ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

བྱེ་ཐང་མཛེས་ལྗོངས་ཁུལ་དུ་གྱུར། གྲོང་མི་ཡུལ་སྐོར་ལས་ལ་ཞུགས།

སྤེལ་དུས 2019-02-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
              ལོ་གསུམ་གྱི་གོང་དུ་ཚའེ་དབན་ཅུན་གྱིས་གྲོང་ཚོར་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་པོ་དེ་བཙུགས་ནས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད་རྒྱུའི་གོམ་སྟབས་དང་པོ་དེ་སྤོས་ཀྱང་མཐར་ཕམ་ཉེས་བྱུང་ཡོད། སྐབས་དེ་དུས་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་ཞན་པ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་འཐུས་ཚང་མེད་པ། ལོ་འཁོར་མོར་ཡུལ་སྐོར་བ་ཉུང་བ་བཅས་ཀྱི་དབང་གིས་ཞིང་པའི་སྤྲོ་སྐྱིད་ཁང་ལོ་གཅིག་འཁྱོལ་ཙམ་བྱུང་རྗེས་གྱོང་གུན་ཕོག་ནས་སྒོ་རྒྱག་དགོས་བྱུང་བ་རེད།
              ཚའེ་དབན་ཅུན་གྱི་ངོས་ནས་བརྗོད་ན། ཞིང་ཁྱིམ་སྤྲོ་སྐྱིད་ཁང་སླར་ཡང་སྒོ་ཕྱེ་རྒྱུའི་བློ་ཐག་གཅོད་རྒྱུ་ནི་ལས་སླ་པོ་ཞིག་མིན་ཞིང་། 2018ལོར་བྲོ་གྲ་གྲོང་ཚོའི་ཁོར་ཡུག་ལེགས་སུ་བཏང་བ་དང་། གྲོང་ཚོའི་ནང་གདོད་མའི་སྣོད་བཅུད་མཛེས་ལྗོངས་ཁུལ་བསྐྲུན་པས་དེ་སྔ་དབུལ་ཕོངས་རྗེས་ལུས་ཀྱི་ཧོར་རིགས་གྲོང་ཚོ་དེར་འགྱུར་ལྡོག་ཆེན་པོ་བྱུང་ནས་ས་གནས་དེ་གར་སྐད་གྲགས་ཆོད་པའི་གྲོང་གསེབ་ཀྱི་ཡུལ་སྐོར་བྱ་ཡུལ་ལ་གྱུར་རྗེས་ཚའེ་དབན་ཅུན་དང་འདྲ་བའི་གྲོང་མི་མང་པོ་ཞིག་གིས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་སྐྱོད་འགོ་ཚུགས།
              སྨི་ངོས་གྲུ་ཁྲི་5ལྷག་ཙམ་ཡོད་པའི་མཛེས་ལྗོངས་ཁུལ་དུ་ལྗོན་ཤིང་དང་། མེ་ཏོག ཟམ་ཆུང་། ལྡིང་ཁང་། རྩེད་མོ་རྩེ་ས་བཅས་ཡོད་ལ་ཉི་འོད་འོག་ཡུལ་སྐོར་བ་ཚོས་ལྒང་བཞུས་བརྒྱན་པའི་རྐང་ཐང་ལམ་བརྒྱུད་ལྟ་སྐོར་བྱེད་བཞིན་ཡོད། འཁྱགས་ཤུད་གློད་སར་ན་གཞོན་ཡུལ་སྐོར་བས་ཁེངས་ཤིང་། ཡུལ་སྐོར་བ་ཚོས་སྐབས་ཤིག་རིང་གནས་དེ་ས་མཐོའི་ཐག་རིང་གི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པ་གཏིང་བརྗེད་དུ་སོང་ཡོད།
