ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་དགོས།

སྤེལ་དུས 2022-08-29 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ།
  ཚེ་སྲོག་རིན་ཆེན་གསེར་ལས་ལྷག མི་དམངས་ཀྱི་ཁེ་ཕན་ཐམས་ཅད་ལས་ལྷག་པ་ཡོད། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་ནི་ལྗོངས་ཡོངས་ཀྱི་མིག་སྔའི་འཐབ་རྩོད་དྲག་པོ་ཞིག་ཡིན་པས་ངེས་པར་དུ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་འགྲན་སློང་དང་ཚོད་བགམ་ལ་ཁ་གཏད་གཅོག་དགོས།
  “མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་དགོས” མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་སྤྱི་འདོམས་བཀོད་སྒྲིག་བྱེད་པའི་རིན་ཐང་གི་སྟོན་ཕྱོགས་ཤིག་ཡིན་པས་རང་རེའི་ཏང་གིས་དམངས་ཆེད་སྲིད་འཛིན་པའི་འདུ་ཤེས་ཀྱི་གསལ་འགྲེལ་ཡག་ཤོས་ཤིག་རེད།
  མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ཚན་རིག་དང་མཐུན་ལ་དོ་ནན་དང་ཏན་ཏིག་ནུས་ལྡན་གྱི་སྒོ་ནས་རིམས་ནད་རིག་པའི་བརྟག་དཔྱད་ཀྱི་ཁུངས་འཚོལ་ལས་དོན་ཡག་པོ་བསྒྲུབས་ཏེ་རིམས་ནད་མཆེད་ལམ་མགྱོགས་མྱུར་བཀག་ཆེད་རྨང་གཞི་འདིང་དགོས་པ་དང་། ཉིང་སྐྱུར་བརྟག་དཔྱད་མི་གཅིག་ཀྱང་མ་ལུས་པའི་འགན་ལེན་དང་ལོགས་འཇོག་དོ་དམ་ཚོད་འཛིན་གནད་ལ་འཁེལ་བ་བྱས་ཏེ་ཉེན་ཁ་སྣ་ཚོགས་ཐོན་བཟོ་ཡོད་པའི་ས་ནས་སེལ་ཐུབ་པ་བྱེད་དགོས་པ། ནུས་ཤུགས་ཡོད་རྒུས་གཏན་འཁེལ་ནད་པ་སྐྱོབ་བཅོས་བྱས་ཏེ་ནད་པ་སྔ་ཙམ་དྲག་སྐྱེད་ཡོང་བར་རོགས་རམ་བྱེད་དགོས་པ། མཁོ་སྤྲོད་འགན་ལེན་དང་འཁོར་རྒྱུག་འགན་ལེན་ལ་ཤུགས་བརྒྱབ་སྟེ་མང་ཚོགས་ཀྱི“ཤ་ཚལ་སྒོང་གསུམ”དང་ཟ་འབྲུ་མཁོ་སྤྲོད་བྱེད་ཚད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བ་བྱས་ནས་མང་ཚོགས་ཀྱི་འཚོ་བར་འགན་ལེན་ཏན་ཏིག་བྱེད་དགོས།
  མི་དམངས་ལྟེ་བར་འཛིན་པ་དང་། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ། ཐམས་ཅད་མི་དམངས་ལ་བརྟེན་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་ནི་ཟུར་ལྟ་བྱེད་མཁན་མེད་པའི་དམངས་ཡོངས་ཀྱི་བྱ་སྤྱོད་ཅིག་དང་ཕྱར་བ་གྲུ་འདེགས་བྱེད་པའི་མི་དམངས་ཀྱི་དམག་འཁྲུག་ཅིག་རེད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འདོན་སྤེལ་གང་ལེགས་བྱས་ནས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་འཛིང་རགས་ཐུན་མོང་ཐོག་བསྐྲུན་ཚེ་གཞི་ནས་ཕྱར་བ་གྲུ་འདེགས་དང་དུས་ངལ་མཉམ་སེལ་གྱི་མཐུན་ཆ་ཆེ་ཤོས་ཡོང་ཐུབ་དང་། སེམས་ཤུགས་གཅིག་སྒྲིལ་དང་བློ་སེམས་གཅིག་སྒྲིལ་གྱི་རིམས་ནད་འགོག་རྒོལ་གྱི་མཉམ་ཤུགས་ཆེན་པོའང་ཆགས་ཐུབ།