ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་བྱེད་ཕྱོགས་དོན་འཁྱོལ་བྱེད་པ།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             སྤྱི་ཚེས་༡༩ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་དབང་བཀུར་བ་ལྟར་༼ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་དང་ཞིང་གསུམ་ལས་དོན་ལེགས་པར་སྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག༽ཅེས་པ་འགོད་སྤེལ་བ་དང་། འདི་ནི་དུས་རབས་གསར་པ་ནས་བཟུང་ཞིང་གསུམ་ལས་དོན་ལ་མཛུབ་སྟོན་བྱེད་ཐེངས་བཅུ་དྲུག་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཡིན་ལ། ཏང་ཀྲུང་དབྱང་གིས་འབད་བརྩོན་ལྷོད་མེད་ངང་ཞིང་གསུམ་གནད་དོན་ཐག་གཅོད་ལེགས་པོ་བྱེད་རྒྱུ་ནི་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་གནང་གི་འགངས་ཆེན་ཡིན་པའི་བརྡ་རྟགས་མངོན་གསལ་བཏང་ཡོད་པ་རེད།
             དབུལ་སྒྲོལ་འགག་གཏོར་དམག་འཐབ་ལས་རྣམ་པར་རྒྱལ་བ་དང་། གྲོང་གསེབ་ཀྱི་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་གི་ལོ་ངོ་གསུམ་གྱི་བྱ་སྤྱོད་དམིགས་ཡུལ་དང་ལས་འགན་ལེགས་འགྲུབ་ཡོང་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པ། ཞིང་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྤྱི་ལོ་༢༠༡༠ལོ་དང་བསྡུར་ན་ལྡབ་གཅིག་མངོན་འགྱུར་ཡོང་བ་ལ་སོགས་པ་ཚང་མ་ནི། ཞིང་གསུམ་ཁྱབ་ཁོངས་ཀྱི་ངེས་པར་དུ་ལེགས་བསྒྲུབ་བྱེད་དགོས་པའི་ལས་འགན་ཡིན་པ་དང་། ངེས་པར་དུ་དུས་ཚོད་ཀྱིས་མི་མི་སྒུག་པའི་དགོས་གལ་ཆེ་སེམས་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་དགོས་པའི་ཟུངས་ཤུགས་ཀྱི་ཐོག་ནས། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་གཟིགས་སྐྱོང་སྲིད་ཇུས། ཞིང་པ་ཕྱུག་པོ་ཆགས་རྒྱུ་བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཉམས་ཞན་དུ་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་རྒྱུར་ལྷོད་གཡེང་མི་བྱེད་པ། དུས་ཐོག་ཏུ་བསྒྲུབ་དགོས་པའི་ལས་འགན་མཐའ་གཅིག་ཏུ་སྒྲུབ་པ་བཅས་བྱས་ནས། ཞིང་པ་ཁྲི་དུང་ཕྱུར་མང་པོ་རྒྱལ་ཡོངས་མི་དམངས་དང་ལྷན་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་རྒྱུར་འགན་སྲུང་བྱེད་དགོས།
རྩོམ་སྒྲིག་པ། ཚེ་རིང་།