ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

རྟ་ཟམ་སྦྲག་ལམ་ནས་རིག་ནུས་ཁ་པར་བར་གྱི་འཕེལ་རྒྱས།

སྤེལ་དུས 2018-12-21 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
                  སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་། BPབརྒྱུད་འབོད་ཁ་པར་དང“ཏ་ཀེ་ཏ”ལག་ཐོགས་ཁ་པར་སོགས་འཕེལ་རྒྱས་མཚོན་པའི་ཅ་དངོས་རེ་རེ་མི་རྣམས་ཀྱི་འཚོ་བའི་ནང་རིམ་བཞིན་དར་བ་དང་། ཁ་པར་སྦྲེལ་མཐུད་མཁན་སོགས་ནི་སྐབས་དེ་དུས་ཀྱི་གསར་དར་ལས་རིགས་ཡིན་པ་དང་མགྱོགས་མྱུར་ཐོན་ནས་རིམ་གྱིས་མེད་པར་གྱུར་ཡོད། མི་རྣམས་ཀྱི་སེམས་ཁམས་ལ་དྲོ་སྐྱིད་མཚོན་པའི་ཡི་གེ་འབྲི་བ་དང་། ཡི་གེ་བསྐུར་བ། ཡིག་ལན་གཏོང་བ་སོགས་ཀྱི་འཚོ་བའི་རྣམ་པ་དེ“00”ལོའི་རྗེས་སྐྱེས་པའི་མི་རྣམས་ཀྱི་ངོས་ནས་བརྗོད་ན་ཆ་རྒྱུས་མེད་པའི་ཚོར་སྣང་ཞིག་ཡོང་སྲིད། ད་ཆ་ལག་ཐོགས་ཁ་པར་དང་སྒུལ་བདེའི་དྲ་རྒྱ་ཡོད་པས་ང་ཚོས་ཕྱིར་དོན་མི་དགོས་པར་ཐག་རིང་གི་གཉེན་ཉེ་དང་འབྲེལ་བ་བྱེད་ཐུབ། འཕྲིན་གཏོང་བྱེད་སྟངས་ཀྱི་འཕོ་འགྱུར་གྱིས་ལོ་40ཡི་རིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་དེ་བཞིན་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་མཚོན་གྱི་ཡོད།