དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དྲིན་ཚོར་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་འཕེལ་བར་བྱེད་དགོས།

དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་རིམ་སྤེལ་དཔྱད་གཏམ་བདུན་པ།

སྤེལ་དུས 2020-04-28 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་བ་དང་། གཞི་ཁྱོན་ཆེ་བ། ཕན་འབྲས་མངོན་གསལ་དོད་པ། སྔར་བྱུང་མྱོང་མེད་པ། འཛམ་གླིང་ཐོག་མཐོང་དཀོན་པ་མ་ཟད། མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་ངོ་མཚར་བཏོད་ཡོད། བྱས་རྗེས་ངོ་མཚར་ཅན་འདི་ལྟ་བུ་ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་མ་གཏོགས་སྒྲུབ་མི་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁོ་ནས་མ་གཏོགས་སྒྲུབ་མི་ཐུབ་པ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་མ་གཏོགས་ལོངས་སྤྱོད་མི་ཐུབ། མིག་སྔར་དབུལ་སྒྲོལ་འགག་སྒྲོལ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད་པས། ང་ཚོས་དེ་བས་ནུས་ཤུགས་ཡོད་རྒུ་འདོན་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་དྲིན་ཚོར་ཁྲོད་དུ་འབད་འབུངས་ཡར་བརྩོན་བྱེད་པ་དང་འབད་འབུངས་ཡར་བརྩོན་ཁྲོད་དུ་བཀའ་དྲིན་ཚོར་བར་བྱས་ནས། མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་ཕུ་ཐག་གཅོད་པའི་སྤྲོ་སེམས་འཕེལ་བ་དང་འགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། 
          དྲིན་ཚོར་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ནི་མི་དམངས་ཀྱི་གཙོ་འཛིན་གྱི་ཐུགས་ཁུར་དང་གཅེས་སྐྱོང་ལས་བྱུང་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་ཐུགས་ཁུར་ཡང་ཡང་གནང་བ་དང་། སྐུ་ངོ་མ་ཞུགས་པ། དམག་འཐབ་ཀྱི་སྣེ་ཁྲིད་དང་ལྟ་སྐུལ་གནང་བ་བཅས་ཀྱི་ཐོག་ནས་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་གནང་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཏང་དང་རྒྱལ་ཁབ་ཀྱི་དོན་དུ་མཛད་བྲེལ་ཤིན་ཏུ་ཆེ་བའི་གནས་ཚུལ་འོག་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་མཐོང་ཆེན་དང་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ཕྱོགས་གཅིག་ནས་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་གནང་བ་མ་ཟད། ཕྱོགས་གཞན་ཞིག་ནས་བླང་བྱ་བཏོན་གནང་བ་དང་འབྲེལ་ཐབས་ཤེས་ཀྱང་བསླབས་གནང་བ་དང་། སྲིད་ཇུས་དང་། མ་དངུལ། རྣམ་གྲངས་སོགས་ཀྱི་ཐད་ནས་བོད་ལ་གཙོ་གནད་ཐོག་གཟིགས་སྐྱོང་དང་དམིགས་བསལ་གྱི་གཟིགས་སྐྱོང་གནང་སྟེ། གནད་དོན་གལ་ཆེན་རབ་དང་རིམ་པ་ཐག་གཅོད་གནང་ཡོད། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་འཆང་ལུགས་གང་ལེགས་མཚོན་ཐུབ། འབད་འབུངས་ཡར་བརྩོན་ནི་དྲིན་ཚོར་ཡག་ཤོས་ཡིན་ཞིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་དང་ཐུགས་རེ་ཟབ་མོ་བཅངས་གནང་བ་དེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་འདེད་དེ་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་འབད་འཐབ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས་དྲིན་ཚོར་གྱི་བསམ་པ་མཚོན་པ་དང་། འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་བ། ལག་བསྟར་དོན་འཁྱོལ་གྱི་རང་རྟོགས་བྱ་སྤྱོད་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་དགོས། 
          དྲིན་ཚོར་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ནི་འོད་སྟོང་འཕྲོ་བའི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ནི་རང་རེའི་ཏང་གིས་འགོ་ཁྲིད་གནང་བའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆའི་མཚོན་ཚུལ་དངོས་ཤིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་དངོས་ཀྱི་ཐོག་ནས་མངོན་པ་ཞིག་རེད། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལྗོངས་ཡོངས་ཀྱི་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་བསལ་བའི་འབྱུང་རྩ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་དབུལ་སྐྱོར་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད། དབུལ་སྒྲོལ་འགག་སྒྲོལ་ཇི་ཙམ་གྱིས་མཐའ་མའི་འགག་རྩའི་དུས་སུ་སླེབས་སྐབས་དེ་ཙམ་གྱིས་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་རྣམ་འགྱུར་དང་། བརྩེ་སེམས་ཀྱི་མོས་སེམས་ཆེན་པོ། དེ་བས་བརྟན་པའི་རང་རྟོགས་བཅས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་དམ་འཛིན་བྱ་གཞིར་ནུས་ལྡན་བརྩི་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་བརྩི་བ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་བ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཐོག་ཏུ་བརྟན་པོ་ཁུར་ནས་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཐོག་མཐའ་བར་གསུམ་དུ་མདུན་སྐྱོད་ཀྱི་ལམ་བུར་ཁྲིད་སྟོན་བྱས་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཁྲོད་འོད་སྟོང་འཕྲོ་བའི་དགོངས་པའི་བདེན་དོན་གྱི་འོད་ཟེར་དེ་བས་འཕྲོ་ཐུབ་པ་བྱེད་དགོས། 
          དྲིན་ཚོར་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཟབ་མོ་ལས་བྱུང་བ་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་ལོ་4བསྟུད་མར་བོད་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ས་གནས་ས་ཐོག་གི་སྐུལ་སྤེལ་དང་ཁ་གཏད་བོད་སྐྱོར་གཏིང་ཟབ་ཏུ་གཏོང་བའི་དབུལ་སྐྱོར་ལས་དོན་གྱི་ཚོགས་འདུ་འཚོགས་ནས་བོད་ལ་དམིགས་བསལ་རྒྱབ་སྐྱོར་དང་མཛུབ་ཁྲིད་ནུས་ལྡན་བྱས་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྤྱི་འདོམས་བཀོད་སྒྲིག་དང་གོ་རིམ་ལྡན་པའི་ངང་འཆར་འགོད་བྱས་ནས་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་དེ་ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་དབུལ་སྐྱོར། རིག་སྟོབས་དབུལ་སྐྱོར་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། རིམ་རྩིས་བྱས་ན་བོད་སྐྱོར་རྣམ་གྲངས་247ལ་གན་རྒྱ་བཞག་པར་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་350ཙམ་ཟིན་ཡོད། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་དོ་ཟླ་བྲལ་བའི་གོང་བུ་སྒྲིལ་ཤུགས་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འདེགས་སྐྱོར་ཤུགས་ཆེན་ཞིག་རེད། ང་ཚོས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དམ་ཟབ་ཡོང་བ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ལས་དོན་ཁག་དང་། ཐོན་ཁུངས་ཁག ཕྱོགས་ཁག་གི་སྟོབས་ཤུགས་བཅས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སུ་གཅིག་སྡུད་བྱེད་པ་དང་། ཞན་ཆ་སྔར་བས་ཏན་ཏིག་གསབ་པ་དང་རྨང་གཞི་སྔར་བས་བརྟན་དུ་བཏང་སྟེ། སྤུས་ཚད་མཐོ་པོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས་དུས་བཀག་བཞིན་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་བྱེད་དགོས། 
          ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་། དྲིན་ཚོར་དང་འབད་འབུངས་ཡར་བརྩོན་བྱེད་པ། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་དུས་བཀག་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་དགོས།