ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ཏང་ལ་ཐུག་ཡོད།

སྤེལ་དུས 2018-01-05 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ།
          ཁ་ཕྱོགས་གསལ་སྟོན་དང་། སྤྱི་ཡོངས་ཇུས་འགོད། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་སྐུལ་གཏོང་བཅས་བྱེད་དགོས། གྲོང་གསེབ་ཀྱི་བྱ་བ་ཡག་པོ་སྒྲུབ་པའི་འགག་རྩ་ཏང་ལ་ཐུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་ངེས་པར་དུ་ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དུས་རབས་གསར་པར་གྲོང་གསེབ་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”ལས་དོན་གནས་བབ་གལ་ཆེན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་སྣེ་ཁྲིད་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་དམངས་སེམས་ལ་འབབ་པ་དང་དམངས་འཚོར་ཕན་འདོགས་པའི་བྱ་བཟང་འབོར་ཆེན་ཞིག་བསྒྲུབས་པ་དང་། ཞིང་པ་མང་ཚོགས་ཚོས་སེམས་ཁྲལ་ཆེན་པོ་བྱེད་པའི་སྒྲུབ་དཀའ་བའི་གནད་དོན་ཐག་གཅོད་བྱས་པ། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་འཕེལ་རིམ་གསར་པ་བྱུང་བ། གྲོང་གསེབ་སྒྱུར་བཅོས་ལ་ཚད་བརྒལ་གསར་པ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཅན་གྱི་གོམ་སྟབས་གསར་པ་སྤོས་པ། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་བྱ་གཞག་ཆུ་ཚད་གསར་པར་སླེབས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་པ་གསར་པ་བཏོད་པ། གྲོང་གསེབ་ཀྱི་སྤྱི་ཚོགས་ལ་རྣམ་པ་གསར་པ་མངོན་ཡོད།
          ཞིང་པར་བརྟེན་པ་དང་ཞིང་པ་དུང་ཕྱུར་མང་པོར་བདེ་སྐྱིད་དོན་གཉེར་བྱེད་པ་ནི་རང་རེའི་ཏང་གི་འགན་འཁྲི་གལ་ཆེན་ཞིག་ཡིན་པ་དང་། ཏང་གིས་གྲོང་གསེབ་ལ་དོ་དམ་བྱེད་པ་ནི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་རེད། གྲོང་གསེབ་དར་རྒྱས་གཏོང་བར་ངེས་པར་དུ་ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གྲོང་གསེབ་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ། ཞིང་འབྲེལ་སྡེ་ཚན་གྱི་འགན་འཁྲི་ཁག་བགོས་མཐུན་སྦྱོར་བྱེད་པ། བཟོ་ལས་དང་ཞིང་ལས་མཉམ་དུ་དམ་འཛིན་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་དམ་འཛིན་མཐའ་འཁྱོངས་བྱེད་པ་བཅས་ཀྱིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་བླང་བྱ་དོན་འཁྱོལ་བྱེད་དགོས། 
          གྲོང་གསེབ་ཀྱི་ལས་དོན་སྒྲུབ་མཁན་ལས་བྱེད་པ་དངོས་འབྲེལ་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་དང་། ཁ་ཞེ་གཉིས་མེད་ངང་མང་ཚོགས་ལ་བརྟེན་པ། ཟོལ་མེད་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ལ་དོ་ཁུར་བྱེད་པ། ལྷག་བསམ་རྣམ་དག་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་གྲོང་གསེབ་ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས། ཞིང་ལས་ཤེས་པ་དང་། གྲོང་གསེབ་ལ་དགའ་ཞེན་ཡོད་པ། ཞིང་པར་དགའ་ཞེན་བྱེད་པ་བཅས་ཀྱི“ཞིང་གསུམ”ལས་དོན་གྱི་དཔུང་ཁག་ཅིག་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཚེ་ཏང་གི“ཞིང་གསུམ”བྱ་གཞག་གི་རྨང་གཞི་གཞི་ནས་བརྟན་དུ་འགྲོ་བ་དང་སྲ་བརྟན་གྱི་འདེགས་སྐྱོར་ཐོབ་སྲིད།
