ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དྲང་གཞག་དང་སྤུས་ཚད་མཐོ་བའི་སློབ་གསོ་གཉེར་བ།

སྤེལ་དུས 2019-07-22 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
ལོ་70རིང་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
          ལོ་70རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་བོད་ཀྱི་སློབ་གསོའི་བྱ་གཞག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་བྱུང་ནས། བོད་མི་རིགས་ཀྱི་རིག་གནས་ཆུ་ཚད་མཆོང་སྐྱོད་ཆེན་པོ་བྱུང་བ་མ་ཟད། ད་དུང་འཚོ་བའི་ཆུ་ཚད་ཀྱང་ཧ་ཅང་མཐོ་རུ་ཕྱིན་ཡོད་པ་རེད། ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་འབད་འཐབ་བྱེད་ཀྱི་ཡོད་པ་དང་། དེ་དག་ལས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་ནས་གངས་ལྗོངས་ས་མཐོའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་འཕེལ་རྒྱས་ཀྱི་གཤོག་ཟུང་བསྒར་ཡོད་པ་རེད།
          དེང་རབས་ཀྱི་སློབ་གསོའི་མ་ལག་ཆ་ཚང་བཙུགས་པ།
          ཟླ་ཆུའི་ཆུ་ལག་ངོམ་ཆུའི་ཟམ་ཁ་ནས་ཆབ་མདོ་གྲོང་ཁྱེར་གྱི་ཚོད་ལྟའི་སློབ་ཆུང་གི་དེང་རབས་ཅན་གྱི་སློབ་ཁྲིད་ཐོག་ཁང་ནང་དུ་སློབ་ཕྲུག་ཚོའི་དཔེ་ཀློག་གི་རྣམ་པ་གསལ་པོར་མཐོང་ཐུབ། དཔེ་ཀློག་གི་སྐད་སྒྲ་སྙན་པོ་ངོམ་ཆུའི་བཞུར་སྒྲ་དང་འདྲེས་ཤིང་། མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་དེ་སློབ་ཕྲུག་ཚོའི་སེམས་ལ་འཁོད་ཡོད།
          ཆབ་མདོ་ས་ཁུལ་གྱི་ཚོད་ལྟའི་སློབ་ཆུང་ནི་བོད་ཀྱི་དེང་རབས་སློབ་གསོའི་བྱ་གཞག་འགོ་འཛུགས་ས་ཞིག་ཡིན། 1951ལོའི་ཟླ་5ཚེས་1ཉིན། ཆབ་མདོ་སློབ་ཆུང་དངོས་སུ་བཙུགས་པར་སློབ་མ་70ལྷག་ཙམ་ཡོད་པ་རེད། 1957ལོར། སློབ་གྲྭ་ཆབ་མདོ་ནུབ་ལམ་སྟེ་ད་ལྟའི་ས་གནས་དེར་སྤོས་ནས་མིང་ཡང“ཆབ་མདོའི་ཚོད་ལྟའི་སློབ་ཆུང”ཞེས་པར་བསྒྱུར་པ་དང་། 1983ལོར“ཆབ་མདོ་ས་ཁུལ་གྱི་ཚོད་ལྟའི་སློབ་ཆུང”ཞེས་པར་བསྒྱུར་པ་རེད།
          “རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་འདུག ང་ཚོ་སློབ་གྲྭའི་ཞིང་འབྲོག་པའི་བུ་ཕྲུག་1500ཙམ་གྱིས‘འགན་ལེན་གསུམ’གྱི་སྲིད་ཇུས་ལོངས་སྤྱོད་བྱེད་ཀྱི་ཡོད། དཔེ་ཁུག་དང་། འབྲུ་སྣུམ། ཡིག་ཆས་སོགས་ཀྱང་སྤྲོད་ཀྱི་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་གྱི་ཚོད་ལྟའི་སློབ་ཆུང་གི་ཞའོ་ཀྲང་ཝུའུ་ཞའོ་ལུང་གིས་ཚོར་སྣང་ཟབ་མོས་བརྗོད་པ་རེད།
          1985ལོར། རྒྱལ་ཁབ་ཀྱིས་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱེད་འགོ་ཚུགས་པ་མ་ཟད། ད་དུང་འགན་ལེན་གྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས“འགན་ལེན་གསུམ”གྱི་ཁྱབ་ཁོངས་ཆེ་རུ་དང་འགན་ལེན་ཆུ་ཚད་མཐོ་རུ་བཏང་བ་རེད། 2012ལོ་ནས་བཟུང་། བོད་ཀྱིས་ལོ་བཅོ་ལྔའི་ལམ་ལུགས་ཀྱི་འོས་འགན་སློབ་གསོའི་རིན་མེད“འགན་ལེན་གསུམ”གྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པ་རེད།
          ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ནི་བོད་ཀྱི་དེང་རབས་སློབ་གསོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་བསྡུས་རིས་ཤིག་རེད།
          མིག་སྔའི་བར་དུ། བོད་ཀྱིས་ཁྱོན་བུ་བཅོལ་ཁང་1239དང་། སློབ་ཆུང་806 སློབ་འབྲིང་132 མཐོ་རིམ་སློབ་གྲྭ་7བཅས་བཙུགས་ཡོད་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ནས་ཐོན་པའི་མི་གྲངས་1959ལོའི་ཁྲི་1.8ནས་ཁྲི་53ལྷག་ཙམ་བར་འཕར་ཡོད་པ་རེད།
          སྲོལ་རྒྱུན་རིག་གནས་སློབ་གྲྭའི་སློབ་གསོར་མཉམ་འདྲེས་བྱུང་བ།
          སློབ་གསེང་གི་ལུས་རྩལ་རྩེད་སྐབས་བོད་མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་འཁྲབ་རྒྱུ་དེ་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་ཁྱབ་གདལ་ཕྱིན་ཡོད། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་ཤིག་ཡིན་པའི་ཆ་ནས། ངོ་མཚར་ཡི་གར་འོང་བའི་བོད་མི་རིགས་ཀྱི་ཞབས་བྲོ་དེ་སློབ་གྲྭའི་ནང་དུ་ཁྱབ་གདལ་བྱུང་ནས། བྱིས་པ་ཚོའི་སློབ་གྲྭའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཆབས་ཅིག སྲོལ་རྒྱུན་གྱི་མི་རིགས་རིག་གནས་རྒྱུན་འཛིན་ཡང་ཐུབ་ཡོད་པ་རེད།
          ལོ་70ཙམ་གྱི་རིང་། སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས། བོད་ཀྱི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་སློབ་གྲྭར་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་ཡོད་པ་རེད།
          1951ལོ་ནས་1959ལོ་བར་གྱི་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཏང་དང་སྲིད་གཞུང་གིས་བཙུགས་པའི་སློབ་གྲྭར་བོད་རྒྱ་སྐད་གཉིས་ཀྱི་སློབ་གསོ་གཉེར་གྱི་ཡོད་པ་དང་། བོད་ཡིག་གཙོ་བོར་སློབ་པའི་ཐོག་བོད་སྐད་ཐོག་ནས་སློབ་ཚན་ཁྲིད་པ་དང་ཆབས་ཅིག རྒྱ་ཡིག་ཀྱང་སློབ་ཁྲིད་བྱེད་ཀྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས། རྒྱལ་ཁབ་ཀྱི་སྤྱི་སྐད་དང་ཡི་གེའི་བཅའ་ཁྲིམས་བཅས་དང་དེ་བཞིན་བོད་ས་གནས་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་ནང་གྲངས་ཉུང་མི་རིགས་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐད་གཏན་འབེབས་ཁ་གསལ་བཟོས་ཡོད། མིག་སྔར་བོད་ཀྱི་ཞིང་འབྲོག་ཁུལ་དང་གྲོང་ཁྱེར་དང་གྲོང་རྡལ་འགའ་ཞིག་གི་སློབ་ཆུང་དུ་བོད་སྐད་དང་རྒྱལ་ཁབ་ཀྱི་སྤྱི་སྐད་རིགས་ཐོག་ནས་མཉམ་དུ་སློབ་ཁྲིད་བྱེད་པ་དང་། སློབ་ཚན་གཙོ་བོ་བོད་སྐད་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད།
          ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པ།
          ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་ནས་ཤར་ཕྱོགས་སུ་རླངས་འཁོར་ལ་བསྡད་དེ་རྔ་ཆེན་ཟམ་ཆེན་བརྒྱུད་མདུན་ཕྱོགས་སུ་བསྐྱོད་ཚེ། ཐག་རིང་ས་ནས་གསོན་ཤུགས་ཀྱིས་ཁེངས་པའི་གྲོང་ཁུལ་གསར་པ་ཞིག་མཐོང་ཐུབ་པ་དེ་ནི་2012ལོར་བསྐྲུན་འགོ་བཙུགས་པའི་ལྷ་སའི་སློབ་གསོ་གྲོང་རེད། མིག་སྔར་སློབ་གསོ་གྲོང་དེ་བོད་ཀྱི་དེང་རབས་སློབ་གསོ་གཅིག་སྡུད་ཁུལ་དང་སློབ་གསོའི་རྟེན་གཞི་ཆེ་ཤོས་དེ་རེད།
          ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་གནང་ནས། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
          1958ལོའི་ཟླ་9པར། ཧྲའན་ཤིས་ཞན་དབྱང་དུ་བོད་ཀྱི་སྤྱི་སློབ་བཙུགས་ནས་བོད་ལ་འཕྲལ་མཁོ་ཆེ་བའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ། བོད་ལྗོངས་མི་རིགས་སློབ་ཆེན་གྱི“བོད་ཀྱི་ལས་བྱེད་པའི་འབྱུང་ཁུངས”ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།
          1984ལོར་ཀྲུང་དབྱང་གིས“ནང་སར་བོད་ལྗོངས་འཛིན་གྲྭ་བཙུགས་ནས་ཤེས་ལྡན་པ་གསོ་སྐྱོང”བྱེད་པའི་འཐབ་ཇུས་གལ་ཆེན་བཏོན་པ་དང་། ལོ་གཉིས་པར་ཞིང་ཆེན་དང་གྲོང་ཁྱེར་16ལ་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)བཙུགས་པ་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་ཀྲུང་དབྱང་གིས་བོད་ཀྱི་སློབ་གསོར་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།
          2013ལོའི་ཟླ་1པོར། རྒྱལ་ཁབ་སློབ་གསོ་པུའུ་དང་། མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ནོར་སྲིད་པུའུ་བཅས་ཀྱིས་མཐོ་སློབ་ཚོགས་པ་27གྱིས་བོད་ཀྱི་མཐོ་སློབ་6ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་གཏན་འབེབས་ཁ་གསལ་བཟོས་ཡོད།
          2015ལོའི་ཟླ་8པར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“སློབ་གསོའི་བོད་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས། རྩིས་དངོས་རྫས་གསུམ་གྱི་རིག་ཚན་ལ་གཙོ་བོར་ཤུགས་སྣོན་རྒྱག་པའི་ནང་སའི་དགེ་རྒན་བོད་སྐྱོད་སློབ་རོགས་བྱ་རྒྱུ”བཏོན་ཡོད།
          2016ལོའི་ཟླ་4པར། སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དངོས་སུ་འགོ་ཚུགས་ཤིང་། 2018ལོ་བར་དུ་བོད་ཀྱི་སློབ་ཆུང་གི་ན་གཅིག་སློབ་མ་སློབ་གྲྭར་ཚུད་ཚད་དང་དམའ་འབྲིང་དང་། མཐོ་འབྲིང། མཐོ་སློབ་བཅས་ཀྱི་ན་འདྲེས་སློབ་མ་སློབ་གྲྭར་ཚུད་ཚད་99.5%དང་། 99.5% 82.3% 39.2%བཅས་སོ་སོར་ཟིན་པ་དང་། མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ལོ་9.55ཟིན་ཡོད་པ་རེད།
རྩོམ་སྒྲིག་པ། རིན་སྒྲོལ།