ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཁ་ཚ་དགོས་གཏུགས་ཀྱི་དྲོ་སྐྱིད།

སྤེལ་དུས 2018-11-01 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།

            མི་དམངས་དྲ་བའི་འཕྲིན། “དེར་ཉེན་གཡོལ་བྱེད་སྐབས་དངོས་གནས་བློ་བདེ་པོ་འདུག བསྲེག་བཟས་དང་མོག་མོག་ཟ་རྒྱུ་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན” ཀྲ་ཧོང་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་མཐུན་སྦྱོར་འོག་ཀྲ་ཧོང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཁང་དུ་ཉེན་གཡོལ་བྱེད་པར་ཡོང་བའི་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཞའོ་ཙོའུ་ཡིས་བཤད།

            ཚེས་6ཉིན་གྱི་ཐོ་རེངས་སུ་པེ་ཧའེ་ཏའོ་ལྷོ་རྒྱུད་དུ་ས་ཡོམ་རིམ་པ་6.7བརྒྱབ་པ་དང་ཀྲ་ཧོང་གྲོང་ཁྱེར་གྱི་སྐྲུན་དངོས་ལ་གནོད་འཚེ་ཆེན་པོ་དེ་ཙམ་ཕོག་མེད་ཀྱང་པེ་ཧའེ་ཏའོ་ཡོངས་ཀྱི་གློག་ཆད་པར་བརྟེན་ཀྲ་ཧོང་ཆན་སུའེ་གནམ་ཐང་གསར་པ་སྒོ་རྒྱག་དགོས་བྱུང་བ་དང་ལྕགས་ལམ་དང་འགྲིམ་འགྲུལ་ཚང་མ་ཆད་པ་མ་ཟད། མགྲོན་ཁང་ཁག་གཅིག་གི་ཆུ་གློག་ཆད་པར་བརྟེན་སྒོ་རྒྱག་དགོས་བྱུང་བ་དང་སྒོ་རྩིས་ཚོང་ཁང་ནང་དུའང་བཟའ་བཅའ་འཚོང་རྒྱུ་མེད་པར་གྱུར་ནས་པེ་ཧའེ་ཏའོ་རུ་ཡུལ་སྐོར་བྱེད་པར་ཡོང་མཁན་ཀྲུང་གོའི་ཡུལ་སྐོར་བ་མི་ཉུང་བ་ཞིག་ཀྲ་ཧོང་དུ་ལུས་པ་རེད།
            ཞའོ་ཙོའུ་དང་ཁོང་གི་གྲོགས་པོ་རི་པིན་གྱི་སན་ཁྲུང་རྫོང་ནས་ཀྲ་ཧོང་དུ་ཡུལ་སྐོར་ལ་ཡོང་སྟེ་ཚེས་6ཉིན་ཀྲ་ཧོང་ནས་ཐོན་རྩིས་ཡོད་མོད། བསམ་ཡུལ་ལས་འདས་པར་ཉིན་དེའི་ཐོ་རེངས་སུ་ས་ཡོམ་བརྒྱབ། སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ལ་བློ་འདྲི་བྱས་རྗེས་ཁོང་གཉིས་ཀྲ་ཧོང་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་སྤྱི་ཁྱབ་ཁང་གནས་སའི་ཀྲ་ཧོང་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཁང་དུ་ཉེན་གཡོལ་བྱེད་པར་ཡོང་རྒྱུའི་སེམས་ཐག་བཅད་པ་རེད།
            ས་ཡོམ་རྗེས་ཀྱི་འཕྲལ་སྡོམ་གནས་སྐབས་རོགས་སྐྱོབ་ལྟེ་གནས་དེས་རིན་མེད་ངང་སྡོད་གནས་མཁོ་འདོན་བྱས་པ་མ་ཟད། ཟས་ཞིམ་པོའང་མཁོ་འདོན་བྱས་ཤིང་། “ཀྲ་ཧོང་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཁང་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཀྲུང་གོའི་སྤུན་ཟླ་ཐུག་རྒྱུ་ཡོད་པས་ཚང་མ་བློ་བདེ་པོ་བྱུང་བ་དང་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་ཀྲ་ཧོང་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་སྤྱི་ཁྱབ་ཁང་གིས་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བས་ང་ཚོར་སེམས་འགུལ་ཟབ་མོ་ཐེབས་བྱུང”ཞེས་ཞའོ་ཙོའུ་ཡིས་བཤད།
