ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཚན་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས།

སྤེལ་དུས 2018-06-05 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་དྲུག་པ།
            ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཤིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཤིག་ཀྱང་ཡིན།
            “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་ཚན་རྩལ་གསར་གཏོད་བྱ་གཞག་རྒྱུན་ཆད་མེད་པར་གོང་འཕེལ་གཏོང་བའི་གཞི་རྩའི་ཆབ་སྲིད་ཀྱི་འགན་ལེན་ཞིག་ཡིན”ཞེས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལས་ཏང་གིས་ཚན་རྩལ་བྱ་གཞག་ལ་འགོ་འཁྲིད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ནས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བརྟེན་གསར་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བཏོན་གནང་ཡོད།
            ཏང་གིས་ཚན་རྩལ་བྱ་གཞག་ལ་འགོ་འཁྲིད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་ཚེ་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་གཞི་ནས་ཆབ་སྲིད་ཀྱི་འགན་ལེན་བྱེད་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ལོ་རྒྱུས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་བའི་འགག་རྩ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་ལ་བརྟེན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་བརྟེན་པ་དེ་ཡིན། འབྱུང་འགྱུར་ལ་ཕྱོགས་ནས་ཚན་རྩལ་གྱི་སྟོབས་ཤུགས་དང་གསར་གཏོད་ཀྱི་ནུས་པ་ཆེན་པོ་ཞིག་གཏོད་པར་ངེས་པར་དུ་ཏང་གིས་ཚན་རྩལ་བྱ་གཞག་ལ་འགོ་འཁྲིད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཏང་གིས་ཚན་རྩལ་ལས་དོན་ལ་འགོ་འཁྲིད་རྒྱུའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་འགོ་ཁྲིད་ཀྱི་ཆབ་སྲིད་ལེགས་ཆ་འདོན་སྤེལ་བྱེད་པ། གསར་འགོད་འཕེལ་རྒྱས་ཀྱི་ཆོས་ཉིད་དང་། ཚན་རྩལ་དོ་དམ་གྱི་ཆོས་ཉིད། ཤེས་ལྡན་པ་འཚར་ལོངས་ཀྱི་ཆོས་ཉིད་བཅས་ཤེས་རྟོགས་གཏིང་ཟབ་བྱེད་པ། གལ་ཆེན་དང་། རྩེར་སོན། རྨང་གཞི་བཅས་ལ་དམ་འཛིན་བྱེད་པ་བཅས་བྱས་ནས་ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀུན་སེམས་གཅིག་སྒྲིལ་གྱིས་འཛམ་གླིང་ཐོག་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་དགོས།
            ཏང་གིས་ཚན་རྩལ་བྱ་གཞག་ལ་འགོ་འཁྲིད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཚན་རྩལ་བྱ་གཞག་འཕེལ་རྒྱས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་ལ་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ངང་ལན་བསྐྱོན་ཡོད། འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་རླབས་ཆེན་གྱི་དམིགས་ཚད་མངོན་འགྱུར་བྱེད་པར་ང་ཚོས་ཚན་རྩལ་གསར་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཚན་རྩལ་བྱ་གཞག་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་འཐབ་ཇུས་ལ་འདེགས་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་ཚན་རྩལ་འགྲན་རྩོད་ཀྱི་གོ་སྐབས་སྔོན་ལ་བཟུང་རྒྱུ་ཁོང་དུ་ཆུད་པ། མདུན་གྲལ་ཁྱབ་ཁོངས་སུ་དུས་བསྟུན་མདུན་སྐྱོད་དང་ཞུམ་མེད་སྔོན་སྐྱོད་བྱེད་པ་བཅས་བྱས་ཏེ་རིམ་པ་དེ་བས་མཐོ་བ་དང་ཁྱབ་ཁོངས་དེ་བས་ཆེ་ཁུལ་དུ་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས།
