ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ས་ཁོངས་ཧྲིལ་པོའི་ལྗང་མདོག་སྣོད་བཅུད་འཕེལ་རྒྱས་ཀྱི་ཐོན་ལས་རྨང་གཞི་བརྟན་དུ་གཏོང་དགོས།

སྤེལ་དུས 2018-01-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཉི་མ་ཚེ་རིང་།
          སྣོད་བཅུད་དར་ཚེ་ཤེས་དཔལ་དར་ཐུབ་པ་དང་། སྣོད་བཅུད་ཉམས་ཚེ་ཤེས་དཔལ་ཉམས་སྲིད། སྨྱུག་འཛིན་པས་ས་ཁོངས་ཧྲིལ་པོའི་ལྗང་མདོག་སྣོད་བཅུད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བར་ས་ཁོངས་ཧྲིལ་པོའི་ལྗང་མདོག་སྣོད་བཅུད་འཕེལ་རྒྱས་ཀྱི་ཐོན་ལས་རྨང་གཞི་བརྟན་དུ་གཏོང་དགོས་པའི་ངོས་འཛིན་བྱས་པ་ཡིན།
          དེ་ཡང་ཤུགས་རྒྱག་ས་ལྗང་མདོག་ཐོན་ལས་མ་ལག་འཛུགས་རྒྱུའི་ཐོག་འཇོག་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་ལྗང་མདོག་འདི་ཉིད་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ཀྱི་ཁྲོད་ཁྱབ་པར་བྱས་ཏེ་ལྗང་མདོག་བཟོ་ལས་མ་ལག་དང་། ལྗང་མདོག་ཞིང་ལས་མ་ལག ལྗང་མདོག་ཞབས་ཞུའི་མ་ལག ལྗང་མདོག་རིག་གནས་མ་ལག་བཅས་འཛུགས་རྒྱུར་ཤུགས་རྒྱག་པ་དང་། སྣོད་བཅུད་ཆགས་སྟངས་ལེགས་སུ་གཏོང་བ་དང་། སྣོད་བཅུད་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྣོད་བཅུད་རིག་གནས་སྐྱེད་སྲིང་ཧུར་ཐག་བྱེད་པ། སྣོད་བཅུད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་ཤུགས་རྒྱག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ནགས་བཟོ་སྔོ་འགྱུར་དང་། རྩྭ་ར་དང་འདམ་ར་སྲུང་སྐྱོང་། སྣོད་བཅུད་ས་ཁོངས་སྲུང་སྐྱོང་དང་ཉམས་གསོ་སོགས་ཀྱི་འདུ་འགོད་གལ་ཆེན་ལ་དམ་འཛིན་བྱ་རྒྱུར་ཤུགས་བརྒྱབ་ནས་ཐོན་ཁུངས་མང་གཏོང་དང་། ཐོན་ལས་ཕན་འཕར། ནགས་ཞིང་འབབ་འབར་བཅས་དམིགས་ཚད་དུ་བྱེད་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་གཞིས་རྩེ་གྲོང་ཁྱེར་གྱི་འཕེལ་རྒྱས་མྱུར་པོར་རྨང་གཞི་བརྟན་པོ་འདིང་དགོས།
           གསར་གཏོད་ཀྱི་འགག་གནད་སྒྲོལ་ས་དང་། སྤུས་རྟགས་ཀྱི་ནུས་ཤུགས་འདོན་ས། སྤུས་ཚད་མཐོར་གཏོང་གི་འགག་རྩ་བཅས་ཁོང་དུ་ཆུད་པ་བྱེད་དགོས། གསར་གཏོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཐོན་ལས་གྲུབ་ཆའི་གསར་གཏོད་ལ་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་འཕར་ཚད་ཆེ་རུ་གཏོང་བ་དང་གསོག་འཇོག་བྱེད་ཚད་ལེགས་སུ་གཏོང་དགོས། ཐོན་ལས་ཆགས་སྟངས་གསར་གཏོད་ལ་སྐུལ་འདེད་བཏང་ནས་འདུས་འཛོམས་དང་། གསོག་གྲུབ། ལེགས་བསྡུས་ཞིབ་གཉེར་བཅས་ཀྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཐོན་ལས་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ལྟེ་བའི་འགྲན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་ཆགས་པ་བཅས་བྱས་ཏེ་འཕེལ་རྒྱས་དང་སྣོད་བཅུད་གཉིས་ཁེ་མངོན་འགྱུར་ཐུབ་པ་བྱེད་དགོས། ལེགས་བསྡུས་ཞིབ་གཉེར་དང་ནུས་ཆེའི་ལྗང་མདོག་ཞབས་ཞུའི་ལས་སྒོའི་མ་ལག་ཤུགས་ཆེན་འཛུགས་རྒྱུ་ནི་ས་ཁོངས་ཧྲིལ་པོའི་ལྗང་མདོག་སྣོད་བཅུད་འཕེལ་རྒྱས་བརྟན་དུ་གཏོང་བའི་ཐོན་ལས་རྨང་གཞིའི་འགག་རྩ་ཡིན་པས། ལྗང་མདོག་ཞབས་ཞུའི་ལས་རིགས་ཀྱིས་གོ་སྐབས་སྔ་ཙམ་དམ་འཛིན་གྱིས་སྐས་རིམ་གསར་པའི་ཐོག་སླེབས་པ་བྱ་རྒྱུར་སྐུལ་འདེད་བཏང་ནས་གཞིས་རྩེའི་ལྗང་མདོག་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་སྒུལ་ཤུགས་གསར་པ་བསྣན་དགོས།