གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

གྲོང་ཚོར་བཅའ་སྡོད་བྱེད་པར“ཞིབ་ཕྲའི་ལས་ཀར”དམ་འཛིན་བྱེད་མཁས་པོ་བྱེད་དགོས།

སྤེལ་དུས 2018-06-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཝང་ཧྲན་གྱིས།
          གྲོང་ཚོར་བཅའ་སྡོད་བྱས་ནས་རོགས་སྐྱོར་གྱི་ལས་དོན་སྤེལ་བ་ནི་མང་ཚོགས་དང་འབྲེལ་བ་ཟབ་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། གནད་དོན་ཐག་གཅོད་ཡག་པོ་ཐུབ་ཚེ། གཞི་རིམ་གྱི་འཛུགས་སྐྲུན་བྱ་བར་ཕན་པ་ཐོན་པ་མ་ཟད། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཀྱང་ཆེ་རུ་སོང་ནས་གཤམ་སྐྱོད་དང་གྲོང་སྡོད་བྱེད་སྒོར་དོན་སྙིང་ལྡན་ངེས། དེས་ན། “ཞིབ་ཕྲའི་ལས་ཀར”དམ་འཛིན་ཡག་པོ་བྱ་རྒྱུ་ནི་དེའི་ཁྲོད་ཀྱི་འགག་རྩ་ཞིག་རེད།
          “ཞིབ་ཕྲའི་ལས་ཀ”ཞེས་པ་ནི་གཞི་རིམ་གྱི་དངོས་ཡོད་གནས་ཚུལ་མཚོན་པའི་གནད་དོན་དང་མི་སེར་གྱི་བདེ་རྩར་ཐུག་པའི་གནས་ཚུལ་ལ་ཟེར་བ་ཡིན།
          དེ་ཡང“ཞིབ་ཕྲའི་ལས་ཀར”དམ་འཛིན་བྱེད་པར་ངེས་པར་དུ་གཞི་རིམ་ལ་སྐྱོད་དགོས་པ་དང་། དེའང་ཐོག་མར“སེམས་གཏིང་ནས་ཞུགས་པ”ནས་འགོ་བརྩམས་དགོས་ཏེ། ཟོལ་མེད་ཀྱི་བརྩེ་སེམས་དང་ལྷག་བསམ་བཅངས་ནས་གཞི་རིམ་དུ་སྐྱོད་པ་དང་མང་ཚོགས་དང་འབྲེལ་བ་བྱེད་དགོས། གཞི་རིམ་ལ་བརྩེ་བ་འཆང་བ་དང་མང་ཚོགས་གཉེན་ཉེར་བརྩིས་ཚེ། གཞི་ནས་མི་སེར་དང་གཅིག་སེམས་གཅིག་མཐུན་བྱུང་ནས་ཁོང་ཚོའི་སེམས་གཏིང་གི་སྐད་ཆ་ཐོས་ཐུབ་ལ། ཞིབ་ཕྲའི་གནད་དོན་འཕྱུགས་མེད་ངང་འཚོལ་ཐུབ་པ་དང་ཐག་གཅོད་བྱེད་པའི་ཐབས་ཤེས་ཀྱང་རྙེད་ཐུབ། “རང་ཉིད་དངོས་སུ་ཞུགས་རྒྱུའང”ཤིན་ཏུ་གལ་ཆེ་སྟེ། ཡུལ་དངོས་སུ་བསྐྱོད་དེ་ཕྱི་ཚུལ་རིང་ལུགས་དང་སྐབས་འཕྲལ་གྱི་ལས་རྗེས་ཐོན་རྒྱུར་མི་ལྟ་བ་དང“གཤམ་སྐྱོད”དང“གྲོང་སྡོད”གྱི་དཀའ་ངལ་ཁྱད་གསོད་ཀྱིས་གཞི་རིམ་ལ་སྐབས་ཤིག་རིང་དངོས་གནས་བསྡད་དེ་ཉེ་འཁོར་ལ་མང་ཙམ་ལྟ་བ་དང་མང་ཙམ་བསྐྱོད་ནས་མང་ཚོགས་དང་མཉམ་དུ་གླེང་མོལ་དང་འགལ་ཟླའི་གནད་དོན་ལ་བསམ་བློ་མང་ཙམ་བཏང་ཚེ། “ཞིབ་ཕྲའི་ལས་ཀ”དག་རང་བཞིན་གྱིས་རྟོགས་ནས་གསལ་པོར་མཐོང་བ་དང་ཐག་གཅོད་ཡག་པོ་ཐུབ་ངེས་རེད།
          “ཞིབ་ཕྲའི་ལས་ཀར”དམ་འཛིན་བྱེད་པར་ཚན་རིག་དང་མཐུན་པའི་བསམ་བློ་བཏང་སྟེ། རྩོད་སྒྲུབ་ཀྱི་ཞིབ་འཇུག་དང་དངོས་སྒྲུབ་ཀྱི་ཐབས་ཤེས་ཁོང་དུ་ཆུད་པ་བྱེད་དགོས། “ཞིབ་ཕྲའི་ལས་ཀ”ནི་རྣམ་པ་མང་ཞིང་རྙོག་འཛིང་ཆེ་བ་ཞིག་ཡིན་པས། སྐབས་རེ་དོན་ལ་མི་གནས་པའི་ཚུལ་གྱིས་མངོན་གསལ་མེད་པ་ཡིན་ཡང་། ལས་ཀའི་མགོ་མཇུག་བར་གསུམ་ཚང་མར་གནས་ཤིང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། ང་ཚོས་བསམ་བློ་ཞིབ་ཅིང་ཕྲ་བ་བཏང་ནས་གནད་དོན་ལ་བསམ་གཞིག་ཆ་ཚང་པོ་ཞིག་བྱེད་པ་དང་གནས་ཚུལ་ལ་རྩོད་སྒྲུབ་ཀྱིས་དབྱེ་ཞིབ་བྱེད་དགོས། གནས་ཚུལ་གནད་ལ་འཕིགས་པ་ཤེས་པ་དང་། སྣང་ཚུལ་ཆ་ལག་ཚང་པོར་ཁོང་དུ་ཆུད་པ། ཕན་ཚུན་གྱི་འབྲེལ་བ་གསལ་པོར་རྟོགས་པ། ཁྱོན་ཡོངས་འཕེལ་རྒྱས་ལ་དམིགས་ནས་གསེད་བཀྲོལ་བཅས་ཐུབ་ཚེ། གཞི་ནས་ངོ་བོ་དང་སྣང་ཚུལ་གང་ཡིན་པ་དང་། གཙོ་ཕལ་གང་ཡིན་པ། འཕེལ་རྒྱས་དང་འབྲེལ་བའི་སྤྱི་ཡོངས་སམ་ཡང་ན་བྱེ་བྲག་གི་གནས་ཚུལ་གང་ཡིན་པ། འཕྲལ་མར་ཐག་གཅོད་བྱེད་དགོས་པའམ་ཡང་ན་གནས་སྐབས་འཇོག་རུང་བ་གང་ཡིན་པ་བཅས་གསལ་པོར་མཐོང་ནས་གཞི་རིམ་གྱི་མང་ཚོགས་དང་འབྲེལ་བ་ཟབ་པའི“ཞིབ་ཕྲའི་ལས་ཀ”དག་གནད་ལ་འཁེལ་བའི་སྒོ་ནས་རྟོགས་པའི་ཁར་ཐག་གཅོད་ནུས་ལྡན་ཡང་ཐུབ་རྒྱུ་རེད།