ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

གཙོ་གནད་ལས་འགན་ལ་དམིགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། —— རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།

སྤེལ་དུས 2019-01-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
               དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་བ་ནི་འགག་རྩའི་ལོར་དཔལ་འབྱོར་ལས་དོན་གྱི་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་དང་དོན་སྙིང་གལ་ཆེན་གནས་ས་དེ་རེད་ལ། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ 60སོང་རིང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པ་དང་ལམ་ཚད་རྡོ་རིང་ལྟ་བུའི་འཕེལ་རྒྱས་ཡོང་བའི་མཆོང་སྐྱོད་ཀྱི་རྨང་རྡོའང་རེད།
               རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་དེར་དམ་པོར་དམིགས་པ། སྟོན་ཕྱོགས་ཁ་གསལ་འཛུགས་པ། སྤྱིའི་བླང་བྱ་བཏོན་པ། སྔོན་དཔག་གི་དམིགས་ཚད་གཏན་འཁེལ་བྱས་པ། གཙོ་གནད་ལས་འགན་ཁ་གསལ་བཏོན་པ་བཅས་ཀྱི་ཐོག་ནས་འདི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་ཆེད་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།
               དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བར“རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་མཐའ་དག་ནི་དམངས་འཚོའི་ལས་དོན་ཡིན་པའི”བསམ་བློའི་ཐུན་མོང་གི་ངོས་འཛིན་ཏན་ཏིག་ངང་གཅིག་ཏུ་སྒྲིལ་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་འདི་ནི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་གལ་ཆེན་དང་ལྟེ་བའི་ནང་དོན་རེད་ལ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྩ་བ་བརྟན་གཏོང་བྱ་ཐབས་དང་ཡུན་རིང་ཐབས་ཇུས་ཀྱང་རེད། “རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་མཐའ་དག་ནི་དམངས་འཚོའི་ལས་དོན་ཡིན་པའི”བསམ་བློ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་བོད་ཀྱི་ལས་དོན་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བཏོན་པའི་ཆོད་གཏམ་གལ་ཆེན་ཞིག་རེད། དེའི་ཐོག་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གང་ལེགས་མཚོན་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་ལས་ཀའི་སྟོན་ཕྱོགས་ཁ་གསལ་འཛུགས་པ། མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་དང་རེ་སྒུག་བྱས་པར་སྐད་གསང་མཐོན་པོས་ལན་བརྒྱབ་པ། བསམ་བློའི་ཐོག་ནས་དཔལ་འབྱོར་ལས་དོན་ཐད་མི་དང་དངོས་པོ་མཐོང་ཐུབ་པ་དང་དངོས་པོ་དང་བསམ་བློ་མཐུན་སྦྱོར་འཕེལ་རྒྱས་ཐུབ་པའི་རྩོད་སྒྲུབ་གཅིག་གྱུར་བྱུང་ཡོད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཕན་བདེ་མང་ཚོགས་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། བརྩེ་སེམས་ཟབ་མོ་འཆང་བཞིན་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ལ་དངོས་ཡོད་ཀྱི་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ནས་ལས་དོན་མཐའ་དག་དམངས་འཚོ་ལེགས་གཏོང་ཐོག་དོན་འཁྱོལ་དང་དྲོ་སྐྱིད་ཚང་མ་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱེད་དགོས།
               དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བར་ཀྲུང་དབྱང་གི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་གཏོང་གི“སྲ་བརྟན་དང་། ཤུགས་སྣོན། ཆེར་གཏོང་། ཤར་བགྲོད”བཅས་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ཀྱི་སྤྱིའི་བླང་བྱ་ལག་ལེན་གཏིང་ཟབ་བསྟར་དགོས། རང་ལྗོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཐད་ཀྱི་འགལ་ཟླ་གཙོ་བོར་རང་ངོས་ཀྱི་ཁྱད་ཆོས་ཁ་ཤས་ཡོད་ཀྱང་། སྤྱིར་ན་རྒྱལ་ཡོངས་ལྟར་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་རེད། དེར་བརྟེན་ངེས་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་གཙོ་རྐང་ལ་གཡོ་སྒུལ་མི་ཐེབས་པ་མཐའ་འཁྱོངས་བྱེད་དགོས། རང་ལྗོངས་ཀྱི་ངོས་ནས་བརྗོད་ན། “སྲ་བརྟན”ནི་གཙོ་བོ་ཞན་ཆ་གསབ་པ་དང་མ་གནས་དམའ་རུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་དང་ལྷག་དོན་དུ་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་འབྲེལ། དངོས་ཚན་དཔལ་འབྱོར་དང་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་ཤུགས་ཆེན་གཏོང་རྒྱུ་དེ་རེད། “ཤུགས་སྣོན”ནི་གཙོ་བོ་ཁོར་ཡུག་ལེགས་སུ་གཏོང་བ་དང་ཞབས་འདེགས་ལེགས་སུ་བཏང་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་འགོག་རྐྱེན་སེལ་བ་དང་འབྲེལ། སྤྱི་པའི་ཞབས་འདེགས་ཀྱི་གོ་རིམ་གཙོ་གནད་ཐོག་སྟབས་བདེ་དང་ལེགས་སུ་བཏང་ནས་མང་ཚོགས་ཀྱིས་བྱ་བ་སྒྲུབ་པར་སྟབས་བདེ་སྐྲུན་རྒྱུ་དེ་རེད། “ཆེར་གཏོང”ནི་གཙོ་བོ་གསར་གཏོད་ལ་དམ་འཛིན་དང་སྒུལ་ནུས་ཆེ་རུ་བཏང་སྟེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་རང་བརྟེན་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་རེད། “ཤར་བགྲོད”ནི་གཙོ་བོ་ཁྲོམ་ར་འཛུགས་པ་དང་གསོན་ཤུགས་འཕེལ་བར་བྱས་ཏེ་ལྗོངས་ཕྱི་ནང་ཤར་བགྲོད་དང་། གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་གཞི་གཅིག་ཅན་གྱི་དེང་རབས་ཅན་གྱི་ཁྲོམ་རའི་མ་ལག་མགྱོགས་མྱུར་སྐྲུན་རྒྱུ་དེ་རེད།
               དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བར“འབྲེལ་བ་ཆ་བཅུ་གསུམ”གྱི་རྩ་བའི་བྱ་ཐབས་འདི་ཡང་དག་སྤྱོད་དགོས། “འབྲེལ་བ་ཆ་བཅུ་གསུམ”ནི་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་སྡོམ་ཡིན་ལ། ལག་ལེན་དངོས་ཀྱི་ཞིབ་དཔྱད་ཀྱང་ཐེབས་ཡོད་པས་དོན་དངོས་ཀྱི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན་ཡོད་པས། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས། “འབྲེལ་བ་ཆ་བཅུ་གསུམ”གྱི་ཕུན་སུམ་ཚོགས་པའི་ནང་དོན་ཁོང་དུ་ཆུད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”གྱི་རྩོད་སྒྲུབ་གཏན་ཚིགས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”གྱི་ལྟེ་བའི་དོན་སྙིང་ཁོང་དུ་གནད་སྨིན་ཆུད་པ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”གྱི་རྩ་བའི་བྱ་ཐབས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ལ་བརྩི་བ། གསར་གཏོད་རང་བཞིན་གྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ས་ཅི་ཐད་ལ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།