ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་འཛུགས་དགོས།

སྤེལ་དུས 2018-10-31 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། བོད་ལྗོངས་ཉིན་རེའི་​ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
             ཕུགས་ཇུས་ཀྱི་རྩ་བ་སློབ་གསོ་ཡིན། སློབ་གསོའི་རྩ་བ་དགེ་རྒན་ཡིན།
             ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོའི་འཇོན་ཐང་ཆེ་བ། མི་སྐྱོང་ཆུ་ཚད་མཐོ་བ་བཅས་ཀྱི་བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་ཅིག་འཛུགས་པ་ནི་སློབ་གྲྭ་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་པར་ངེས་པར་དུ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དགེ་རྒན་གྱི་ཆེད་ལས་བྱང་ཚད་དང་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཏང་དང་མི་དམངས་བློ་ཡིད་ཚིམ་པའི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་གསར་གཏོད་རྣམ་པའི་དགེ་རྒན་དཔུང་ཁག་ཅིག་གཏོད་དགོས།
             དགེ་རྒན་ནི་མིའི་རིགས་ཀྱི་རྣམ་ཤེས་བཙོ་སྦྱངས་མཁན་ཡིན་ལ་མིའི་རིགས་ཀྱི་ཤེས་དཔལ་རྒྱུན་འཛིན་པ་ཡང་ཡིན་པས་ཤེས་བྱ་བརྒྱུད་སྤེལ་དང་། བསམ་བློ་བརྒྱུད་སྤེལ། བདེན་དོན་བརྒྱུད་སྤེལ་བཅས་བྱས་ཏེ་རྣམ་ཤེས་བཙོ་སྦྱངས་དང་། ཚེ་སྲོག་སྐྱོང་བ། མི་གསར་གསོ་བ་བཅས་དུས་རབས་ཀྱི་འགན་འཁྲི་ལྕི་པོ་འཁུར་བཞིན་ཡོད་པ་དང་། ཁོང་རྣམས་ནི་སློབ་གསོ་འཕེལ་རྒྱས་ཀྱི་ཐོན་ཁུངས་དང་པོ་ཡིན་ལ་རྒྱལ་ཁབ་མངའ་ཐང་རྒྱས་པ་དང་། མི་རིགས་དར་རྒྱས་ཡོང་བ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཀྱང་རེད།
             དགེ་རྒན་ནི་སློབ་གསོ་སྐྱོང་བའི་རྩ་བ་ཡིན་ལ་སློབ་གསོ་དར་བའི་འབྱུང་རྩའང་རེད། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བར་ངེས་པར་དུ་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་དགེ་རྒན་གྱི་དཔུང་ཁག་ཅིག་ཡོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དེས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད་ལ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཐད་ལའང་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད་ཅེས་ནན་བཤད་གནང་ཡོད། དུས་རབས་ཇི་ཙམ་གྱིས་མདུན་དུ་སླེབས་ཚེ་ཤེས་བྱ་དང་ཤེས་ལྡན་པའི་གལ་ཆེའི་རང་བཞིན་དེ་ཙམ་གྱིས་མངོན་གསལ་དོད་པ་དང་། སློབ་གསོ་དང་དགེ་རྒན་གྱི་གནས་བབ་དང་ནུས་པའང་དེ་ཙམ་གྱིས་འབུར་དུ་ཐོན་ཡོད། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་སློབ་གསོའི་ལས་དོན་ལ་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་བཞིན་ཡོད། ང་ཚོས་ངེས་པར་དུ་འཐབ་ཇུས་ཀྱི་མཐོ་ཚད་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱས་ཏེ། དགེ་རྒན་དཔུང་ཁག་གི་འཛུགས་སྐྱོང་རྨང་གཞིའི་ལས་དོན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།
             “དགེ་རྒན་ནི་འཇིག་རྟེན་པའི་མིག་དཔེ་རེད” ཤེས་བྱ་བརྒྱུད་སྤེལ་བ་ཞིག་ཡིན་ཚེ། དང་ཐོག་མར་རང་ཉིད་ཀྱིས་ཤེས་བྱའི་སྙིང་པོ་ཤེས་པ་དང་ཤེས་བྱར་ཡིད་ཆེས་བྱེད་དགོས་པ་དང་། སློབ་གསོ་བ་ཞིག་ཡིན་ཕྱིན་དང་ཐོག་རང་ཉིད་ལ་སློབ་གསོ་ཐོབ་དགོས། དགེ་རྒན་ལ་དཔེ་སྟོན་གྱི་རང་བཞིན་ཆེན་པོ་ལྡན་ཞིང་། སློབ་མ་དམར་ཞིང་མཁས་པ་དགོས་ཚེ་ཐོག་མར་དགེ་རྒན་རང་ཉིད་དམར་ཞིང་མཁས་པ་དགོས་པ་དང་། སློབ་མར་ཆབ་སྲིད་བརྟན་པོ་དགོས་ཚེ་དང་ཐོག་དགེ་རྒན་རང་ཉིད་ལ་ཆབ་སྲིད་བརྟན་པོ་ཡོད་དགོས། དགེ་རྒན་ཡིན་ཕྱིན་ཀུན་སྤྱོད་མཆོག་ཏུ་འཛིན་དགོས་པས་དགེ་རྒན་གྱི་སྤྱོད་ཚུལ་དེ་དགེ་རྒན་དཔུང་ཁག་གི་བྱང་ཚད་ལ་གདེང་འཇོག་བྱེད་པའི་ཚད་གཞི