ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

གཞོན་ནུ་སྣེ་ཁྲིད་ཀྱིས་གསར་གཏོད་ལས་གཏོད་ཁྲོད་མི་ཚེའི་རིན་ཐང་མངོན་པར་བྱེད་དགོས།

སྤེལ་དུས 2019-02-21 ཡོང་ཁུངས། རྩོམ་པ་པོ། ལུའུ་ཝུན་ཅིང་གིས།
             ཉེ་བའི་ལོ་ཤས་ནང་། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་རང་འགུལ་ངང་རྒྱ་ཆེའི་གཞོན་ནུའི་ལས་གཏོད་གསར་གཏོད་ཆེད་ལས་སྟེགས་བཏོད་པ་དང་། སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱས་པ། གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་སྒྱུར་བཅོས་གསར་གཏོད་ཀྱི་ཕྱོགས་སུ་སྐུལ་མ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་མིག་རྒྱང་དེ་བས་རིང་བ་གསར་གཏོད་ཁུལ་དང་། གསོ་སྐྱོང་ཁུལ། ཞིང་ལས་ལྡུམ་ཁུལ་སོགས་སུ་ཕྱོགས་ནས་ལྷ་ས་འདི་ཉིད་གཞོན་ནུའི་ལས་གཏོད་གསར་གཏོད་ཀྱི་ཕུགས་འདུན་སྒྲུབ་ཡུལ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱས་པ་རེད།
             གཞོན་ནུ་ཚོས་གསར་གཏོད་ལས་གཏོད་ཁྲོད་གོ་སྐབས་དམ་འཛིན་དང་ཉམས་འགྱུར་མངོན་ཐུབ་པ་བྱེད་པར་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ལ་དོར་ཐབས་མེད་པའི་འགན་འཁྲི་ཡོད་པས་སྨྱུག་འཛིན་པས་བལྟས་ཚེ་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་གཤམ་གསལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པ་སྟེ།
             དང་པོ། གཞོན་ནུའི་གསར་གཏོད་ལས་གཏོད་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་དགོས་ཤིང་། རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་ཞབས་ཞུའི་མ་ལག་ཧུར་ཐག་འཛུགས་པ་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གཞོན་ནུའི་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བ་དང་ལས་གཏོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རྣམ་གྲངས་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་གཏོད་ཀྱི་མཛུབ་ཁྲིད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དངུལ་རྩའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་གཏོད་ཀྱི་ཐེབས་རྩ་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་གུང་གཞོན་སྡེ་ཚོགས་རྩ་འཛུགས་འདི་ཉིད་གཞོན་ནུ་དང་འབྲེལ་བ་བྱེད་པ་དང་གཞོན་ནུར་ཞབས་འདེགས་ཞུ་བའི་མཁར་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།
             གཉིས་པ། གཞོན་ནུའི“གཉིས་གཏོད”ཐད་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཤིང་། རྒྱ་ཆེའི་གཞོན་ནུ་ཚོའི་ཉམས་མྱོང་དང་འཇོན་ཐང་འཕེལ་བར་བྱ་ཆེད། གཞོན་ནུ་སྣེ་ཁྲིད་ཀྱིས་གསར་གཏོད་དང་ལས་གཏོད་ཁྲོད་ལང་ཚོའི་འཇོན་ཐང་མངོན་པར་བྱེད་པ་དང་གཞོན་ནུ་ཚོར་ཐད་ཀའི་ལས་རིགས་ཀྱི་ཉམས་མྱོང་དང་སྔ་སྣུར་དུ་སྤྱི་ཚོགས་དང་འབྲེལ་གཏུག་བྱེད་པའི་ཐབས་ལམ་མཁོ་འདོན་བྱས་ནས་ཁོང་ཚོའི་གསར་གཏོད་དང་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་དང་ཁོང་ཚོའི་ལས་འདེམས་དང་ལས་ཞུགས་ཀྱི་ཡིད་ཆེས་ཆེ་རུ་འགྲོ་ཐུབ་པར་བྱས་ཏེ་ཚང་མ་འཇོན་ཐང་ཅན་ལ་གྱུར་རེ་བྱེད་པ་དང་། འཇོན་ཐང་ཅན་དུ་ཧུར་ཐག་གྱུར་བར་བྱེད་པ། འཇོན་ཐང་ཅན་དུ་དངོས་འབྲེལ་གྱུར་བ། རང་ཉིད་ཀྱི་འཇོན་ཐང་མངོན་པར་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།
             གསུམ་པ། གཞོན་ནུ་སྣེ་ཁྲིད་ཀྱིས“གཉིས་གཏོད”ལ་ཞུགས་ཏེ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་དང་གསར་གཏོད་ཀྱི་གསོན་ཤུགས་རྒྱས་པར་བྱེད་དགོས་ཤིང་། རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་སློབ་གྲྭ་ཆེ་མོ་བ་དང་། གྲོང་ཁྱེར་གྱི་ལས་ཤོར་གཞོན་ནུ། གྲོང་གསེབ་ཀྱི་གཞོན་ནུ། གྲོང་ཁྱེར་དུ་ལས་ཀ་བྱེད་མཁན་གཞོན་ནུ་སོགས་ཚོགས་པར་གསར་གཏོད་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུའི་རོགས་རམ་བྱས་ཏེ་གཞོན་ནུ་ཚོས“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”པའི་ལག་ལེན་ཁྲོད་རང་ངོས་ཀྱི་རིན་ཐང་མངོན་པར་བྱེད་པའི་སློབ་གསོ་ཁྲིད་སྟོན་དང་ཁོང་ཚོ་གསར་གཏོད་ལས་གཏོད་ཀྱི་ཚ་རླབས་ཁྲོད་ཞུགས་ཐུབ་པའི་ཁྲིད་སྟོན་བཅས་བྱེད་དགོས།