དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བདེ་འཇགས་ཀྱི་ཁོར་ཡུག་བཏོད་ནས་ཐུན་མོང་ཐོག་ཞི་མཐུན་ཁྱིམ་གཞིས་སྐྲུན་དགོས།

སྤེལ་དུས 2020-05-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          མིག་སྔར། བོད་རང་སྐྱོང་ལྗོངས་འདི་ཉིད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་འགག་རྩའི་དུས་སྐབས་དང་། སྒྱུར་བཅོས་གཏིང་ཟབ་ཀྱི་འགག་སྒྲོལ་དུས་སྐབས་སུ་གནས་ཡོད་ཅིང་། བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་། རྙོག་འཛིང་ཆེ་བའི་བདེ་འཇགས་ཀྱི་དུས་བབ་དང་། འཐབ་འཛིང་གི་རྣམ་པ། ཉེན་ཁའི་འགྲན་སློང་བཅས་ཀྱི་མདུན་དུ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་བསྐྲུན་རྒྱུ་ནི་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད། འཕེལ་རྒྱས་དང་བརྟན་ལྷིང་གཉིས་ཀར་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་དེ་བས་མཐོ་བ་དང་། ཁྱབ་ཚད་དེ་བས་ཆེ་བ། ཕྱོགས་སྟོན་དེ་བས་ཁ་གསལ། བྱེད་ཐབས་དེ་བས་ཏན་ཏིག་བཅས་ཀྱི་བདེ་འཇགས་འཛུགས་སྐྱོང་གི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་འདང་ངེས་དང་། དེ་བས་འགན་ལེན། དེ་བས་རྒྱུན་མཐུད་བཅས་ཡོང་གང་ཐུབ་བྱེད་དགོས།
          ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རིམ་ཁག་ཏང་ཨུད་ཀྱིས་སྤྱི་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་དང་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། མང་ཚོགས་ཀྱིས་རམ་འདེགས་བྱེད་པ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ། སྤྱི་དམངས་ཞུགས་པ། ཁྲིམས་སྐྱོང་འགན་ལེན། ཚན་རིག་གིས་འདེགས་སྐྱོར་བྱེད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་སྟེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་ལག་བསྟར་ནན་ཏན་བྱས་ནས་མངའ་ཁོངས་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས་ཀྱི་སིམ་འཛུལ་དང་གཏོར་བཤིག་གི་བྱ་སྤྱོད་མ་ཐོན་སྔོན་འགོག་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས།
          མི་དམངས་ཀྱི་ལམ་ཕྱོགས་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་ཁེ་ཕན་སྒྲུབ་པ་དང་། མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ། མི་དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་ཀྱི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ཏེ། དུས་བབ་གསར་པའི་འོག་མི་དམངས་སྐུལ་སློང་དང་མི་དམངས་ལ་བརྟེན་ནས་དུས་བདེ་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པའི་བྱ་ཐབས་འཚོལ་ཞིབ་བྱས་ནས་མང་ཚོགས་སྤྱི་ཚོགས་བཅོས་སྐྱོང་གི་ཕན་པ་ཆེ་ཤོས་ཐོབ་མཁན་དང་། ཞུགས་ཚད་མང་ཤོས། མཐའ་མའི་བརྡར་གཅོད་མཁན་བཅས་ལ་འགྱུར་བར་བྱེད་དགོས།
          སྒྱུར་བཅོས་གསར་གཏོད་དང་དུས་བསྟུན་མདུན་སྐྱོད་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ལག་ལེན་ཁྲོད་དུས་བདེ་འཛུགས་སྐྱོང་གི་ཆོས་ཉིད་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་འདུ་ཤེས་ཀྱི་བསམ་ཕྱོགས་དང་། སྒྲིག་སྲོལ་ལམ་སྲོལ། བྱེད་ཐབས་གསར་གཏོད་བཅས་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དང་། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས།