ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱས་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་དགོས།

སྤེལ་དུས 2019-01-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ལི་ལིན།
                  མིག་སྔར་བོད་ཀྱི་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་དང་ཕྱོགས་སྒྱུར་རིམ་སྤོར་གཏིང་ཟབ་ཏུ་ཕྱིན་པ་དང་། སྒུལ་ནུས་གསར་པ་མགྱོགས་མྱུར་འཕེལ་བཞིན་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་སྒྱུར་བཅོས་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་འགྲོ་བ་དང་སྦྲགས། འགྲན་སློང་ཆེན་པོ་ཡོད་རུང་གོ་སྐབས་མང་པོ་ཡོད། འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་སྒྱུར་བཅོས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས།
                  གཅིག་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། སྲིད་གཞུང་གི་ནུས་པ་སྔར་བས་ལེགས་པའི་ངང་འདོན་སྤེལ་བྱེད་དགོས། ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་རྒྱ་ཆེ་གཏིང་ཟབ་ཀྱི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་ཐད་ཀྱི་སྲིད་གཞུང་གི་ཐད་ཀའི་བཀོད་སྒྲིག་ཉུང་དུ་གཏོང་བ། གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་མགྱོགས་མྱུར་གཏོད་པ། གཞུང་དྲང་དང་། སྒོ་དབྱེ། ཡོངས་བསྒྲགས་བཅས་ཀྱི་ཁྲོམ་རའི་སྒྲིག་སྲོལ་འཛུགས་པ། ཁྲོམ་རའི་ལམ་སྲོལ་གྱིས་སྙོམས་སྒྲིག་ནུས་ལྡན་ཐུབ་པའི་དཔལ་འབྱོར་གྱི་བྱེད་སྒོ་ཁྲོམ་རར་སྤྲོད་པ་བཅས་བྱས་ཏེ། ཁེ་ལས་དང་མི་སྒེར་ལ་གསོན་ཤུགས་དེ་བས་ཆེ་བ་དང་བར་མཐོངས་དེ་བས་ཡངས་པ་སྦྱིན་ནས་དཔལ་འབྱོར་འཕེལ་རྒྱས་དང་རྒྱུ་ནོར་གཏོད་དགོས།
                  གཉིས་ནས། སྔར་བས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ཏེ་རིགས་ཁག་གི་ཁྲོམ་རའི་བྱེད་པོ་མཉམ་དུ་འགྲན་རྩོད་དང་གཞུང་དྲང་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་དགོས། སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུ་དེ་དོ་དམ་བྱེད་སྟངས་ཀྱི་གསར་གཏོད་དང་ཟུང་འབྲེལ་བྱེད་པ་དང་། ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱ་རྒྱུ་དེ་ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུ་དང་སྤྱི་འདོམས་བྱེད་པ། ཁྲོམ་རའི་འཇུག་འཐུས་ཚད་གཞི་ལྷུག་ཏུ་དང་ཚད་ལྡན་དུ་གཏོང་བ། སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་ཁུ་བསྡུ་དང་ལེགས་སུ་གཏོང་བ། ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། ཁྲོམ་རའི་སྒོ་དབྱེ་གཞུང་དྲང་དང་། ཚད་ལྡན་དང་གོ་རིམ་ལྡན་པ། ཁེ་ལས་ཀྱི་རང་བརྟེན་ཐབས་ཇུས། འདྲ་མཉམ་འགྲན་རྩོད། སྲིད་གཞུང་གི་འགན་དབང་ཁ་གསལ། ལྟ་འདོམས་ནུས་ལྡན་བཅས་ཀྱི་ཁྲོམ་རའི་འཇུག་འཐུས་དོ་དམ་གྱི་ལམ་སྲོལ་གསར་པ་མགྱོགས་མྱུར་བསྐྲུན་དགོས། ཁྲོམ་རའི་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁེ་ལས་ལ་སྤྲོད་པའི་དབང་ཆ་ལྷུག་ཏུ་གཏོང་བ་དང་གནད་སྨིན་ཡོང་བར་བྱས་ཏེ་བཀག་རྒྱའི་གསལ་ཐོ་ཕུད་པའི་གནད་དོན་དག་ཁྲོམ་རའི་བྱེད་པོས་ཁྲིམས་ལྟར་གཏན་འཁེལ་བྱེད་དགོས།