གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

རང་ངོས་གསར་གཏོད་བྱེད་པར་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྟོབས་ཤུགས་ལ་རྟེན་དགོས།

སྤེལ་དུས 2018-06-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་རང་རྟེན་གསར་གཏོད་ནི་སྒོ་འབྱེད་ཁོར་ཡུག་ཁྲོད་ཀྱི་གསར་གཏོད་ཅིག་ཡིན་པས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པ་ལས། སྒོ་བརྒྱབ་སྟེ་གཏན་ནས་སྡོད་མི་རུང་ཞེས་ནན་བཤད་གནང་ཡོད།
           ཚན་རྩལ་ནི་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྨང་གཞི་རེད་ལ། གསར་གཏོད་ནི་མི་རིགས་ཡར་རྒྱས་ཡོང་བའི་བླ་སྲོག་རེད། སུ་ཞིག་གིས་ཚན་རྩལ་གསར་གཏོད་ལ་དམ་འཛིན་བྱས་ཚེ། གང་དེར་གོ་སྐབས་འཐོབ་སྲིད། ད་ཕན་ལོ་ཤས་རིང་རང་རྒྱལ་གྱི་ལྟེ་བའི་ལག་རྩལ་ལ་ཚད་བརྒལ་ཟམ་མི་ཆད་པར་བྱུང་ནས། རང་རྟེན་ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད། ནང་ངོས་ཀྱི་ཐག་གཅོད་བྱེད་དགོས་ངེས་ཀྱི་མངོན་གསལ་དོད་པའི་གནད་དོན་དང་ཕྱིའི་འགྲན་རྩོད་ཀྱི་གནོན་ཤུགས་ལ་ཕྱོགས་སྐབས། དུས་བབ་ཛ་དྲག་པ་དང་། འགྲན་རྩོད་ཆེ་བ། ལས་འགན་ལྕི་བ་བཅས་ཡོད། ཞི་ཅིན་ཕིང་གིས“ང་ཚོས་ཚན་རྩལ་གསར་གཏོད་ཀྱི་འགྲན་ར་ཆེ་མོའི་ཁྲོད་རྗེས་སུ་མི་ལུས་པ་བྱས་ནས་ངེས་པར་དུ་མགོ་བོ་འདེགས་པ་དང་། རྗེས་སུ་སྙེག་པ། ཚད་བརྒལ་རྩོད་ལེན་བཅས་བྱེད་དགོས”ཞེས་གསུངས་པ་ལྟར་རེད།
           ལག་ལེན་གྱིས་ང་ཚོར་འགག་རྩའི་ལྟེ་བའི་ལག་རྩལ་ནི་སློང་ཐབས་མེད་པ་དང་། ཉོ་ཐབས་མེད་པ། བསླུ་ཐབས་མེད་པ་བཅས་ཡིན་པ་ར་སྤྲོད་བྱས་ཡོད། འགག་རྩའི་ལྟེ་བའི་ལག་རྩལ་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཚེ། གཞི་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་ཐུབ། འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་དང་། འཐབ་ས་མདུན་མའི་སྣེ་ཁྲིད་ལག་རྩལ། དེང་རབས་ལས་གྲྭའི་ལག་རྩལ། ཚད་བརྒལ་རང་བཞིན་གྱི་ལག་རྩལ་བཅས་ཀྱི་གསར་གཏོད་ཚད་བརྒལ་དུ་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་ལ་ཚོད་འཛིན་ཐུབ་ཚེ། གཞི་ནས་གསར་གཏོད་ཀྱི་རང་འགུལ་དབང་ཆ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་ཐུབ།
           མི་གཅིག་གིས་བྱ་བ་ཆེན་པོ་སྒྲུབ་མི་ཐུབ། མི་མང་ལས་སྒྲུབ་བྱས་ན་བྱ་གཞག་འཕེལ། ཚན་རྩལ་གསར་གཏོད་ཀྱང་དེ་ལྟར་རེད། མིའི་རིགས་ཀྱི་ཤེས་དཔལ་དང་བློ་གྲོས་ཀྱི་གྲུབ་འབྲས་ནི་ཤེས་བྱ་ཀུན་འདུས་དང་ལག་རྩལ་སྤེལ་རེས་ལས་བྱུང་བ་ཞིག་རེད། ལོ་རྒྱུས་ཀྱི་མཚམས་ཚིགས་གསར་པ་ནས་ལྟ་སྐབས། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ནི་ཆར་རྗེས་ཀྱི་མྱུ་གུ་ཇི་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་གྱིས་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་འཆར་གཞི་གྲུབ་ཡོད་པས་བསྟུན་མཁས་དང་རང་འགུལ་མཉམ་འདྲེས་བྱས་ཚེ། གཞི་ནས་དུས་རབས་ཁྲོད་འགྱིང་ངེར་གནས་ཐུབ།
           སྒོ་མོ་ཕྱེ་ནས་གསར་གཏོད་བྱེད་པར། ཀུན་གྱི་བློ་རྒྱ་བསྡུ་བའི་ཁོག་ཡངས་དང་བློ་ཁོག་ཡོད་དགོས། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཉིང་བཅུད་གཅིག་ཏུ་བསྡུས་ཏེ། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་དྲ་བར་རང་འགུལ་ངང་ཞུགས་པ། རྒྱལ་སྤྱིའི་ཚན་རྩལ་གྱི་འཆར་གཞི་དང་འདུ་འགོད་ཆེ་མོར་ཧུར་ཐག་ཞུགས་པ་དང་གཙོ་ཁྲིད་བཅས་བྱས་ནས་རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་འཆར་གཞི་སྐུལ་སློང་དང་སྒྲིག་འཛུགས་ལ་སྐུལ་ལྕག་བྱེད་དགོས། རྒྱལ་སྤྱིའི་སྔོན་ཐོན་གྱི་ཉམས་མྱོང་བསྡུ་ལེན་དང་རང་ཉིད་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ་བློ་ཁོག་ཆེན་པོས་སླར་ཡང་གསར་གཏོད་དང་སླར་ཡང་གསར་སྐྲུན་བྱས་ཐོག་ནུས་ཤུགས་ཡོད་རྒུས་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་ཐོན་ཁུངས་ཡག་པོ་སྤྱོད་དགོས།
           སྒོ་མོ་ཕྱེ་ནས་གསར་གཏོད་བྱེད་པའི་ཐད། གཞན་གྱི་ཉམས་མྱོང་ཇི་མ་ཇི་བཞིན་མི་སྤྱོད་པར། རང་རྟེན་གསར་གཏོད་དང་སྒོ་འབྱེད་གསར་གཏོད་ཀྱི་རྩོད་སྒྲུབ་གཅིག་གྱུར་མཐའ་འཁྱོངས་བྱེད་དགོས། ང་ཚོས་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་དགོས་པ་མ་ཟད། འགག་རྩའི་ལག་རྩལ་ཚད་བརྒལ་ཐུབ་པར་བྱས་ཏེ་གཞན་གྱིས་སྐྱོད་མྱོང་མེད་པའི་ལམ་བུར་སྐྱོད་དགོས། རང་གཉའ་རང་གཅོག་དང་ཚད་བརྒལ་བྱེད་མི་ཕོད་པ་མི་བྱེད་པ་མ་ཟད་རང་ཉིད་མཆོག་ཏུའང་རློམ་རྒྱུ་མེད་པར། ཚད་བརྒལ་ཐུབ་པར་བྱས་ནས་ཏན་ཏན་ཏིག་ཏིག་ངང་ཞིབ་སྤེལ་བྱས་ཏེ་རྒྱལ་ཁབ་ཆེན་པོའི་ལྟེ་བའི་ལག་རྩལ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།