              བྱེ་ཐང་གི་སྐོར་གླེང་སྐབས་ཡན་ཀྲང་ཏུང་གིས“དེ་སྔ་གྲོང་ཚོར་ཕུགས་ཀྱི་འཕེལ་རྒྱས་བསམ་ཕྱོགས་མེད་པ་དང་། གྲོང་ཚོའི་མཉམ་སྡེབ་ས་ཞིང་ནས་གནས་སྐབས་ཀྱི་ཁེ་བཟང་རག་ཆེད་གྲམ་ཐང་དེ་མི་སྒེར་ལ་བོགས་མར་བཏང་བ་རེད། གཏོར་སྐྱོན་ཆེན་པོ་འདི་འདྲ་ཕོག་ཡོང་སྙམ་པ་མ་བྱུང”ཞེས་བཤད།
              2017ལོར་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ལྷག་པའི་དབང་གིས་བྱེ་ཐང་དེ་སྒོ་བརྒྱབ་ཡོད། བེད་མེད་ས་ཆ་ཇི་འདྲ་བྱས་ཏེ་སྤྱོད་རྒྱུ་དེ་ནི་གྲོང་ཚོའི་གནད་དོན་ཆེན་པོར་གྱུར། བྲོ་གྲ་གྲོང་ཚོ་དགོན་ལུང་རྫོང་དང་ཐག་ཉེ་བ་དང་འགྲིམ་འགྲུལ་སྟབས་བདེ་ལ་ཆུ་ལམ་དང་རང་བྱུང་ནགས་ཚལ། ཧོར་རིགས་ཀྱི་རིག་གནས་བཅས་ནི་གྲོང་ཚོ་དེར་ལྡན་པའི་ལེགས་ཆ་རེད། བསམ་བློ་གང་མང་བཏང་རྗེས་ཡན་ཀྲང་ཏུང་གིས“མཛེས་ལྗོངས་ཁུལ་བསྐྲུན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུའི”གྲོས་འགོ་བཏོན་པ་རེད། གྲོང་ཚོ་ཡོངས་ཀྱིས་གྲོས་བསྡུར་བྱས་པ་བརྒྱུད། གྲོང་མི་ཚོས་རང་མོས་ངང་མ་རྐང་ནང་ཞུགས་པའི་ཐབས་ལམ་གྱི་ཐོག་ནས་མ་དངུལ་གྲབས་གསོག་བྱས་ཏེ་ཡུལ་སྐོར་གྱི་ཕན་འབྲས་མཉམ་དུ་ལོངས་སྤྱོད་བྱ་རྒྱུའི་ཐག་བཅད་པ་རེད།
              མཛེས་ལྗོངས་ཁུལ་བསྐྲུན་པ་དང་ཆབས་ཅིག་གྲོང་ཚོའི་རྣམ་པར་ཡང་ཕྱོགས་ཡོངས་ནས་སྒྱུར་བཀོད་བྱས་ཤིང་། གད་སྙིགས་ཚད་ལྡན་གཙང་སེལ་དང་། སྒོ་རར་གཙང་སྦྲ་བྱེད་པ། གསང་སྤྱོད་སྒྱུར་བཀོད། སྣུམ་ནག་གཞུང་ལམ་བཏིང་བ། སྒོ་རའི་གྱང་ལ་དཀར་རག་བྱུག་པ། ཤིང་འཛུགས་སྔོ་འགྱུར་བཅས་ཀྱི་སྣོད་བཅུད་སྔོན་འགྲོའི་འཕེལ་རྒྱས་བསམ་ཕྱོགས་ལས་བྲོ་གྲ་ཐང་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།
              ཡན་ཀྲང་ཏུང་གིས་གསར་འགོད་པར། མཛེས་ལྗོངས་ཁུལ་དེ་ན་ནིང་ཟླ་8པར་སྒོ་ཕྱེ་ཚུན། ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་5ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཡོང་འབབ་སྒོར་ཁྲི་80ལྷག་བྱུང་ཡོད། གྲོང་མི་དུད་ཚང་15ཡིས་ཞིང་ཁྱིམ་སྤྲོད་སྐྱིད་ཁང་གཉེར་བར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ཟིན་གྱི་ཡོད། དེ་དང་ཆབས་ཅིག་མཛེས་ལྗོངས་ཁུལ་གྱིས་གྲོང་མི་དུད་ཚང་50ལྷག་ཙམ་ལ་ལས་གནས་མཁོ་འདོན་བྱས་ཡོད་ལ། གྲོང་མི་མི་ཉུང་བ་ཞིག་གིས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད་ཡོད་ཅེས་བཤད།
རྩོམ་སྒྲིག་པ། ཚེ་རིང་།