ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

གནས་བབ་ཀྱི་འགྱུར་ལྡོག་ཁྲོད་ནས་གནས་བབ་ལས་བརྒལ་བར་རེ་སྒུག་བྱེད་པ་སྟེ། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་༢༠༡༨།

སྤེལ་དུས 2018-12-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
               མཇུག་སྒྲིལ་ལ་ཉེ་བའི་སྤྱི་ལོ་༢༠༡༨ལོར། ཁོ་རེ་ཡ་ཕྱེད་གླིང་ཕྲན་ལ་འགྱུར་ལྡོག་མང་བའི་དོན་ཆེན་མང་པོ་ཐོན་ཡོད་པ་དང་། གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད། མ་གཞི་དེའི་ཁྲོད་དཀའ་ཁག་ཟམ་མི་ཆད་པ་འཕྲད་པ་དང་། དོན་དག་རྙིང་པ་མི་ཉུང་བ་ཞིག་གནས་ཡོད། འོན་ཀྱང་གཅིག་རྗེས་གཉིད་མཐུད་དུ་ཐོན་པའི་ངོ་མཚར་འགོག་ཐབས་བྲལ་ཡོད། མ་གཞི་འགལ་བ་སྔར་བཞིན་གནས་མོད། འོན་ཀྱང་ཕྱེད་གླིང་ཕྲན་གྱི་ཞི་བདེའི་སྒེའུ་ཁུང་སྔར་བཞིན་ཕྱེ་ཡོད་པས། མི་རྣམས་ཀྱིས་མདུན་ལྗོངས་ལ་རེ་བས་ཁེངས་ཡོད།
               དོན་ཆེན་དེ་དག་གི་ཁྲོད་ནས་གལ་འགངས་ཆེ་ཤོས་ཤིག་ནི། སྤྱི་ཟླ་༦པའི་ཚེས་༡༢ཉིན་བྱང་ཁོ་རེ་ཡ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ལོ་རྒྱུས་རང་བཞིན་གྱི་གྲོས་མོལ་བྱས་པ་དེ་ཡིན་པ་སྨོས་མེད་ཡིན། བྱང་ཁོ་རེ་ཡའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་སེང་ག་ཕོར་དུ་གྲོས་མོལ་ཐེངས་དང་པོ་བྱས་ནས། ཁོ་རེ་ཡ་ཕྱེད་གླིང་ཕྲན་དུ་ཉིང་རྡུལ་མེད་པ་ཅན་དང་ཞི་བདེའི་སྒྲིག་གཞི་འཛུགས་སྐྱོང་བྱེད་རྒྱུ་སོགས་ཀྱི་ལས་དོན་ཐད་གྲོས་མོལ་བྱས་ཡོད་པ་རེད།
               རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། བྱང་ཁོ་རེ་ཡང་དང་ཨ་རིའི་འབྲེལ་བ་གསར་པ་ཧུར་ཐག་ངང་འཛུགས་རྒྱུ་ཡིན་པ་དང་། ཁོ་རེ་ཡ་ཕྱེད་གླིང་ཕྲན་ཡུན་རིང་བརྟན་ལྷིང་ཡོང་བའི་ཞི་བདེའི་སྒྲིག་གཞི་འཛུགས་སྐྱོང་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། ཨ་རིའི་ཕྱོགས་ཀྱིས་བྱང་ཁོ་རེ་ཡ་ཕྱོགས་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་རྒྱུའི་དམ་བཅའ་བཞག་པ་དང་། བྱང་ཁོ་རེ་ཡ་ཕྱོགས་ཀྱིས་ཕྱེད་གླིང་ཕྲན་ལ་ཉིང་རྡུལ་རྩ་བ་ནས་མེད་པ་ཅན་གྱི་ཕྱོགས་སུ་འབད་པ་བྱེད་རྒྱུ་ཡིན་པའི་དམ་བཅའ་བཞག་པ་རེད། ལོ་ངོ་བཅུ་ལྷག་ཙམ་བརྒྱུད་པའི་ཆབ་སྲིད་བར་གྱི་འབྲེལ་གཅོད་དང་དམག་དོན་གྱི་གདོང་ཐུག་བརྒྱུད་པ་དང་། ཡུན་རིང་དགྲར་འཛིན་གྱི་བྱང་ཁོ་རེ་ཡ་དང་ཨ་རི་རྒྱལ་ཁབ་གཉིས་པོས་གཞི་ནས་ཁ་ཕྱོགས་གཅིག་པའི་ཕྱོགས་སུ་བསྐྱོད་དེ། སྐད་ཆ་ཤོད་རེས་དང་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཐག་གཅོད་བྱེད་པའི་གོམ་པ་གལ་ཆེན་ཞིག་སྤོས་པ་རེད།
               ཁོ་རེ་ཡ་ཕྱེད་གླིང་ཕྲན་དུ་འདི་ལོའི་ལོ་འགོ་ནས་བཟུང་སྐད་ཆ་ཤོད་རེས་བྱས་ནས་ཞི་ལྷོད་དུ་གཏོང་བའི་འཕེལ་ཕྱོགས་མངོན་པ་དང་། བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་མི་སྣས་སིང་ག་ཕོར་དུ་ལག་གདང་སྦྲེལ་བའི་བར་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡ། བྱང་ཁོ་རེ་ཡ་དང་ལྷོ་ཁོ་རེ་ཡ། ལྷོ་ཁོ་རེ་ཡ་དང་ཨ་རི་བཅས་ཀྱི་འགོ་ཁྲིད་པའི་བར་ཁག་སོ་སོར་གྲོས་མོལ་བྱས་པའི་བར། ཕྱེད་གླིང་ཕྲན་གྱི་གནས་བབ་ཞི་ལྷོད་དུ་བགྲོད་པར་སྐུལ་འདེད་ཧུར་ཐག་བཏང་སྟེ། སྐད་ཆ་ཤོད་རེས་དང་གྲོས་མོལ་གྱི་ལམ་བུའི་བསྐྱོད་ཡོད་པ་རེད།
               ལྷོ་བྱང་ཁོ་རེ་ཡས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བརྟེན་ནས་མཉམ་འགུལ་ཧུར་ཐག་བྱས་པས། ལྷོ་བྱང་ཁོ་རེ་ཡའི་འགོ་གཙོའི་གྲོས་མོལ་ཡང་ཡིད་བཞིན་ལྷུན་གྲུབ་བྱུང་ཡོད། ཅིན་ཀྲིན་ཨིན་ནི་ལྷོ་ཁོ་རེ་ཡའི་རྒྱལ་ཁོངས་སུ་སླེབས་པའི་བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་མི་སྣ་དང་པོར་གྱུར་བ་མ་ཟད། ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་ཡན་དང་གྲོས་མོལ་ཐེངས་གསུམ་བྱས་ཤིང་། སྔ་རྗེས་སུ་༼པན་མན་ཏན་གྱི་བསྒྲགས་གཏམ་༽དང་༼སྤྱི་ཟླ་༩བའི་ཕུང་ཡང་གི་ཐུན་མོང་བསྒྲགས་གཏམ་༽སྤེལ་ཡོད་པ་རེད། ལྷོ་བྱང་གི་ཁ་ཐོར་དུ་སོང་བའི་ཁྱིམ་མི་ངོ་ཐུག་བྱས་པ་དང་། ལྷོ་བྱང་ཐུན་མོང་གི་འབྲེལ་གཏུག་དོན་གཅོད་ཁང་བཙུགས་པ། དམག་དོན་ས་ཁུལ་མ་ཡིན་པའི་སོ་ལྟ་ཁང་མེད་པར་བཟོས་པ། ལྷོ་བྱང་ཁོ་རེ་ཡ་སྦྲེལ་བའི་ལྕགས་ལམ་དང་གཞུང་ལམ་བསྐྲུན་འགོ་བརྩམས་པ་སོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀག་སྡོམ་ཆོད་ཡིག་སོགས་ཀྱི་ཚད་བཀག་ཐེབས་རུང་། ལྷོ་བྱང་ཁོ་རེ་ཡའི་མཐུན་འགྲིག་མཉམ་ལས་དང་སྤེལ་རེས་ཀྱི་སྒོ་ཆེན་ཡང་བསྐྱར་ཕྱེ་ཡོད་པ་རེད།