          གྲོང་གསེབ་དར་རྒྱས་གཏོང་བ་ནི་འབོད་ཚིག་ཅིག་མིན་པར་དེར་དོ་སྣང་བྱེད་དགོས་པ་ནི“དྲང་པོ”བྱ་རྒྱུ་དེ་རེད། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པར་གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་གཏོང་བ་དང་། མ་དངུལ་གཏོང་བའི་འགན་ལེན་ཤུགས་ཆེན་བྱེད་པ། འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་དངོས་འབྲེལ་རྣམ་པ་གསར་པ་ཞིག་མངོན་པ་བྱེད་དགོས། སྒྱུར་བཅོས་ནི་གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་མཆོག་ཅིག་ཡིན་པས། ངེས་པར་དུ་བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་སེལ་བ། ཁེ་ཕན་གྱི་སྲ་འགྱུར་ར་བ་གཏོར་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ཁུངས་རྒྱུ་རྐྱེན་གཙོ་བོ་འཁྲུག་ཏུ་གཏོང་བ་དང་། རྒྱ་ཆེའི་ཞིང་པའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་མཉམ་དུ་འཕེལ་བར་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་ཞིང་པར་རོགས་སྐྱོར་བྱེད་པ་དང་། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་བ་བཅས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། གྲོང་གསེབ་དར་རྒྱས་གཏོང་བ་ནི་མ་དངུལ་དངོས་སུ་གཏོང་བའི་འཐབ་ཇུས་ཆེན་པོ་ཞིག་རེད། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བའི་འགན་ལེན་བྱས་ནས་ནོར་སྲིད་ཀྱིས་སྔོན་ལ་འགན་ལེན་བྱེད་པ་དང་། དངུལ་རྩས་གཙོ་གནད་གཟིགས་སྐྱོང་བྱེད་པ། སྤྱི་ཚོགས་ཧུར་ཐག་ཞུགས་པ་བཅས་ཀྱི་མ་དངུལ་གཏོང་སྟངས་སྣ་མང་གི་བཀོད་པ་ཞིག་གང་མགྱོགས་ཆགས་པར་བྱས་ཏེ། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ཁ་ཐོར་དགུ་ཐོར་ཡིན་པའི་ད་ལྟའི་གནས་ཚུལ་ལ་སེམས་ཐག་གཙང་བཅད་ཀྱིས་འགྱུར་ལྡོག་གཏོང་བ་དང་ཞིང་འབྲེལ་མ་དངུལ་གཅིག་གྱུར་འཆར་འགོད་དང་བསྡུ་སྒྲིལ་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་དུས་ཡུན་རིང་ལ་ལོ་རྒྱུས་རང་བཞིན་གྱི་ལས་འགན་ཞིག་ཡིན་པས། ཕྱོགས་རེ་གཅིག་ཁོ་ན་མྱུར་ཚད་དོན་གཉེར་བྱེད་མི་རུང་ལ་སྒྲ་གྲགས་མ་ཐག་འུར་ལངས་བྱེད་མི་རུང་བར། བསམ་ཕྱོགས་དང་ལས་འགན་གཏན་འཁེལ་བྱེད་པ་དང་ཕུགས་ཀྱི་ཁ་ཕྱོགས་ཁ་གསལ་བཟོས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་གདུང་བཞི་ཀ་བརྒྱད་ཅིག་ཡག་པོ་སྐྲུན་དགོས།
          ཀྲུང་གོ་སྟོབས་ཆེན་དགོས་ན་ངེས་པར་དུ་ཞིང་ལས་སྟོབས་ཆེར་གཏོང་དགོས་པ་དང་། ཀྲུང་གོ་མཛེས་སྡུག་ལྡན་པ་དགོས་ན་ངེས་པར་དུ་གྲོང་གསེབ་མཛེས་སྡུག་ལྡན་པར་བྱེད་དགོས་པ། ཀྲུང་གོ་ཕྱུག་པོ་དགོས་ན་ངེས་པར་དུ་ཞིང་པ་ཕྱུག་པོ་ཆགས་པར་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། )