ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

གནད་སྨིན་འདུ་ཤེས་བཅངས་ནས་གནད་སྨིན་འགན་འཁྲི་ཏན་ཏིག་སྒྲུབ་དགོས།

སྤེལ་དུས 2018-02-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཧོང་ཀྲི་ཝུའུ་ཡིས།
          གནད་སྨིན་འགན་འཁྲི་བསྒྲུབ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རང་རྟོགས་ཀྱི་ལག་ལེན་ཞིག་རེད་ལ། དུས་སྐབས་གསར་པའི་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད། སྲིད་གྲོས་ལས་དོན་ཐད་གནད་སྨིན་འདུ་ཤེས་བརྟན་པོར་བཅངས་ཏེ་གནད་སྨིན་འགན་འཁྲི་སྒྲུབ་པ་དང་། ཞིབ་ཚགས་ཅན་དང་གནད་སྨིན་ཅན་ལ་སྣང་ཆེན་གྱིས་གནས་ཚུལ་དངོས་ཁོང་དུ་ཆུད་པ་དང་། འགན་སྒྲུབ་ཁ་ཕྱོགས་གནད་འཁེལ་འདེམས་པ། ཕན་ཆེའི་རམ་འདེགས་དོན་གཉེར་བྱེད་པ། གནད་སྨིན་ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས།
          གནད་སྨིན་འགན་འཁྲི་བསྒྲུབ་རྒྱུ་ནི་ཇུས་བཟང་དོན་གཉེར་རམ་ཐབས་དངོས་འདོན་པ་དང་འབྲེལ་བ་ཡོད་པས། མི་དམངས་སྲིད་གྲོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། བཀོད་སྒྲིག་གསར་པ། བླང་བྱ་གསར་པ་བཅས་གཅིག་འདོམས་དང་། “གྲོས་འགོ་དངོས་འདོན་པ་དང་། ཇུས་བཟང་དོན་གཉེར། ཐབས་དངོས་འདོན་པ”བཅས་ལག་བསྟར་གཙོ་གནད་དུ་བྱེད་པ། “གནད་སྨིན་ཅན་དང་། ཞིབ་ཚགས་ཅན། ཕན་འབྲས་ཆེ་བ། ཕན་པ་ཐོབ་པ”བཅས་ཀྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས། འགན་འཁྲི་སྒྲུབ་སྟངས་ལེགས་སུ་གཏོང་བ་དང་། འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། འགན་འཁྲི་སྒྲུབ་པའི་ཕན་པ་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་མཐུན་སྦྱོར་གྱི་འབྲེལ་བ་དང་། སྟོབས་ཤུགས་གཅིག་སྡུད། ཐབས་འདོན་ཇུས་འདོན། སྤྱི་ཡོངས་ལ་ཞབས་འདེགས་བཅས་སྔར་བས་ལེགས་པའི་སྒོ་ནས་བརྩོན་ལེན་བྱེད་དགོས།
          གནད་སྨིན་འགན་འཁྲི་སྒྲུབ་པར་ངེས་པར་དུ་གནས་ཚད་མཐོ་པོ་དང་སྤྱི་ཡོངས་ལ་དོན་གཉེར་བྱེད་དགོས། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ཏེ་སྲིད་གྲོས་ཀྱི་འགན་འཁྲི་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུས་ནས་སྤྱི་ཡོངས་ལ་དམ་ཟབ་ཞུགས་ཏེ་སྲིད་གྲོས་ཀྱིས་འགན་འཁྲི་སྒྲུབ་པའི་འཇུག་སྒོ་དང་ཤུགས་རྒྱག་ས་ཏན་ཏིག་བཙལ་ནས་དོན་གནད་ཐད་སྲིད་གླེང་དང་དགོས་མཁོའི་ཐད་རོགས་རམ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་སྲིད་ཀྱི་ལྟེ་བའི་ལས་དོན་དང་བློ་སེམས་གཅིག་མཐུན་དང་བསམ་པ་གཅིག་མཐུན་ཡོང་བར་བྱེད་དགོས།
          གནད་སྨིན་འགན་འཁྲི་སྒྲུབ་པར་དོན་དངོས་གནས་ཚུལ་ལ་ཞིབ་བཤེར་དང་དོན་དངོས་བསྒྲུབ་རྒྱུར་དམ་པ་དོན་གཉེར་བྱེད་དགོས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་གྱིས་ཐོག་མཐའ་བར་གསུམ་དུ་བྱ་ཐབས་དོན་དངོས་ཡིན་མིན་དང་ཕན་འབྲས་ཡག་ཉེས་ཚད་གཞིར་བྱས་ནས་གཞི་རྩའི་རྩལ་ནུས་ཡག་པོ་སྦྱོང་རྒྱུར་བརྟག་ཞིབ་བྱེད་པ་དང་། དམངས་གཙོའི་ལྟ་སྐུལ་དབང་ཆ་བེད་སྤྱོད་ཡག་པོ། འཐབ་ས་དང་པོར་བསྐྱོད་ནས་དཀའ་གནད་སེལ་བ་བཅས་བྱས་ཏེ་སྲིད་གྲོས་ཀྱི་གྲོས་གཞི་དང་། བརྟག་དཔྱད་སྙན་ཞུ། གྲོས་གཞི། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་འདུན་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་སྤྱོད་པ་དང་། གནས་ཚུལ་ཤེས་པ། ལས་སྒོ་ཤེས་པ། འབྲེལ་བ་རྒྱ་ཆེ་བ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གནད་སྨིན་གྲོས་འགོ་འདོན་པ་དང་གནད་སྨིན་རམ་འདེགས་བྱས་ཏེ་སྲིད་གྲོས་ཀྱི་འགན་འཁྲི་གནད་སྨིན་དོན་ཐོག་ཏུ་འཁྱོལ་བ་དང་ཞབས་ཞུ་རམ་འདེགས་ལ་གནད་སྨིན་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།