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་དང་། དཔེ་ཁྲིད་དང་མི་སྐྱོང་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས། ངག་སློབ་དང་དཔེ་སྟོན་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས། རིག་པ་བསྒྲིམས་ནས་སློབ་ལ་གཞོལ་བ་དང་སྤྱི་ཚོགས་ལ་དོ་ཁུར་བྱེད་པ་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས། རིག་གཞུང་རང་དབང་དང་རིག་གཞུང་ཚད་ལྡན་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བཅས་ཀྱི་སྒོ་ནས་རྒྱ་ཆེའི་དགེ་རྒན་ཚོར་འཛམ་གླིང་ལ་རྒྱང་ལྟ་དང་། མེས་རྒྱལ་སེམས་སུ་འཇོག་པ། སེམས་ལ་བོད་ལྗོངས་འཆང་བ། ཀུན་སྤྱོད་ལ་བརྟེན་ནས་རང་ཉིད་འཕེལ་རྒྱས་དང་། ཀུན་སྤྱོད་ལ་བརྟེན་ནས་སློབ་གཉེར་ལ་འབད་པ། ཀུན་སྤྱོད་ལ་བརྟེན་ནས་སློབ་གསོ་གཏོང་བ། རིག་པ་བསྒྲིམས་ནས་སློབ་གཉེར་བྱེད་པ། ནུས་ཤུགས་ཡོད་རྒུས་མི་སྣ་སྐྱོང་བ་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། ཕུགས་བསམ་གྱི་དད་སེམས་དང་། ཀུན་སྤྱོད་ཀྱི་བྱང་ཚད། ཤེས་བྱ་ཡོན་ཏན། བྱམས་བརྩེའི་སེམས་པ་བཅས་ལྡན་པའི་དགེ་རྒན་བཟང་པོ་ཞིག་བྱ་རྒྱུ་དང་། གཤིས་སྤྱོད་ལ་ཞུན་བརྡར་དང་། ཤེས་བྱ་སྦྱོང་བ། བསམ་ཕྱོགས་གསར་གཏོད། མེས་རྒྱལ་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་སློབ་མའི་ལམ་སྣེ་འཁྲིད་མཁན་ཞིག་བྱེད་དགོས།
             མི་དམངས་ཀྱི་དགེ་རྒན་ལ་བླ་ན་མེད་པའི་གཟི་བརྗིད་ལྡན་པས་དགེ་རྒན་ཚང་མས་གཟི་བརྗིད་འདིར་གཅེས་སྤྲས་དང་ལས་རིགས་འདིར་གཅེས་སྤྲས་ཀྱིས་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་རང་ཉིད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། དགེ་རྒན་ཞིག་བྱེད་པར་དཔེ་ཁྲིད་མི་སྐྱོང་གི་ལས་ལ་འབད་དགོས་པ་མ་ཟད། སློབ་གསོར་དགའ་བའི་ཚུགས་ནུས་དང་ཁེ་གྲགས་སྤོང་བའི་བརྟན་སྲུང་ཀྱང་ཡོད་དགོས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དང་དེར་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་བཅས་ཁོང་དུ་ཆུད་པར་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་བཅས་ལ་བརྟེན་ནས་གནད་དོན་ལ་དབྱེ་ཞིབ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། རིག་གཞུང་ཞིབ་འཇུག་ལ་བཀག་སྡོམ་ཁུལ་མེད་པ་དང་བཤད་ཁྲིད་སྟེགས་བུར་སྒྲིག་ཁྲིམས་ཡོད་པ་རང་རྟོགས་ངང་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ལ་འགན་འཁུར་བ་དང་། སྤྱི་ཚོགས་ལ་འགན་འཁུར་བ། སློབ་མར་འགན་འཁུར་བ། བཤད་སྟེགས་ལ་གུས་སྐྲག བཤད་སྟེགས་ལ་གཅེས་སྤྲས། བཤད་སྟེགས་ལ་དགའ་ཞེན་བཅས་ཀྱི་སྒོ་ནས་སློབ་ཚན་ཚང་མ་དོ་དོ་ནན་ནན་གྱིས་འཁྲིད་པ། “འབྱོར་པས་ཡིད་མི་འཁྲུལ། དབུལ་བས་བློ་མི་འགྱུར། དྲག་པོས་མགོ་མི་སྒུར” “ཁེ་ཕན་ལ་མགོ་བོ་མི་འདོགས་པའི”ཉམས་འགྱུར་བརྟན་སྲུང་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དར་སྤེལ་བཏང་སྟེ་ཤེས་བྱ་ཁྲིད་སློབ་དང་། སློབ་ཚན་འཁྲིད་པ། དོགས་པ་སེལ་བ་བཅས་ཀྱི་བརྒྱུད་རིམ་ནང་མི་ཚེའི་རིན་ཐང་མངོན་པ་དང་མི་ཚེའི་སྤྲོ་སྣང་ཉམས་སུ་མྱོང་དགོས།
             དགེ་རྒན་ནི་ལམ་སྟོན་སྒྲོན་མེ་དང་དཔྱིད་ཀྱི་སྦྲང་ཆར་ཟིལ་མ་ལྟ་བུ་རེད་ལ། མིའི་རིགས་ཀྱི་རྣམ་ཤེས་བཙོ་སྦྱངས་མཁན་དང་གནམ་འོག་ས་གཞི་ཀུན་ཏུ་ཆེས་གཟི་བརྗིད་ལྡན་པའི་ལས་རིགས་ཤིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ་དགེ་རྒན་གྱི་ཀུན་སྤྱོད་བླ་ན་མེད་པ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་མཐུན། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱས་ཚེ། སློབ་གསོའི་བྱ་གཞག་སྒྱུར་བཅོས་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ཐུབ་ངེས་རེད།