དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

དམངས་ཡོངས་དུག་འགོག་བྱ་སྤྱོད་ནང་ཞུགས་ཏེ་དུག་མེད་སྤྱི་ཚོགས་མཉམ་སྐྲུན་བྱེད་དགོས།

སྤེལ་དུས 2020-06-24 ཡོང་ཁུངས། བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། རྩོམ་པ་པོ།
          1987ལོའི་ཟླ6པར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཝི་ཨེན་ན་རུ་རྒྱལ་ཁབ་138ཀྱི་འཐུས་མི་ཞུགས་པའི་སྦྲིད་སྨན་དངོས་རྫས་གང་བྱུང་དུ་སྤྱོད་པ་དང་ཁྲིམས་འགལ་གྱིས་དུག་རྫས་འདྲེན་འཚོང་བྱེད་པའི་གནད་དོན་སྐོར་གྱི་ཚོགས་འདུ་འཚོགས་ཤིང་། “ཚེ་སྲོག་ལ་གཅེས་སྤྲས་ཀྱིས་དུག་རྫས་མི་འཐེན་པ”ཞེས་པའི་འབོད་ཚིག་བཏོན་པ་མ་ཟད། ཐུན་མོང་ཐོག་ལོ་རེའི་ཟླ་6པའི་ཚེས་26ཉིན“རྒྱལ་སྤྱིའི་དུག་འགོག་ཉིན་མོར”གཏན་འཁེལ་བྱས་པས་འཛམ་གླིང་རྒྱལ་ཁབ་ཁག་གིས་དུག་རྫས་གནད་དོན་ལ་མཐོང་ཆེན་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱིས་མཉམ་དུ་དུག་རྫས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
          དུག་རྫས་ནི་གོ་ཐོས་མང་བ་ལས་ཆ་རྒྱུས་མེད་པའི་དངོས་པོ་ཞིག་ཡིན་ཞིང་། དེ་ནི་གདོན་འདྲེ་ཞིག་དང་འདྲ་བར་དུག་འཐེན་མཁན་གྱི་ལུས་ཕུང་ལ་མནར་གཅོད་གཏོང་གི་ ཡོད།  “དུག་ཁ་གང་གིས་ཁྱེད་གཡང་གཟར་དུ་ལྷུང་སྲིད ”མི་མང་པོ་ཞིག་གིས་ཡ་མཚན་གྱི་བསམ་བློ་སོགས་རྒྱུ་རྐྱེན་དུ་བྱས་ནས་ཚོད་ལྟ་བྱེད་པའི་སེམས་ཁམས་ཀྱིས་དུག་རྫས་ལ་རེག་ཅིང་། དེ་ཡང་དུག་ལ་དབྱིངས་ཞུགས་ཚེ། བདུད་ཀྱི་སྡེར་མོ་འདྲ་བའི་དུག་རྫས་ཀྱིས་དུག་འཐེན་མཁན་རྣམས་གཡང་གཟར་དུ་འཁྲིད་ནས་མི་མང་པོའི་འཚོ་བ་དང་ཁྱིམ་ཚང་གཏོར་བརླག་གཏོང་བཞིན་ཡོད། འོན་ཀྱང་འདི་ལྟ་བུའི་གནས་ཚུལ་ངན་པ་མུ་མཐུད་སྤྱི་ཚོགས་འཚོ་བའི་ནང་གནས་ཡོད་པས་མི་གྲངས་ལས་འདས་པ་ཞིག་ཀྱང་སྔར་བཞིན་དུག་རྫས་ཀྱི་འདམ་རྫབ་ནང་ལྷུང་ཡོད།
          དུག་རྫས་འཐེན་ན་རང་ཉིད་ཕུང་བར་བྱེད། དུག་རྫས་ཀྱིས་དུག་འཐེན་མཁན་གྱི་ལུས་ཕུང་ལ་གནོད་སྐྱོན་ཚབས་ཆེན་བཟོ་ཡི་ཡོད་དེ། དུག་འཐེན་མཁན་གྱི་རིམས་འགོག་ནུས་པ་ཉམས་ནས་མཆིན་ཚད་ཁ་པ་དང་མཆིན་ཚད་ག་པ་སོགས་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་སྣ་ཚོགས་བཟོ་བ་དང་དེ་ལས་ཚབས་ཆེ་ཤོས་ནི་ཨེ་ཙི་ནད་འགོས་པ་དང་མཆེད་པ་དེ་ཡིན། དུག་རྫས་ཀྱིས་དུག་འཐེན་མཁན་གྱི་དབང་རྩའི་མ་ལག་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཏེ། འཕྲུལ་སྣང་སོགས་སྨྱོ་ནད་ཀྱི་ནད་རྟགས་ཐོན་པ་དང་རིག་པ་མི་དྭངས་བ།  ཚབས་ཆེ་བ་དག་སྨྱོ་བ་དང་ཐ་ན་རང་གིས་རང་ལ་རྨས་སྐྱོན་གཏོང་བ་དང་རང་སྲོག་གཅོད་པ་སོགས་ཀྱི་གནས་ཚུལ་ཡང་ཐོན་གྱི་ཡོད།