               ཀྲུང་གོས་བཏོན་པའི་གནས་སྐབས་མཚམས་འཇོག་གཉིས་ཀྱི་གྲོས་འགོས། ཨ་རིའི་ཁེ་ཕན་ལ་བསམ་གཞིགས་བྱས་པ་མ་ཟད། བྱང་ཁོ་རེ་ཡའི་རེ་ཞུར་ཡང་བསམ་བློ་བཏང་བས། བྱང་ཁོ་རེ་ཡ་དང་ཨ་རིའི་བར་མཐུན་སྦྱོར་གྱི་ནུས་པ་གལ་ཆེན་ཐོན་ཡོད། བྱང་ཁོ་རེ་ཡ་དང་ཨ་རིའི་དབུ་ཚོགས་ཀྱི་སྔ་རྗེས་སུ། ཅིན་ཀྲེན་ཨིན་གྱིས་ཀྲུང་གོར་འཚམས་འདྲིར་ཐེངས་གསུམ་ཕེབས་པ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འགོ་ཁྲིད་པ་མཇལ་འཛོམས་ཐེངས་གསུམ་གནང་བས། བྱང་ཁོ་རེ་ཡས་ལམ་ཕྱོགས་གསར་པ་ལག་བསྟར་བྱ་རྒྱུར་སྐུལ་འདེད་དང་། བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་མི་སྣ་མཇལ་འཛོམས་ཡོང་བར་ནུས་པ་གལ་ཆེན་ཐོན་ཡོད།
               ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་ལ་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས། ཁེ་རེ་ཡའི་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་ཕྱོགས་ཁག་གིས་དུས་ཡུན་རིང་པོའི་འཇམ་ཐིང་ཐིང་དུ་གནས་པ་ལས་སླར་ཡང་སྐད་ཆ་ཤོད་རེས་བྱས་ཏེ། ཨུ་རུ་སུའི་ཕྱོགས་ཀྱིས་ད་ལོ་ཅེན་ཀྲེན་ཨེན་ཨུ་རུ་སུར་འཚམས་འདྲི་ཞུ་བར་གདན་ཞུ་ཐེངས་མང་བྱས་པ་དང་། འཇར་པན་གྱི་དབུ་ཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཅིན་ཀྲེན་ཨེན་དང་ཐུག་འཕྲད་བྱས་ནས། ཡུན་རིང་འཕེལ་མེད་དུ་ལུས་པའི་བྱང་ཁོ་རེ་ཡ་དང་འཇར་པན་གྱི་འབྲེལ་བ་ལེགས་འགྱུར་ཐུབ་འདོད་ཡོད་པའི་རྣམ་པ་བསྟན་ཡོད། ད་ཐེངས་སླར་ཡང་ཕྱེད་གླིང་ཕྲན་དུ་ཞི་བདེ་ཡོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་འཚམ་གྱི་ཡོད་པ་ར་སྤྲོད་ཐུབ་ཡོད།
               དེའི་རྗེས་ཀྱི་ཟླ་བ་ཁ་ཤས་ཀྱི་ནང་། བྱང་ཁོ་རེ་ཡ་དང་ཨ་རིའི་བར་གྱི་འབྲེལ་བ་སྐབས་རེ་ལེགས་པོ་ཡིན་པ་དང་། ཡང་སྐབས་རེ་སྡུག་པོ་ཡིན་པའི་རྣམ་པ་ཐོན་པ། ཕྱེད་གླིང་ཕྲན་གྱི་གནས་སྟངས་ཀྱང་སྐབས་རེ་ལེགས་པོ་དང་། ཡང་སྐབས་རེ་སྡུག་པོ་ཡིན་པའི་ལེགས་སྡུག་མཉམ་བསྲེས་ཀྱི་རྣམ་པ་ཡང་སེ་ཐོན་ཡོད།