            ཏང་གིས་ཚན་རྩལ་བྱ་གཞག་ལ་འགོ་འཁྲིད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པར་རྒྱ་ཆེའི་ཚན་རྩལ་ལས་དོན་པར་ཁོར་ཡུག་དང་ཆ་རྐྱེན་ཡག་པོ་གཏོད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། སྡེ་ཚན་ཁག་དང་ཚན་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཏང་ཀྲུང་དབྱང་གི་ཚན་རྩལ་བྱ་གཞག་གི་བཀོད་སྒྲིག་དེ་ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་གཟབ་གཏོང་དང་། གསར་གཏོད་མ་ལག་གི་ནུས་པ་ཆེར་གཏོང་། གསར་གཏོད་ཀྱི་གསོན་ཤུགས་ནུས་ལྡན་འཕེལ་བ་སོགས་ཀྱི་ལས་དོན་ཁག་ནང་དོན་འཁྱོལ་ཐུབ་པ་བྱེད་དགོས། ཤེས་ལྡན་པས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་གནས་བབ་གཏན་འཁེལ་ཏན་ཏིག་བྱས་ནས་ཤེས་ལྡན་པ་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཤེས་ལྡན་པའི་གསར་གཏོད་ཀྱི་གསོན་ཤུགས་འདོན་སྤེལ་བྱེད་དགོས། ལྷག་པར་དུ་གཞོན་ནུ་ཤེས་ལྡན་པའི་འཇོན་ཐང་ངོམ་རྒྱུར་གོ་སྐབས་དེ་བས་མང་བ་དང་གར་སྟེགས་དེ་བས་མང་བ་མཁོ་འདོན་བྱས་ཏེ་ཤེས་ལྡན་པ་ངོ་ཆོད་པའི་བློ་མིག་དང་། ཤེས་ལྡན་པར་གཅེས་པའི་ལྷག་བསམ། ཤེས་ལྡན་པ་སྤྱོད་ཕོད་པའི་བློ་སྟོབས། ཤེས་ལྡན་པ་དང་ལེན་བྱེད་པའི་བློ་གཤོག ཤེས་ལྡན་པ་འགུག་ཐུབ་པའི་ཐབས་བཟང་བཅས་ལ་བརྟེན་ནས་ཕུལ་བྱུང་གི་གཞོན་ནུ་ཤེས་ཡོན་ཅན་བློ་རྒྱ་ཆེན་པོས་སྤྱོད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་དང་ལག་ལེན་ལ་ཤུགས་སྣོན་རྒྱག་པ་དང་ཚན་རིག་གི་བྱང་ཚད་མཐོ་རུ་བཏང་སྟེ་འགོ་ཁྲིད་ཡག་པོ་ཞིག་བྱེད་པ་དང་འབྲེལ་རིགས་གཅིག་མཁས་ཅན་དུའང་འགྱུར་བ་བྱས་ནས་འགོ་ཁྲིད་ལ་ཤུགས་སྣོན་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་དགོས། ཚན་ཞིབ་ཀྱི་ཆོས་ཉིད་ལ་བརྩི་འཇོག་དང་། ཚན་ཞིབ་དོ་དམ་གྱི་ཆོས་ཉིད་ལ་བརྩི་འཇོག ཚན་ཞིབ་མི་སྣའི་བསམ་འཆར་ལ་བརྩི་འཇོག་བཅས་བྱས་ནས་ཚན་རྩལ་ལས་དོན་པར་ཁོར་ཡུག་བཟང་པོ་ཞིག་གཏོད་དེ་ཚན་རྩལ་གསར་གཏོད་ལ་ཞབས་འདེགས་ཡག་པོ་ཞུ་དགོས།
            ཀྲུང་གོའི་ལས་དོན་ཡག་པོ་སྒྲུབ་པར་འགག་རྩ་ནི་ཏང་ལ་ཐུག་ཡོད། དེས་ན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཏང་གིས་ཚན་རྩལ་བྱ་གཞག་ལ་འགོ་འཁྲིད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བརྟེན་གསར་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཡིད་ཆེས་བརྟན་དུ་གཏོང་བ་དང་འགག་སྒྲོལ་དཀའ་སེལ་བྱས་ཚེ་འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་རླབས་ཆེན་གྱི་དམིགས་ཚད་མངོན་འགྱུར་མགྱོགས་མྱུར་ཐུབ་ངེས་ཡིན།