དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

​ཞི་ཅིན་ཕིང་གི་ལེགས་བཤད། དབུལ་སྒྲོལ་འགག་སྒྲོལ་སྐོར།

སྤེལ་དུས 2020-05-26 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ།
          གནད་སྨིན་དབུལ་སྐྱོར་བྱེད་པར། འགག་རྩ་ནི་དབུལ་སྐྱོར་བྱེད་ཡུལ་གསལ་པོ་ཤེས་པ་དང་། ཁོང་ཚོའི་ཁྱིམ་གྱི་གནས་ཚུལ་མཐིལ་རྟོགས་གསལ་པོ་བྱེད་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་རེད། སེམས་ལ་གདེང་ཚོད་ཡོད་ན་གཞི་ནས་ལས་ཀར་ཁ་ཕྱོགས་ཡོད། གལ་ཏེ་སུ་ཞིག་མི་འབོར་དབུལ་པོ་ཡིན་པའང་གསལ་པོ་མ་ཤེས་ན། དབུལ་སྐྱོར་ཇི་ལྟར་བྱེད་དགོས་སམ། དབུལ་སྐྱོར་བྱེད་ཡུལ་གསལ་པོ་དགོས་ན། ངེས་པར་དུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་དགོས།
          གནད་སྨིན་དབུལ་སྐྱོར་བྱེད་པར། ངེས་པར་དུ་གནད་སྨིན་ཇུས་འདོན་བྱེད་དགོས། ཡུལ་བབ་དང་མི་ལ་བསྟུན་ནས་ཇུས་འདོན་དང་། དབུལ་པོ་ཆགས་རྐྱེན་དང་བསྟུན་ནས་ཇུས་འདོན། དབུལ་པོའི་རིགས་དང་བསྟུན་ནས་ཇུས་འདོན་བཅས་མཐའ་འཁྱོངས་བྱེད་དགོས། ཤོད་རྒྱུན་དུ། ནད་གཞི་བཅོས་པར་ནད་རྐྱེན་གསལ་པོ་ཤེས་དགོས་ཟེར་བ་ལྟར། དབུལ་སྐྱོར་བྱས་ནའང་དབུལ་པོ་ཆགས་རྐྱེན་གསལ་པོ་ཤེས་པ་བྱེད་དགོས། རྒྱུ་རྐྱེན་མི་འདྲ་བ་དང་རིགས་མི་འདྲ་བའི་དབུལ་པོར་དབུལ་སྒྲོལ་གྱི་བྱེད་ཐབས་མི་འདྲ་བ་སྤྱོད་དགོས་ཏེ། བྱེད་ཐབས་ནུས་ལྡན་སྤྱོད་པ་དང་། མ་དངུལ་གནད་ལ་འཕིགས་པོ་གཏོང་བ། དམིགས་འབེན་རོགས་སྐྱོར་བཅས་བྱེད་དགོས། ས་གནས་ཁག་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ད་ཡོད་མི་འབོར་དབུལ་པོའི་ཁྲོད་མི་གང་དག་ལ་ངལ་ནུས་ཡོད་པ་དང་ཐོན་སྐྱེད་རོགས་སྐྱོར་དང་ལས་ཞུགས་རོགས་རམ་བརྒྱུད་དབུལ་སྒྲོལ་ཐུབ་པ་དང་། མི་གང་དག “ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ཀྱིས་འཚོ་སྐྱོང་མི་ཐུབ་པར” ཡུལ་གཞན་དུ་གནས་སྤོས་བྱས་ཏེ་དབུལ་སྒྲོལ་ཐུབ་རིགས། མི་གང་དག་ངལ་ནུས་ཤོར་བའི་རྐྱེན་གྱིས་སྤྱི་ཚོགས་འགན་སྲུང་བརྒྱུད་ཐ་སྐྱོང་དབུལ་སྐྱོར་བྱེད་དགོས་རིགས། མི་གང་དག་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བའི་རྐྱེན་གྱིས་སྨན་བཅོས་རོགས་སྐྱོབ་བརྒྱུད་དབུལ་སྒྲོལ་བྱེད་དགོས་རིགས་སོགས་ཡིན་པ་གསལ་རྟོགས་བྱེད་དགོས།
——2015ལོའི་ཟླ་6ཚེས་18ཉིན་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གཅིག་གི་དབུལ་སྐྱོར་འགག་སྒྲོལ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་ལས་དྲངས།