               བྱང་ཁོ་རེ་ཡ་དང་ཨ་རིའི་དབར་གྱི་དབུ་ཚོགས་ཐེངས་དང་པོའི་རྗེས། ཕྱོགས་གཉིས་པོར་བྱང་ཁོ་རེ་ཡའི་བཀག་སྡོམ་ཀློད་གཏོང་དང་། བྱང་ཁོ་རེ་ཡའི་ཉིང་རྡུལ་མེད་པ་བཟོ་བའི་བརྒྱུད་རིམ་དང་བྱ་ཐབས་སོགས་གལ་ཆེའི་གནད་དོན་ཐད་ངོས་འཛིན་གཅིག་མཐུན་བྱུང་མེད། ཉིང་རྡུལ་མེད་པ་བཟོ་བའི་དབྱེན་འབྱེད་གྲོས་མོལ་ཐད་ཕྱོགས་གཉིས་པོས་སྔོན་ལ་དམག་འཐབ་མཇུག་སྒྲིལ་བའི་བསྒྲགས་གཏམ་སྤེལ་དགོས་སམ་ཡང་ན་སྔོན་ལ་ཉིང་རྡུལ་དོར་བའི་གནད་དོན་ཐད་རང་ཉིད་ཀྱི་ལྟ་ཚུལ་ཁོ་ན་འཛིན་དགོས་མིན་གྱིས་རྐྱེན་པས་ཕན་ཚུན་མཁྲེགས་འཛིན་གྱི་གནས་སུ་ལྷུངས་ཡོད། སུས་སྔོན་ལ་ཕྱིར་བཤོལ་བྱ་རྒྱུ་དེ་ཁོ་རེ་ཡའི་ཉིང་རྡུལ་གནད་དོན་གྱི་ཚད་བཀག་བཟོ་བའི་དཀའ་གནད་གཙོ་བོ་དེར་གྱུར་ཡོད།
               མ་གཞི་བྱང་ཁོ་རེ་ཡའི་ཕྱོགས་ནས་ཨ་རིའི་མི་སྣ་ཀློག་གཏོང་དང་། ཧྥེང་ཤི་ལིའི་ཉིང་རྡུལ་ཚོད་ལྟ་ཁུལ་མེད་པ་བཟོས་པ། ཁོ་རེ་ཡའི་དམག་འཁྲུག་ཁྲོད་ཀྱི་ཨ་རིའི་དམག་མིའི་སྐུ་ཕུང་ཕྱིར་སློག་བྱེད་པ་སོགས་དགེ་སེམས་ལྡན་པའི་བྱ་ཐབས་བཟུང་ཡོད་ནའང་། ཨ་རིའི་ཕྱོགས་ཀྱི་ལངས་ཕྱོགས་ལ་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མེད། ཨ་རིས་མུ་མཐུད་ཚད་མཐོའི་གནོན་ཤུགས་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་ནས། བྱང་ཁོ་རེ་ཡའི་ཕྱོགས་ཀྱི་ཁེ་ལས་དང་། མི་སྣ། ཐ་ན་བྱང་ཁོ་རེ་ཡའི་མཐོ་རིམ་དཔོན་རིགས་སོགས་ལ་བཀག་སྡོམ་བྱས་ཡོད་པ་རེད། མཁྲེགས་ཟུང་ཁྲོད་ལྷུངས་བའི་བྱང་ཁོ་རེ་ཡ་དང་ཨ་རིའི་ཉིང་རྡུལ་གྲོས་མོལ་དང་། མགྱོགས་མྱུར་ལེགས་སྒྱུར་ཐུབ་པའི་ལྷོ་བྱང་ཁོ་རེ་ཡའི་འབྲེལ་བའི་བར་ཁྱད་པར་ཆེན་པོ་ཐོན་པ་དང་། མཁྲེགས་ཟུང་ཁྲོད་ལྷུངས་བའི་བྱང་ཁོ་རེ་ཡ་དང་ཨ་རིའི་ཉིང་རྡུལ་གྲོས་མོལ་གྱིས་མགྱོགས་མྱུར་ལེགས་སྒྱུར་ཐུབ་པའི་ལྷོ་བྱང་ཁོ་རེ་ཡའི་འབྲེལ་བར་ཤུགས་རྐྱེན་བཟོས་ཡོད་པ་རེད།
               གསན་མཁན་ལྷན་རྒྱས། ལྷན་རྒྱས་ནས་གོང་དུ་གསན་གྲུབ་པ་ནི་འགོ་བརྗོད་དུ་གནས་བབ་ཀྱི་འགྱུར་ལྡོག་ཁྲོད་ནས་གནས་བབ་ལས་བརྒལ་བར་རེ་སྒུག་བྱེད་པ་སྟེ། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་༢༠༡༨ཞེས་པའི་རྒྱལ་སྤྱིའི་གསར་འགྱུར་རྒྱས་གླེང་ལེ་ཚན་དེ་རེད།