དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

ཁྱོན་ཡོངས་འབྱོར་འབྲིང་ཕྱོགས་སུ་ང་ཚོ་མཉམ་དུ་སྐྱོད།

སྤེལ་དུས 2020-05-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          མྱུར་དཔྱད་ནང་། སྤྱི་ཟླ5ཚེས23ཉིན་གྱི་སྔ་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་མཁན་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་པར་ཕེབས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོའི་ངང་ནས། ང་ཚོའི་མི་རབས་འདིར་མང་ཚོགས་དང་ལྷག་དོན་དུ་ཞིང་པ་ཚོར་རོགས་སྐྱོར་བྱེད་པའི་བརྩེ་སེམས་ཤིག་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་མི་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱེད་པ་དང་། ཁྱོན་ཡོངས་འབྱོར་འབྲིང་ཕྱོགས་སུ་ང་ཚོ་མཉམ་དུ་སྐྱོད་དགོས་ཞེས་གསུངས་ཡོད། མི་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱེད་པ་ནས་ང་ཚོ་ཚང་མ་མཉམ་དུ་སྐྱོད་ཅེས་པའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེ་ཤོས་གནང་ཡུལ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་ལམ་བུའི་ཐོག་སྐྱོད་པའི་མི་ཚང་མ་ཡིན་པ་དང་། དེའི་ཆེད་ཁོང་གིས་ཐུགས་ནུས་ཆེན་པོ་བཏོན་གནང་བ་དང་། མི་དམངས་གཙོ་འཛིན་གྱིས་རང་ཉིད་གཏིང་བརྗེད་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བའི་བླ་ན་མེད་པའི་ཐུགས་གཤིས་གང་ལེགས་མངོན་ཡོད་ཅེས་འཁོད་འདུག