ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཡུན་བོད་གཞུང་ལམ་ཐོག་མཐུན་སྒྲིལ་སྐོར་གླེང་བ།

སྤེལ་དུས 2021-08-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་བཅར་འདྲི་ཚོགས་ཆུང་དང་བཅས་པ་རླངས་འཁོར་ནང་སྤྱི་ལེ་4000ལྷག་ཙམ་བསྐྱོད་དེ་ཡུན་བོད་གཞུང་ལམ་བརྒྱུད་ནས་ལོ་ངོ་70ཡི་གོང་བཅིངས་འགྲོལ་དམག་བོད་ལྗོངས་སུ་དཔུང་སྐྱོད་བྱེད་པའི་རྗེས་ཤུལ་འཚོལ་བ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ཉན་པ། ལམ་རྒྱུད་ཀྱི་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་པའི་འཕེལ་རྒྱས་གསར་པ་དང་། འཕོ་འགྱུར་གསར་པ། རྣམ་པ་གསར་པ་བཅས་ཉམས་ལེན་བྱས་ཡོད།
          ཁོད་སྙོམས་ཞིང་རྒྱ་ཆེ་བའི་སྣུམ་ནག་ལམ་དུ་སྐྱོད་སྐབས་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་ཚེ་རང་བྱུང་གི་མཛེས་ལྗོངས་མིག་མདུན་དུ་མངོན་པ་དང་སྦྲགས། དྭངས་གཙང་མཁའ་རླུང་ལས་ལུས་སེམས་ཡོངས་ལ་བདེ་སྐྱིད་སྦྱིན་ལ་ལོ་རྒྱུས་ཀྱི་འདས་དོན་རེ་རེ་བཞིན་ཡིད་ལ་འཆར། ལོ་ངོ་70ཡི་གོང་ཡུན་ནན་མི་དམངས་ཀྱིས་དཀའ་བ་དུ་མ་ཁྱད་བསད་བྱས་ཏེ་རྒྱལ་གཅེས་ཀྱི་སྤྲོ་སེམས་དང་གསར་བརྗེའི་སྤོབས་སེམས་ཆེན་པོར་བརྟེན་ནས་དཀའ་ངལ་ཁྱད་བསད་དང་ལ་ཀླུང་མང་པོ་བརྒལ་ནས་གཞུང་ལམ་བསྐྲུན་པ་དང་། དམག་རྒྱགས་དབོར་བ། དམག་སྒར་བསྐྲུན་པ། མཛོད་ཁང་བསྐྲུན་པ་བཅས་བྱས་ཏེ་རྒྱ་མ་ཁྲི་བརྒྱའི་དམག་རྒྱགས་དང་དངོས་ཟོག་བཅིངས་འགྲོལ་དམག་བོད་དུ་སྐྱོད་པའི་འཐབ་ས་དང་པོར་བསྐྱལ་བ་དེ་ནི་ཇི་འདྲའི་དཀའ་སྤྱད་འབད་འཐབ་དང་འཆི་རྒྱུར་མི་སྐྲག་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཤིག་ཡིན། དེ་ནི་ཐོག་མའི་བསམ་འདུན་བྲག་ལྟར་བརྟན་པ་དང་བློ་བརྟན་འགྱུར་མེད་ཀྱི་དད་སེམས་བརྟན་པོ་ཞིག་ཡིན། དེ་ནི་སྤུན་ཟླ་ལྟར་བརྩེ་སེམས་དང་ལྟ་རེས་སྐྱོང་རེས་ཀྱི་མི་རིགས་ཀྱི་བརྩེ་སེམས་ཟབ་མོ་ཞིག་ཡིན།
          ལོ་ངོ་70སེ་གོལ་གཏོགས་ཙམ་དང་སྐད་ཅིག་ཉིད་དུ་འདས་ཟིན། བོད་ལྗོངས་ལ་ད་ཆ་ཐོབ་པའི་རླབས་ཆེའི་གྲུབ་འབྲས་ནི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་བཏོད་པ་ཞིག་ཡིན་ལ་མི་རིགས་མཐུན་སྒྲིལ་གྱི་ཡིག་མེད་རྡོ་རིང་ཞིག་ཀྱང་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ང་ཚོས་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འབད་འབུངས་ཡར་བརྩོན། གསར་འབྱེད་གསར་གཏོད་བཅས་བྱས་ནས་སྙིང་སྟོབས་ཀྱི་འོད་སྣང་དང་། དད་སེམས་ཀྱི་སྟོབས་ཤུགས། མཐུན་སྒྲིལ་གྱི་ལམ་བུ་བཅས་ལ་བརྟེན་ཏེ་ཡུན་བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།