གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་གཏོད་དགོས།

སྤེལ་དུས 2018-06-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཧོའུ་ཕེང་ཧྥེ།
               སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ནི་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་འཇོག་དགོས”ཞེས་མཛུབ་སྟོན་གནང་ཡོད། བོད་ཀྱི་ངོས་ནས་བརྗོད་ན། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་དང་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་རྨང་རྡོ་ལྟ་བུ་རེད། ང་ཚོས་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་ཞིག་ཧུར་ཐག་བཏོད་དེ་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚང་མས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས་ཞེས་ནན་བཤད་ཡང་ཡང་གནང་ཡོད། མིག་སྔར་བོད་འདི་ཉིད་དུས་རབས་གསར་པར་སླེབས་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པ་འཕྲད་ཡོད་པས། ང་ཚོས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསར་པ་བཏོན་ཡོད། དེར་བརྟེན། སྨྱུག་འཛིན་པས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ་དྲིལ་བསྒྲགས་སློབ་གསོ་གཏོང་སྟངས་གསར་གཏོད་བྱེད་དགོས་པ་དང་། རྣམ་པ་སྣ་ཚོགས་དང་། ཐབས་ལམ་མང་པོ། གཞི་རྟེན་མང་པོ་བཅས་ལ་སྣང་ཆེན་བྱས་ནས་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་། གཞི་རིམ་དུ་མང་ཙམ་སྐྱོད་པ་དང་མང་ཚོགས་ཁྲོད་མང་ཙམ་བསྐྱོད་དེ་དྲིལ་བསྒྲགས་སློབ་གསོའི་རྒྱ་ཁྱབ་རང་བཞིན་དང་། དམིགས་སའི་རང་བཞིན། ཤུགས་རྐྱེན་ཐེབས་ནུས་བཅས་ཆེ་རུ་གཏོང་དགོས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་མཚོན་སྔོག་འདོན་ལ་སྣང་ཆེན་བྱས་ཏེ་སྔོན་ཐོན་དཔེ་མཚོན་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ལས་བྱེད་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་སེམས་ཆེ་རུ་གཏོང་བ། མི་རིགས་ཁག་དབར་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་བསྟུན་མཁས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་མྱོང་རོལ། ཕན་ཚུན་རོགས་རམ་བཅས་བྱས་ནས་ཕན་ཚུན་དབར་གྱི་བརྩེ་དུང་ཟབ་ཏུ་གཏོང་དགོས་པ་བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་དང་འཇལ་འཕྲད་གནང་སྐབས། “གྲུའི་ཤུགས་གྲུ་གཡོར་ལ་ཡོད་པ་དང་། མིའི་ཤུགས་སེམས་སུ་ཡོད”ཅེས་མཛུབ་སྟོན་གནང་ཡོད། མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྤེལ་བར་གཙོ་བོ་བསམ་བློ་སྤེལ་རེས་ལ་ཐུག་ཡོད་པས། རང་སྡོད་སར་མི་འཇོག་པ་དང་མི་སྡོད་སར་རང་སྡོད་ཐུབ་པ་བྱེད་དགོས། མི་རིགས་ཁག་གི་སྤུན་ཟླ་ཚོས་གཉེན་ཉེ་ལྟར་འཆམ་མཐུན་དང་ལྟ་རེས་སྲུང་རེས་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། དེ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ་དང་དེ་ནི་ང་ཚོས་དུས་བབ་གསར་པར་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་ཀྱི་རྩ་འཛིན་དང་རྩ་བའི་གཞི་འཛིན་ས་ཞིག་དེ་བས་རེད། དེར་བརྟེན། ཏང་གི་སྲིད་ཇུས་དོན་འཁྱོལ་བྱས་ནས་ལས་དོན་ཞིབ་ཚགས་སྒྲུབ་པ་དང་། མང་ཚོགས་ཀྱི་བློ་ལ་བབས་པ་ཞིག་སྒྲུབ་པ། མང་ཚོགས་ཀྱི་གམ་དུ་བྱ་བ་ཡག་པོ་དང་བྱ་བ་དངོས་སྒྲུབ་པ། ཁ་ཞེ་གཉིས་མེད་ཀྱིས་བྱ་སྤྱོད་སྤེལ་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་གང་ཐུབ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་གཏོད་དགོས།