ནས་ཚན་རིག་དང་མཐུན་པའི་འཆར་གཞི་ཆེ་མོ་དང་། ཚན་རིག་དང་མཐུན་པའི་ལས་གྲྭ་ཆེ་མོ། ཚན་རིག་དང་མཐུན་པའི་ལྟེ་གནས་ཆེ་མོ། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་རྟེན་གཞི་བཅས་སྤྱི་འདོམས་བཀོད་སྒྲིག་དང་བཟང་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་གནད་དོན་ཕྱོགས་སྟོན་དུ་བྱེད་པ་དང་དགོས་མཁོ་ཁྲིད་སྟོན་དུ་བྱས་ནས་ལག་ལེན་གྱི་གཞི་རྟེན་དང་། ལམ་ལུགས་བཀོད་སྒྲིག སྲིད་ཇུས་འགན་ལེན། ཁོར་ཡུག་གཏོད་པ་བཅས་ཀྱི་ཐད་གཞོལ་བ་དང་བྱེད་པོ་གསར་གཏོད་དང་། རྨང་གཞི་གསར་གཏོད། ཐོན་ཁུངས་གསར་གཏོད། ཁོར་ཡུག་གསར་གཏོད་སོགས་ཀྱི་ཐད་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་ཚེ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་ངེས་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་མངོན་ཐུབ་ངེས་རེད། 
               ཕྱོགས་ཡོངས་ནས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་གསར་གཏོད་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མཐའ་དག་མེད་པ་བཟོས་ནས་གསར་གཏོད་ལས་དོན་འགོག་མེད་ཤར་བགྲོད་ཐུབ་ཚེ། ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་ཐུབ་ནས་ང་ཚོས་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་གོ་ལ་ཧྲིལ་པོའི་ཚན་རྩལ་འགྲན་རྩོད་ནང་གོ་སྐབས་བཟུང་ཐུབ།