དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

དམངས་དོན་ཁྲིམས་གཞུང་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཏན་ཏིག་གཏང་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་སྔར་བས་ལེགས་པ་གཏོང་དགོས།

སྤེལ་དུས 2020-06-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཁྲིམས་གཞུང་གི་མིང་ཐོགས་པའི་བཅའ་ཁྲིམས་དང་པོ་དེ་ཡིན་པའི་ངོས་ནས། དམངས་དོན་ཁྲིམས་གཞུང་གི་མ་ལག་ཆ་ཚང་ཞིང་གཏན་ཚིགས་ཚགས་ཚུད་པ་གང་ཞིག  ཀྲུང་གོ་གསར་པའི་ལོ་ངོ70ལྷག་རིང་གི་དམངས་དོན་བཅའ་ཁྲིམས་ལག་ལེན་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ5000ལྷག་རིང་གི་ཕུལ་དུ་བྱུང་བའི་བཅའ་ཁྲིམས་རིག་གནས། མིའི་རིགས་ཀྱི་ཁྲིམས་སྐྱོང་ཤེས་དཔལ་བཅས་ཀྱི་དགེ་མཚན་ལྡན་པའི་གྲུབ་འབྲས་ཁག་གཅིག་ཏུ་བསྡུས་ཡོད། དམངས་དོན་ཁྲིམས་གཞུང་ནི་མིའི་ཁེ་དབང་ལ་དམ་པོར་གཞིགས་ཏེ་རྩོམ་སྒྲིག་བྱས་ཤིང་། ཆེ་ས་རྒྱུ་ནོར་ དབང་ཆ་དང་། མི་གཤིས་དབང་ཆ། གཉེན་སྒྲིག་ཁྱིམ་ཚང་། ཤུལ་འཛིན་བཅས་ཀྱི་གཏན་འབེབས་དང་དེར་སྲུང་སྐྱོང་བྱེད་པ་ནས། ཆུང་ས་མཐོ་ས་ནས་ཅ་དངོས་ལྷུང་བ་དང་། གཞི་རྒྱུ་རྩོམ་སྒྲིག མྱུར་བགྲོད་མེ་འཁོར་གྱི་སྡོད་གནས་རྩོད་གླེང་། མི་སྒེར་གྱི་གསང་བ། བཟའ་ཚང་ཁ་བྲལ་ཚེ་སྔོན་ལ་བབ་བརླིང་དུས་སྐབས་བརྒྱུད་དགོས་པ་སོགས་སྤྱི་ཚོགས་ཀྱིས་དོ་འཁུར་ཆེ་བ་དང་། མང་ཚོགས་དང་འབྲེལ་འདྲིས་ཆེ་བ། དུས་རབས་ཀྱི་འགྲོས་དང་མཐུན་པ་བཅས་ཀྱི་གནད་དོན་ཡིན་པ་རེད། དེའི་ཐོག་ནས་དམངས་ལ་རེ་འབོད་ཡོད་ན། ཁྲིམས་ཀྱིས་ཡ་ལན་སློག་པའི་དགོངས་དོན་གང་ལེགས་མངོན་ཡོད་པས། དེས་སྤྱི་ཚོགས་ཡོངས་ཀྱི་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པ་དང་། སྤྱི་དམངས་ཡོངས་ནས་བློ་བདེ་བག་ཕེབས་ངང་རང་རང་གི་ལས་ལ་བརྩོན་པའི་སྒུལ་ཤུགས་སྐུལ་སྤེལ་ཐུབ་སྟེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཛུགས་སྐྱོང་བྱ་རྒྱུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐུབ་ངེས་ཡིན་ཞེས་འཁོད་ཡོད།