ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཀྲུང་ཧྭ་མི་རིཊ་ཀྱི་གཅིག་མཐུན་མ་ལག་འདུ་ཤེས་བརྟན་པོ་འཛུཊ་དགོས།

སྤེལ་དུས 2021-08-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          ལོ་ངོ་བརྒྱ་ལྷག་ཙམ་ནང་།  རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཐུན་མོང་ཐོག་འབད་འཐབ་བྱས་པས་ད་ཆའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་ཐུབ་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་མི་རིགས་ལས་དོན་ལ་འཕྲད་པའི་གནས་བབ་གསར་པ་དང་ཁྱད་ཆོས་གསར་པར་གཞིགས་པ་དང་།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱིས་མི་རིགས་ལས་དོན་ལ་བཏོན་པའི་ལས་འགན་གསར་པ་དང་རེ་བ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཐོག གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་འདུ་ཤེས་བརྟན་པོ་འཛུགས་དགོས་ཞེས་པའི་ཆོད་སྡོམ་གལ་ཆེན་དེ་བཏོན་གནང་བ་དང་།  མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་གི་དགོངས་པ་གལ་ཆེན་རིམ་པས་གྲུབ་པ་དང་། ཕྱོགས་བཅུ་གཉིས་ཐད་ནས་མི་རིགས་ལས་དོན་སྐོར་གྱི་ཏང་གི་རིགས་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ཆ་ཚང་བ་དང་ཁྱོན་ཡོངས་ཀྱི་སྒོ་ནས་བཙུགས་གནང་ཡོད་པས།  ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་དང་། འཕྱུགས་མེད། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པ་དང་ལག་བསྟར་བྱེད་དགོས་ཞེས་བསྟན་ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།