དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

འཐབ་ས་གཙོ་བོ་བརྟན་པོ་བཙུགས་ནས་སེམས་ཤུགས་འཕེལ་བར་བྱེད་དགོས།

སྤེལ་དུས 2020-05-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ལོ་རྒྱུས་ཀྱི་མཚམས་ཚིགས་གལ་ཆེན་2020ལོར་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་གསར་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་རྣམ་པ་གསར་པ། ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་བཅས་ལ་ལྟ་སྐབས་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱི་འགན་འཁྲི་དང་ལས་འགན་དང་གཙོ་གནད་ལས་དོན་དེ་བས་ལྕི་བ་དང་རྙོག་འཛིང་ཆེ་རུ་སོང་ཡོད།
          ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ནམ་ཡང་ལྷོད་གཡེང་མི་བྱེད་པའི་སྙིང་སྟོབས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་སྙིང་སྟོབས་རྒྱུན་འཁྱོངས། རང་རྟོགས་ངང་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་ལས་འགན་དང་འགན་འཁྲི་འཁུར་བ། རང་འགན་གཙང་སྒྲུབ་དང་བརྩེ་བ་ཟབ་མོ་འཆང་བ། མི་དམངས་ཡོངས་ཀྱིས་ཕུགས་བསམ་དད་སེམས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་ལྟ་བ་བཅས་མཐུན་སྒྲིལ་མཉམ་གནས་བྱ་རྒྱུར་སྐུལ་འདེད་བཏང་ཚེ་དམངས་སེམས་གཅིག་མཐུན་དང་། བློ་སེམས་གཅིག་སྒྲིལ། འགག་སྒྲོལ་དཀའ་སེལ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་ངེས་རེད།
          གཅིག་ནས་དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་ནས། ཆབ་སྲིད་ཀྱི་ཡང་དག་པའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་དུས་བབ་ལ་དབྱེ་ཞིབ་དང་ཆབ་སྲིད་ཀྱི་རྒྱུ་རྐྱེན་ཁོང་དུ་ཆུད་པར་བྱས་ནས་ལས་དོན་དོན་འཁྱོལ་གྱི་ཆབ་སྲིད་ཀྱི་བླང་བྱར་སྐུལ་འདེད་བཏང་སྟེ། གནད་དོན་ཐག་གཅོད་དང་ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན་བྱས་ནས་དུས་ཚོད་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཆབ་སྲིད་ཀྱི་དད་སེམས་མ་འགྱུར་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མ་འགྱུར་བ། ཆབ་སྲིད་ཀྱི་ཁ་ཕྱོགས་མ་འགྱུར་བ་བཅས་བྱ་རྒྱུའི་འགན་ལེན་བྱེད་དགོས།
          གཉིས་ནས་དྲིལ་བསྒྲགས་ལས་དོན་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བྱ་གཞག་ཡིན་པ་དང་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་པར་འཐབ་ཕྱོགས་ཁག་དང་། ཁྱབ་ཁོངས་ཁག རིམ་པ་ཁག་དང་སྡེ་ཚན་ཁག་བཅས་ཀྱིས་མཉམ་ལས་ཡག་པོ་བྱས་ཏེ་བསམ་ཇུས་གཅིག་མཐུན་ཡོང་བ་བྱས་ནས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་། མཐུན་སྦྱོར་མཉམ་འགུལ། མཉམ་ཤུགས་ཆགས་པ་བཅས་བྱེད་དགོས།
          གསུམ་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་གཞི་རྩའི་འགན་འཁྲིར་བརྩིས་ནས་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་དང་། དམིགས་བསལ་རང་བཞིན་ཆེ་རུ་གཏོང་བ། དངོས་ཕན་རང་བཞིན་ལ་སྣང་ཆེན་བཅས་བྱེད་དགོས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་དེ་བས་ནུས་ལྡན་གྱི་བསམ་བློའི་འགན་ལེན་དང་། རིག་གནས་ཀྱི་འདེགས་སྐྱོར། བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱེད་དགོས།