          དུག་རྫས་འཐེན་ཚེ་ཁྱིམ་ཚང་དང་སྤྱི་ཚོགས་ལ་གནོད་འཚེ་བཟོ་ཡི་ཡོད། དུག་རྫས་ཉོ་བར་དངུལ་འབོར་ཆེན་དགོས་སྟབས་དུག་རྫས་འཐེན་མཁན་གྱིས་རྒྱུན་པར་ཁྱིམ་གྱི་རྒྱུ་ནོར་དུག་རྫས་དང་བརྗེ་ནས་མཐར་ཁྱིམ་གཞིས་སྟོངས་པའམ་ཐ་ན་མི་ཤི་ཁྱིམ་སྟོངས་སུ་གྱུར་ཏེ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་དེ་ལྟར་དུག་རྫས་ཀྱིས་གཏོར་བརླག་གཏོང་གི་ཡོད། གཞན་ཡང་དུག་འཐེན་པའི་སྐབས་སུ་འཐེན་མཁན་སྤྲོ་བ་རབ་ཏུ་རྒྱས་པས་བློ་རིག་ཉམས་སླ་བ་དང་རང་ཚོད་ཟིན་མི་ཐུབ་པས་རྒྱུན་དུ་མི་གཞན་དང་སྤྱི་ཚོགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྤེལ་གྱི་ཡོད། “དབྱིངས་ཞུགས་སྐྱེས་བུ”མང་པོ་ཞིག་ལ་དུག་རྫས་མང་པོ་དགོས་སྟབས་དུག་ཚོང་རྒྱག་པ་སོགས་ཁྲིམས་འགལ་གྱི་ལམ་དུ་འགྲོ་བཞིན་ཡོད་པས་ཁྲིམས་འགལ་གྱི་བྱ་སྤྱོད་རབ་དང་རིམ་པ་ཞིག་ཀྱང་དེ་དང་ཆབས་ཅིག་ཏུ་ཐོན་ནས་སྤྱི་ཚོགས་ལ་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད། 
          “ཚེ་སྲོག་ལ་གཅེས་སྤྲས་ཀྱིས་དུག་རྫས་དང་རིང་དུ་གྱེས”ཞེས་པ་ལྟ་བུའི་དུག་འགོག་སྦྱར་ཡིག་དེ་རིགས་གང་སར་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་ཡོད་མོད། འོན་ཀྱང་མི་མང་པོ་ཞིག་གིས་ཚེ་སྲོག་དང་རང་དབང་གཉིས་གནས་སྐབས་ཀྱི་སྤྲོ་སྣང་དང་བརྗེ་རེས་བྱེད་པའི་དངུལ་འཛིན་གཅིག་ཏུ་བརྩི་བཞིན་ཡོད། ཁོ་ཚོས་དུག་རྫས་ནི“མི་ཟ་མཁན”གྱི་འདམ་རྫབ་གཅིག་དང་འདྲ་བར་རྐང་པ་གཅིག་སྤོས་ཟིན་ཚེ་ཐར་ཐབས་དཀའ་བ་ཞིག་ཡིན་པ་ཤེས་བཞིན་དུ་མི་མང་པོ་ཞིག་གིས་ཚོད་ལྟ་བྱེད་འདོད་ཀྱི་འདུན་པ་ཞིག་ལ་བརྟེན་ནས་རང་ཉིད་དམྱལ་བར་ལྷུང་དུ་འཇུག་གི་ཡོད། དེ་ན་དུག་འགོག་ནི་དུག་འགོག་ཉེན་རྟོག་པའི་འགན་འཁྲི་ཁོ་ན་མ་ཡིན་པར། སྤྱི་ཚོགས་ཧྲིལ་པོ་དང་སྤྱི་དམངས་ཚང་མའི་འགན་འཁྲི་ཞིག་རེད།  
          དུག་རྫས་ཉིན་གཅིག་མེད་པ་མ་བཟོས་ན། སྤྱི་ཚོགས་ཉིན་གཅིག་བདེ་འཇགས་ཡོང་མི་སྲིད། སྤྱི་ཚོགས་ཇི་ལྟར་འཕེལ་རྒྱས་བྱུང་བ་དང་། ཚན་རྩལ་ཇི་ལྟར་དར་རྒྱས་བྱུང་རུང་། དུག་རྫས་ནི་ནམ་ཡང་ང་ཚོའི་ཉེ་འགྲམ་དུ་འཇབ་ནས་སྡོད་པའི་དགྲ་བོ་ཞིག་ཡིན་པས། མི་ཚང་མས་དུག་འགོག་འཐབ་རྩོད་ནང་ཞུགས་པ་དང་། དུག་འགོག་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱེད་པ། ཉེ་འགྲམ་གྱི་དུག་འཐེན་དུག་འཚོང་མི་སྣ་ཐེར་འདོན་བྱེད་པ་བཅས་ཕྱར་བ་གྲུ་འདེགས་ཀྱིས་དུག་མེད་སྤྱི་ཚོགས་མཉམ་སྐྲུན་བྱས་ཏེ་ཉིན་ལྟར་དྭངས་ཤིང་གཙང་བའི་མཁའ་རླུང་དང་དྲོ་སྐྱིད་ལྡན་པའི་ཉི་འོད་དེ་ཚེ་སྲོག་དང་འགྲོགས་སུ་འཇུག་དགོས།