དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ལས་ཞུཌ་བརྟན་པོ་ཡོང་བའི་བྱེད་ཐབས་ཕྱོཌ་ཡོངས་ནས་དོན་འཁྱོལ་བྱེད་དགོས།

ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་པོ་ཡོང་བ་བྱེད་རྒྱུའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་ལྔ་པ།

སྤེལ་དུས 2020-04-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ལས་ཞུགས་བརྟན་པོ་ཡོང་བ་བྱེད་རྒྱུ་ནི་དཔལ་འབྱོར་བརྟན་པོ་དང་སྔོན་དཔག་བརྟན་པོ་ཡོང་ཆེད་རེད་ལ། དམངས་འཚོ་བརྟན་པོ་དང་ཡིད་ཆེས་བརྟན་པོ་ཡོང་ཆེད་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཞུགས་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས“ལས་ཞུགས་བརྟན་པོ་ཡོང་བའི་བྱེད་ཐབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས”ཞེས་བླང་བྱ་ཁ་གསལ་བཏོན་གནང་ཡོད། མིག་སྔར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་ལས་ཞུགས་བརྟན་པོ་ཡོང་བའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་མུ་མཐུད་ལག་བསྟར་ཡག་པོ་བྱེད་པ་དང་། ལས་ཞུགས་བརྟན་པོ་ཡོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་དམངས་འཚོ་ལེགས་གཏོང་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་ལྷིང་བཅས་ཁྲོད་ཀྱི་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་གྱི“གནོན་རྡོ”ཡི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། 
          ལས་ཞུགས་བརྟན་པོ་ཡོང་བ་བྱེད་པར་སྲིད་ཇུས་ནི་འགན་སྲུང་ཡིན། རང་ལྗོངས་ཀྱི་ལས་ཞུགས་སྲིད་ཇུས་ཀྱི་སྐུལ་ལྕག་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དཔལ་འབྱོར་སྲིད་ཇུས་དང་། ཐོན་ལས་སྲིད་ཇུས། ལས་ཞུགས་སྲིད་ཇུས་བཅས་ཀྱིས་མཉམ་དུ་ཤུགས་རྒྱག་ཐུབ་པ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་བྱ་ཐབས་གསར་གཏོད་བྱས་ནས་ལས་ཞུགས་དུས་བབ་ཀྱི་འགྱུར་ལྡོག་ལ་དམ་པོར་དམིགས་ཏེ་ནོར་ཁྲལ་དང་། དངུལ་རྩ། ཐོན་ལས་སོགས་ཀྱི་སྲིད་ཇུས་དང་ལས་ཞུགས་སྔོན་འཇོག་སྲིད་ཇུས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་དེ་བས་གོ་རིམ་ལྡན་པ་དང་ཚན་རིག་དང་མཐུན་པའི་བསམ་གཞིག་ལ་བརྟེན་ནས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་ལྕག་སྐུལ་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་སོགས་གཙོ་གནད་ཚོགས་སྤྱིར་དམ་པོར་དམིགས་ཏེ་ཁྲོམ་ར་ཅན་གྱི་ལས་ཞུགས་སྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་བརྟན་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ། གནད་སྨིན་ཇུས་འདོན་ཐད་ཤུགས་སྣོན་རྒྱག་པ། ལས་ཞུགས་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས་པའི་ཐད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ངལ་རྩོལ་པ་གཞི་རིམ་དང་། ཁེ་ལས། ལྗོངས་ཕྱི་བཅས་སུ་ལས་ཀ་འཚོལ་བར་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་པ། ལས་ཞུགས་ཀྱི་གཞི་རྩའི་རྣམ་པ་བརྟན་པོ་བསྲུངས་ཏེ་ལས་ཞུགས་ལས་དོན་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། 
          ལས་ཞུགས་བརྟན་པོ་ཡོང་བ་བྱེད་པར་ལས་སྟེགས་རྒྱ་སྐྱེད་གཏོང་དགོས། ད་ཡོད་ཀྱི་ཐབས་ལམ་སྔར་བས་བརྟན་དུ་བཏང་ནས་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། གཞི་རིམ་གྱི་ལས་ཞུགས་ལས་སྟེགས་སྔར་བས་རྒྱ་ཆེར་བཏང་ནས་གཞི་རིམ་གྱི་ལས་ཞུགས་ལས་གནས་གསར་སྤེལ་ཡག་པོ་བྱེད་དགོས་པ་དང་། གཞི་རིམ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ལ་གཞིགས་ཏེ་གྲོང་ཚོའི་སྨན་པ་དང་། གྲོང་གསེབ་ཀྱི་བུ་བཅོལ་ཁང་གི་དགེ་རྒན། གྲོང་གསེབ་ཀྱི་ཚན་རྩལ་ཆེད་མངགས་པ། གཞི་རིམ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ལས་དོན་མི་སྣ་སོཌ་ལས་གནས་ཁག་གཅིག་གསར་སྤེལ་བྱེད་དགོས། ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་བྱེད་རྒྱུ་དེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་ཚད་བརྒལ་ཡོང་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ལྗོངས་ཕྱིའི་ལས་ཞུགས་ལས་སྟེགས་གསར་སྤེལ་ཡག་པོ་བྱེད་པ་དང་། ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་ཁེ་ལས་དབར་མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུཌ་སྔར་བས་ཆེ་རུ་གཏོང་བ། ལྗོངས་ཕྱིའི་ལས་ཞུགས་ལས་གནས་བསྡུ་རུབ་དང་ལས་ཞུགས་བྱས་རྗེས་ཀྱི་རྗེས་འདེད་ཞབས་ཞུ་སོགས་ཀྱི་ལས་དོན་སྤྱི་འདོམས་ཡག་པོ་སྒྲུབ་པ་བཅས་བྱས་ནས“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིའི་ལས་ཞུགས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། ཆ་འཕྲིན་ཞབས་ཞུའི་ལས་སྟེགས་སྣ་ཚོགས་འཐུས་སྒོ་ཚང་དུ་བཏང་ནས་ལས་ཞུགས་ཞབས་ཞུ་གནད་སྨིན་ཅན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། རྩལ་ནུས་མཐོར་གཏོང་གི་ལས་སྟེཌ་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་། ཆེད་དོན་གསོ་སྦྱོང་བཅས་རྒྱུན་མཐུད་ངང་སྤེལ་ཏེ་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་ཚོགས་སྤྱི་སྣ་ཚོཌ་ལ་དེ་བས་ཕྱོགས་ཡོངས་དང་། མགྱོགས་མྱུར། ནུས་ཆེ་བཅས་ཀྱི་སྤྱི་པའི་ལས་ཞུཌ་ཞབས་ཞུ་མཁོ་འདོན་བྱེད་དགོས། 
          ལས་ཞུགས་བརྟན་པོ་ཡོང་བ་བྱེད་པར་འགན་འཁྲི་ཏན་ཏིག་འཁུར་དགོས། རོགས་སྐྱོར་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁ་གསལ་བཏོན་པའི་ལས་ཞུགས་བརྟན་པོ་དང་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བའི་དམིགས་ཚད་ལས་འགན་དང་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་ལ་དམ་པོར་དམིགས་ཏེ་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། གོ་རིམ་ལྡན་པའི་ངང་འཕེལ་རིམ་གསེད་བཀྲོལ་བྱེད་པ། ཆད་གསབ་བྱེད་མགྱོགས་སུ་གཏོང་བ། ལས་འགན་དང་འགན་འཁྲིའི་ཡི་གེ་སྔར་བས་ཁ་གསལ་བཟོ་བ་བཅས་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་དང་། དཀའ་ངལ། ཉེན་ཁ་བཅས་འཁུར་ཕོད་པ་བྱས་ནས་བྱེད་པོའི་འགན་འཁྲི་དང་ལས་སྒོ་གཙོ་བོའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། ལས་ཞུགས་བརྟན་པོ་ཡོང་བའི་ལས་རིམ་ཁག་གི་འགན་འཁུར་བའི་ལམ་སྲོལ་དང་ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་རྒྱག་པ། གཙོ་གནད་ལས་དོན་ལ་དམིགས་པ། རིམ་པ་གཅིག་གིས་གཅིག་ལ་སྣེ་ཁྲིད་པ། རིམ་པ་གཅིག་གིས་གཅིག་ལ་མིག་དཔེ་སྟོན་པ། རིམ་པ་རེ་རེ་བཞིན་གནོན་ཤུགས་སྤྲོད་པ་དང་རིམ་པ་རེ་རེ་བཞིན་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་འགན་འཁྲི་འཁུར་སེམས་ཀྱིས་འགན་འཁྲི་འཁུར་སེམས་ལ་སྐུལ་ཁྲིད་དང་བྱས་རྗེས་ཀྱིས་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། 
          དམངས་འཚོ་བརྟན་ལྷིང་བྱུང་ན་མི་སེམས་བརྟན་པོ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་ཐུབ། ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་རེད། གལ་ཏེ་ང་ཚོས་ལས་ཞུགས་གནས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ཏེ། ཐབས་བརྒྱ་ཇུས་སྟོང་དང་ཐབས་མང་མཉམ་སྤྱོད་ཀྱིས་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པའི་སྲིད་ཇུས་དང་མཉམ་སྤྱོད་བྱེད་ཐབས་མང་པོ་བཏོན་ན། ང་ཚོས་ལས་ཞུགས་ཀྱི་གཞི་རྩའི་རྣམ་པ་བརྟན་སྲུང་བྱེད་ཐུབ་ངེས་རེད་ལ། ལས་ཞུགས་ཀྱི་གནས་བབ་རྒྱུན་མཐུད་དང་ཡུན་རིང་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་དང་། “དམངས་འཚོ་ཆེ་ཤོས”ཡིན་པའི་ལས་ཞུགས་ཀྱང་འགན་ལེན་མཐའ་གཅིག་ཏུ་བྱེད་ཐུབ་ངེས་རེད།