གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ནམ་ཡང་ཉམས་པ་མེད་པའི་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས།

སྤེལ་དུས 2018-06-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
—— སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་འཁོར་བའི་རིམ་སྤེལ་དཔྱད་གཏམ་བཞི་པ།                                
          “བོད་རིགས་དང་རྒྱ་རིགས་ཨ་མ་གཅིག་གི་བུ་མོ། ང་ཚོའི་ཨ་མའི་མིང་ལ་ཀྲུང་གོ་ཟེར”བོད་དུ་མི་རིགས་མཐུན་སྒྲིལ་སྐོར་གླེང་སྐབས《ཨ་མ་གཅིག་གི་བུ་མོ》ཞེས་པའི་གླུ་གཞས་དེ་མི་རྣམས་ཀྱི་དྲན་པའི་ངོས་སུ་གསལ་ལྷང་ངེར་འཆར་གྱི་ཡོད། བོད་རིགས་དང་རྒྱ་རིགས་ཨ་མ་གཅིག་གི་བུ་མོ། ཉི་མ་དང་ཟླ་བ་ཨ་མ་གཅིག་གི་བུ་མོ། མི་རིགས་ལྔ་བཅུ་ང་དྲུག་ཨ་མ་གཅིག་གི་བུ་མོ་ཡིན། མི་རིགས་མཐུན་སྒྲིལ་ནི་གངས་ལྗོངས་ས་མཐོའི་མི་རབས་ནས་མི་རབས་བར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བརྒྱུད་གཏོང་བྱེད་པའི་གླུ་གཞས་ཡིན། 
          ལོ་40ཡི་རིང་ས་མཐོའི་བུ་ཕྲུག་ཚོ་རྒྱལ་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་ཀྱི་རྗེས་སུ་སྙེགས་ཏེ་མཐུན་སྒྲིལ་གཅིག་གྱུར་དང་འབད་འཐབ་ལྷོད་མེད་བྱས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འོད་སྟོང་འབར་བའི་གྲུབ་འབྲས་མང་པོ་ཐོབ་ཡོད། མི་རིགས་ཁག་དབར་ཕན་ཚུན་སློབ་སྦྱོང་དང་དགེ་སྤེལ་སྐྱོན་སྤངས་བྱས་པས་ཆུ་དང་འོ་མ་འདྲེས་པ་དང་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ཟབ་མོ་ལྡན་པའི་མི་རིགས་དབར་གྱི་འབྲེལ་བ་གྲུབ་ཡོད། མི་རིགས་མཐུན་སྒྲིལ་གྱི་ཆབ་སྲིད་རྨང་གཞི་དང་། བསམ་བློའི་རྨང་གཞི། དངོས་པོའི་རྨང་གཞི་བཅས་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ་དང་། དྲང་སྙོམས་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་བཅས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲོད་ཁྱེད་ཀྱི་ཁྲོད་ང་ཡོད་པ་དང་། ངའི་ཁྲོད་ཁྱེད་ཡོད་པ། སུ་ཡང་སུ་དང་འབྲལ་ཐབས་མེད་པ་བཅས་ཀྱི་རྣམ་པ་ཡག་པོ་ཞིག་ཆགས་ཡོད། 
སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ།
          སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”ཞེས་པའི་འཐབ་ཇུས་དགོངས་པ་གལ་ཆེན་བཏོན་པ་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གནང་ནས་བོད་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པའི་ཐད་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རང་ལྗོངས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་འཐབ་རྩོད་གཏིང་ཟབ་བྱས་པ་དང་། སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་བྱ་རྒྱུ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བྱས་པ། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཐམས་ཅད་ལས་ལྷག་པའི་ཆབ་སྲིད་ལས་འགན་དུ་བྱས་ཐོག་ཐབས་མང་མཉམ་སྤྱོད་དང་ཕྱོགས་བསྡུས་ཐོག་ཇུས་འདོན་པ་དང་ལས་བྱེད་པའི་གྲོང་སྡོད་དང་དགོན་སྡོད་ལག་ལེན་ཧུར་ཐག་བསྟར་བ་དང་། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད། གྲོང་ཁྱེར་དང་གྲོལ་རྡལ་དྲ་མིག་ཅན་གྱི་དོ་དམ། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གསར་འཛུགས། ལངས་གཟུགས་ཅན་གྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་པ། ཏང་སྲིད་དམག་ཉེན་དམངས་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་འཛུགས་པ། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་སོགས་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁག་བཅུ་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་གི་ཐོག་ནས་མི་རིགས་མཐུན་སྒྲིལ་བརྟན་དུ་དང་འཕེལ་རྒྱས་བཏང་བ་རེད། 
          ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོ་ཚུན་ལྗོངས་ཡོངས་ཀྱི་བདེ་འཇགས་ཉེན་ཁའི་གྱོད་གཞི་དང་། ཉེས་དོན་གྱོད་གཞི། བདེ་སྲུང་གྱོད་གཞི་བཅས་ཐོན་ཚད་ཆེས་ཆེར་ཆག་པ་དང་ཚོར་སྣང་སྐྱེན་པའི་མཚམས་ཚིགས་དང་། དུས་སྟོན་གལ་ཆེན། དུས་མཚམས་གལ་ཆེན་བཅས་ཀྱི་སྐབས་སུ་དུས་བདེ་ཞི་མཐུན་དང་། དམངས་སྲོལ་དང་ཆོས་ལུགས་བྱེད་སྒོ་བདེ་འཇགས་དང་གོ་རིམ་ལྡན་པ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་དུས་མཚམས་གསར་པར་སླེབས་པ་བཅས་བོད་དུ་འཚོ་སྡོད་བྱེད་པའི་མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་འཇགས་ཚོར་སེམས་དང་ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་ཚོར་སེམས་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། 
མི་རིགས་ལས་དོན་བཅོས་སྐྱོང་དེ་ཁྲིམས་སྐྱོང་ཅན་གྱི་ཕྱོགས་སུ་བརྟན་པོའི་ངང་སྐུལ་འདེད་བཏང་བ།
          “ལོ་མང་རིང་། ང་ཚོས་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་ནན་ཏན་བསྟར་ཏེ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཐད་ཀྱི་མི་རིགས་ཁག་གི་ཁེ་དབང་དོན་འཁྱོལ་ཡག་པོ་བྱས་པ་དང་། སྲུང་སྐྱོང་ཡག་པོ་བྱས་པ། འཕེལ་རྒྱས་ཡག་པོ་བཏང་ནས་མི་རིགས་ཁག་གིས་ཁྲིམས་བཞིན་མི་རིགས་ལས་དོན་རང་རྟོགས་དོ་དམ་ཐུབ་པའི་འགན་ལེན་བྱས་ཡོད”ཅེས་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་གསར་འགོད་པར་བཤད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་290ལྷག་ཙམ་བཟོས་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པའི་ལག་བསྟར་བྱ་ཐབས་བཟོས་པས་བོད་ཀྱི་ཁྱད་ཆོས་ལྡན་པ་དང་འཐུས་སྒོ་ཅུང་ཚང་བའི་མི་རིགས་སྲིད་ཇུས་ཁྲིམས་སྲོལ་མ་ལག་གྲུབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་གཙོའི་ཁེ་དབང་འགན་ལེན་གང་ལེགས་ཐུབ་ཡོད། 
          བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔར་ལྗོངས་ཡོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་20ཡི་ཁྲོད་གྲངས་ཉུང་མི་རིགས་ཀྱི་འཐུས་མིས་70%བཟུང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་57%བཟུང་བ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་29ཡི་ཁྲོད་གྲངས་ཉུང་མི་རིགས་ཀྱི་ཨུ་ཡོན་གྱིས་89%བཟུང་བ་བཅས་རེད། རང་ལྗོངས་ཀྱི་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་དུ་མི་རིགས་རང་སྐྱོང་ཤང་9བཙུགས་པའི་ཁྲོད་མོན་པ་མི་རིགས་ཤང་5དང་། ལྷོ་པ་མི་རིགས་ཤང་3 འཇང་པ་མི་རིགས་ཤང་1བཅས་ཡོད་པ་དག་གིས་མི་རིགས་ཁག་གི་མི་དམངས་ཁྲིམས་བཞིན་རང་ཁྱིམ་རང་བདག་དང་། ཁྲིམས་བཞིན་སྲིད་ཞུགས་སྲིད་གླེང་། ཁྲིམས་བཞིན་མི་རིགས་ལས་དོན་རང་རྟོགས་དོ་དམ་ཐུབ་པའི་འགན་ལེན་ནུས་ལྡན་བྱས་པ་རེད། 
མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཐུབ་པ། 
          བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གསར་འགོད་པུའུ་ནི་མིང་དོན་མཚུངས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེ་མོ་ཞིག་རེད། དེ་ནི་རྒྱ་རིགས་དང་། བོད་རིགས། ལི་རིགས། ཏུང་རིགས། ཧུད་རིགས། ཐུའུ་ཅ་རིགས་སོགས་ལས་གྲུབ་པའི་དཔུང་ཁག་ཅིག་རེད། ཚང་མས་ལས་ཀའི་ཁྲོད་ཕན་ཚུན་རོགས་རམ་དང་། ཕན་ཚུན་སྐུལ་འདེད། མཉམ་དུ་ཡར་རྒྱས་འགྲོ་བ་བཅས་བྱས་ནས་དྲིལ་བསྒྲགས་གཏོང་སྤེལ་ལས་འགན་གལ་ཆེན་ཁག་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་ཐུབ་པས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་གསར་འགྱུར་ཅུས་ཀྱི་བསྔགས་བརྗོད་ཐེངས་མང་ཐོབ་པ་དང་། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མཉམ་སྡེབ་དང་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་ལ་བདམས་པ་རེད། 
          ལོ་མང་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པའི་འདུ་ཤེས་དེ་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ཚང་མའི་ནང་ཁྱབ་པར་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་དང་དུས་བབ་གསར་པའི་འོག་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཕྱོགས་10དང་དོན་ཚན་42བཟོས་ནས་བཏོན་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་བརྒྱུད། དཔེ་མཚོན་སྐྱེད་སྲིང་དང་། སྟོན་ཕྱོགས་གཏོད་པ། སྤྱོད་བཟང་དར་སྤེལ། དར་སྲོལ་སྣེ་ཁྲིད་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རིམ་པ་མང་བ་དང་། ཁྱབ་རྒྱ་ཆེ་བ། ཕྱོགས་ཡོངས་བཅས་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།
          སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་བྱས་པ་དང་སྦྲགས། རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ནང་སའི་ཕུལ་བྱུང་ཤེས་ལྡན་པ་བོད་དུ་མ་འཇོག་དང་ལས་གཏོད་བྱེད་པའི་ཡིད་དབང་བཀུག་ཡོད། ཁོང་ཚོས་བོད་དུ་ཁྱད་ལྡན་འདེབས་འཛུགས་གསོ་ཚགས་དང་། སྲོལ་རྒྱུན་ལག་ཤེས་བཟོ་ལས། ཞིང་ཁྱིམ་སྤྲོ་སྐྱིད་ཁང་སོགས་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་བཏང་བས་ཕྱོགས་གཅིག་གི་མང་ཚོགས་ཕྱུག་པོ་ཆགས་ནས་ས་གནས་འདི་གའི་དཔལ་འབྱོར་ཡང་འཕེལ་རྒྱས་ཕྱིན་པ་མ་ཟད། ས་གནས་འདི་གའི་མང་ཚོགས་དང་ཆ་སྒྲིག་གཉེན་འཚོལ་དང་ཁྱིམ་གཞིས་བཙུགས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཀྱི་དཔེ་སྟོན་དུ་གྱུར་ཡོད། ཟླ་བ་སྒྲོལ་མ་དང་ལི་གོ་ལེའང་བཟའ་ཚོ་གཉིས་ལ་ལོ་15སླེབས་པའི་བུ་གཅིག་དང་ལོ་12ལ་སླེབས་པའི་བུ་མོ་གཅིག་ཡོད། 2017ལོར་ཁོང་གཉིས་ཀྱི་ཁྱིམ་ཚང་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་རིམ་པ་གཉིས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁྱིམ་ཚང་ལ་བདམས་པ་རེད། 
          མི་རིགས་མཐུན་སྒྲིལ་གཏོད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་སྔར་བས་ཆེ་རུ་ཕྱིན་ནས“ཁ་བྲལ་ཐབས་མེད་པ་གསུམ”གྱི་དགོངས་པ་མི་རིགས་ཁག་གི་མང་ཚོགས་ཁྲོད་རྩ་བ་ཚུགས་ནས་འབྲས་བུ་ཡང་བཏགས་ཡོད་པ་རེད།