            དེར་ཉེན་གཡོལ་བྱེད་པར་ཡོང་མཁན་ཀྲུང་གོའི་ཡུལ་སྐོར་བས་གྲོགས་ཚོགས་ནང་རང་ཉིད་བདེ་འཇགས་ཡིན་པའི་སྐོར་བསྐུར་བ་དང་འབྲེལ་ཀྲ་ཧོང་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་ཀྲ་ཧོང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་སྤྱི་ཁྱབ་ཁང་ལ་བསྟོད་པའང་ཕུལ་བ་རེད།
            སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ལས་དོན་མི་སྣས་པེ་ཧའེ་ཏའོ་རུ་ས་ཡོམ་བརྒྱབ་རྗེས་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་འཕྲལ་མར་འཕྲལ་སྡོམ་ལས་དོན་ཚོགས་ཆུང་བཙུགས་པ་དང་ས་གནས་འདི་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱི་སྦྱོང་སློབ་མའི་དང་བླངས་པ་སྒྲིག་འཛུགས་བྱས་ནས་ཀྲུང་གོ་བར་རོགས་རམ་བྱས་པ་རེད། མིག་སྔའི་བར་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ལ་ཀྲུང་གོའི་ཡུལ་སྐོར་བའི་རོགས་སྐྱོབ་ཁ་པར་1000ལྷག་ཙམ་འབྱོར་བ་དང་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་འཕྲལ་མར་གདན་སོགས་དངོས་ཟོག་སྤྲད་པ་དང་ཀྲ་ཧོང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་སྤྱི་ཁྱབ་ཁང་གི་ཚོགས་གཙོ་ཁྲེན་ཡུན་ཀང་དང་ཚོགས་གཙོ་གཞོན་པ་ཅའོ་པའེ་ཁོན་གྱིས་ས་གནས་དེ་གའི་ཕྱིར་སྡོད་རང་མི་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཉེན་གཡོལ་ཡུལ་སྐོར་བར་འཕྲལ་སྡོམ་དངོས་ཟོག་མཁོ་འདོན་བྱས་པ་རེད་ཅེས་ངོ་སྤྲོད་བྱས།
            ཁྲེན་ཡུན་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དེར་སྔ་རྗེས་སུ་མི་བརྒྱ་ལྷག་ཙམ་ཉེན་གཡོལ་བྱས་ཡོད། མང་ཤོས་སུ་ཞག་སྡོད་བྱེད་མཁན་མི་50ལྷག་ཙམ་ཡོད། ཐོག་སོ་དང་པོའི་ཟ་ཁང་དང་ཐོག་སོ་གསུམ་པའི་གསེར་ཁབ་རྒྱག་ས་གནས་སྐབས་ཞག་སྡོད་ཁུལ་དུ་གྱུར་ཡོད་ཅེས་བཤད།
            ཁྲེན་ཡུན་ཀང་དང་ཅའོ་པའེ་ཁོན་གྱིས་པེ་ཧའེ་ཏའོ་ལ་ས་ཡོམ་དྲག་པོ་རྒྱག་སྐབས་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ལས་དོན་ལ་གཞོགས་འདེགས་བྱས་ནས་ཀྲུང་གོའི་ཡུལ་སྐོར་བར་རོགས་རམ་བྱ་རྒྱུ་ནི་ང་ཚོའི་དོར་ཐབས་བྲལ་བའི་འགན་འཁྲི་ཞིག་ཡིན། ཆ་རྐྱེན་དེ་ཙམ་མེད་ནའང་ཀྲུང་གོའི་ཡུལ་སྐོར་བར་གནོད་འཚེ་ཕོག་སྐབས་མེས་རྒྱལ་དང་སྤུན་ཟླའི་དོ་ཁུར་ཚོར་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྭ་དབྱི་དང་ཅང་ཆའོ་མེས།