ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

“ལས་ཞུགས་གཞན་སྒྱུར”ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ།

སྤེལ་དུས 2019-06-28 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་བཏོན་པའི་ནང་། གསོ་སྦྱོང་སྲིད་ཇུས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བའི་ཐད་བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་ཀྱི་འདུན་པ་ཡོད་པ་དང་གསོ་སྦྱོང་གི་དགོས་མཁོ་ཡོད་པའི་ངལ་རྩོལ་པ་ཚང་མ་ལས་རིགས་གསོ་སྦྱོང་གི་ཁྱབ་ཁོངས་སུ་བཅུག་ནས་ཀུན་ཕན་ལམ་ལུགས་ཀྱི་གསོ་སྦྱོང་ཁ་གསབ་སྤྲད་དེ་ལས་ཞུགས་གཞན་སྒྱུར་དེ་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ལ་གྱུར་ཡོད།
          དུད་ཚང་དབུལ་པོའི་ངལ་ནུས་ཐོན་ཁུངས་ལ་བརྟག་དཔྱད་མཐིལ་རྟོགས་བྱེད་དགོས། དུད་ཚང་དབུལ་པོའི་ངལ་ནུས་ཀྱི་གྲངས་འབོར་དང་། ལོ་ཚད། ལས་ཞུགས་ཀྱི་འདུན་པ། གསོ་སྦྱོང་གི་དགོས་མཁོ་སོགས་པའི་གཞི་རྩའི་ཆ་འཕྲིན་ཕྱོགས་ཡོངས་ནས་གསལ་པོར་རྟོགས་པ་དང་། དུད་ཚང་དབུལ་པོའི་ངལ་ནུས་ཀྱི་ཕྱོགས་བསྡུས་རེའུ་མིག་བཟོ་བ་དང་། ངལ་ནུས་ཀྱི་གསོ་སྦྱོང་དགོས་མཁོ་དང་ལས་ཞུགས་ཀྱི་འདུན་པར་གཞིགས་ཏེ་རིགས་དབྱེའི་ཇུས་འདོན་བྱེད་དགོས།
          རྩལ་ནུས་གསོ་སྦྱོང་སྣ་ཚོགས་བྱས་ཏེ“ལས་ཞུགས་གཞན་སྒྱུར”ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཁྱིམ་ཚང་དབུལ་པོར་བསྐྱོད་དེ་གཅིག་སྡུད་གསོ་སྦྱོང་དང་གསོ་སྦྱོང་གི་དུས་ཡུན་ཐུང་བ་དང། སྦྱོང་བདེ་བ་དང་ཤེས་སླ་བ། དབུལ་སྒྲོལ་འབབ་འཕར་གྱི་ཕན་འབྲས་མྱུར་བ་བཅས་ཀྱི“མྱུར་འགྲུབ”ལས་རིགས་ཀྱི་རྩལ་ནུས་གསོ་སྦྱོང་ལ་མཐོང་ཆེན་བྱེད་དགོས་པ་དང་། ཞིང་དལ་གྱི་ཁོམ་པ་སྤྱད་དེ་མངགས་ཐོ་རྣམ་པ་དང་། ཞིང་ནང་སློབ་ཁང་། དུད་ཚང་དུ་སློབ་ཁྲིད་བྱེད་པ་སོགས་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་ཧུར་ཐག་བྱེད་དགོས་པ། གསོ་སྦྱོང་སྒྲིག་གཞིར་ཁྱིམ་ཚང་དབུལ་པོའི་ངལ་ནུས་ཀྱི་ས་ཁོངས་ཁྱབ་སྟངས་ལ་དམིགས་ནས་ཐག་ཉེ་ས་ནས་གསོ་སྦྱོང་བྱེད་རྒྱུར་སྐུལ་ལྕག་བྱས་ཏེ། ཞིང་ལས་དང་རྩལ་ནུས་གསོ་སྦྱོང་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བྱེད་དགོས།
          ངལ་ནུས་དབུལ་པོའི་རང་བརྟེན་ལས་གཏོད་ལ་སྐུལ་འདེད་གཏོང་དགོས་ཤིང་། ལས་གཏོད་ཀྱི་འདུན་པ་ཡོད་པ་དང་ནུས་པ་ལྡན་པའི་ངལ་ནུས་དབུལ་པོར་གཙོ་གནད་དུ་རོགས་སྐྱོར་བྱས་ཏེ། ལས་གཏོད་གསོ་སྦྱོང་ཚད་ལོན་པའི་མི་སྣ་དབུལ་པོར་སྲིད་ཇུས་ཀྱི་བློ་འདྲི་དང་། རྣམ་གྲངས་འོས་སྦྱོར། ལས་གཏོད་མཛུབ་ཁྲིད་སོགས་རིན་པ་མི་དགོས་པར་ཞབས་འདེགས་ཞུ་དགོས།
རྩོམ་སྒྲིག་པ། རྡོ་རྗེ།