དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པ།

དཔའ་ཤོད་རྫོང་སྤྱི་དར་ཤང་ལ་རབ་གྲོང་ཚོའི་ཉི་མ་བཟའ་ཚོའི་དབུལ་སྒྲོལ་སྐོར་བཀོད་པ།

སྤེལ་དུས 2021-06-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          དཔའ་ཤོད་རྫོང་སྤྱི་དར་ཤང་ལ་རབ་གྲོང་ཚོར་སྐྱེས་པའི་ཉི་མར་སྟབས་མི་ལེགས་པར་ཆུང་དུས་ནས་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་ཅིང་། ལོ་11ལ་སླེབས་སྐབས་ཉི་མའི་ཕ་མ་གཉིས་ཀ་གྲོངས་པ་དེ་ཁོ་པའི་ངོས་ནས་བརྗོད་ན་སྐྱིད་པོ་ཉིས་བརྩེགས་མེད་པར་སྡུག་པོ་གསུམ་བརྩེགས་རང་རེད། ཕ་མ་གཉིས་ཀ་གྲོངས་པ་ལས་ཁོ་པར་སེམས་སྡུག་ཆེན་པོ་བྱུང་བ་ནི་སྨོས་ཅི་དགོས།
          འོན་ཀྱང་ཉི་མས་ལས་དབང་ལ་མགོ་སྒུར་མྱོང་མེད། ལོ་22ལ་སླེབས་སྐབས་འཚོ་བར་འཆང་བའི་རང་ཉིད་ཀྱི་འདུན་པ་སྒྲུབ་ཆེད་ལྷ་སར་སྐྱོད།
          “སྐབས་དེ་དུས་ལྷ་ས་ནས་ལས་ཀ་ཡག་པོ་ཞིག་རག་ཡོང་སྙམ་རུང་། ཐོག་མར་ཁོ་པས་གླ་པ་རྒྱུག་པར་ཉིན་གླ་སྒོར་30ལྷག་ཙམ་ལས་རག་གི་མེད། སྐབས་རེ་གླ་མཁན་མེད་ལ་ཡོང་འབབ་ཀྱང་མེད་པར་སློང་མོ་བརྒྱབ་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད” ཉི་མས་འཚོ་བ་འདི་འདྲ་བསྐྱལ་ནས་དུས་ཚོད་ཀྱང་གང་ལ་གང་ཙམ་ཕྱིན།
          ཉིན་ཞིག་ཕ་ཡུལ་གཅིག་པའི་མི་ཞིག་གིས་ཉི་མར“ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་ཞིང་། ཤང་ཡོངས་སུ་ཁང་པ་རྒྱག་པ་དང་ལམ་བཟོ་བ་ཚང་མར་སྲིད་གཞུང་ནས་ཁ་གསབ་སྤྲོད་ཀྱི་འདུག”ཅེས་བཤད། དེ་ནས་བཟུང་ཉི་མ་འཁྱམ་པོའི་འཚོ་བ་སྐྱེལ་མཇུག་འགྲིལ་ནས་ཕ་ཡུལ་དཔའ་ཤོད་རྫོང་དུ་ལོག
          ཡུལ་དང་དུས་ལ་རིམ་བཞིན་འགྱུར་ལྡོག་བྱུང་ཞིང་། ད་ཆ་གཟུགས་པོའི་རིང་ཚད་སྨི་1.4ལས་མེད་པའི་ཕོ་གསར་དེས་དཔའ་ཤོད་རྫོང་གྲོང་དུ་ཇ་ཁང་ཆུང་ཆུང་ཞིག་བཙུགས་པ་ལས་ཉེ་འགྲམ་གྱི་མི་རྣམས་ཀྱི་བསྔགས་བརྗོད་བྱ་ཡུལ་དུ་གྱུར།
          2008ལོར་ཉི་མས་རང་ཉིད་ལས་ལོ་6གིས་ཆུང་བའི་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་པའི་བློ་བཟང་ངོ་ཤེས། ཁོང་གཉིས་པོའི་སེམས་པ་གཅིག་ཏུ་མཐུན་པས་ཡུན་རིང་མ་སོང་བར་ཁྱིམ་ཚང་ཆུང་ངུ་ཞིག་བཟུང་། “སྐབས་དེ་དུས་ང་ཚོ་སྡོད་ས་ནི་སྲིད་གཞུང་གིས་བརྒྱབ་པའི་ཁང་པ་དང་། རྩམ་པ་ནི་གྲོང་ཚོ་གཅིག་པའི་མིས་ང་ཚོའི་ཁྱིམ་གྱི་ས་ཞིང་བཏབ་ནས་ང་ཚོར་བགོ་བཤའ་བརྒྱབ་པ་ཡིན” ཟ་སྡོད་གཉིས་ལ་སེམས་ཁྲལ་བྱེད་མི་དགོས་པས་ཉི་མར་ཡང་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་བྱུང་།
          ཁྱིམ་ཚང་བཟུང་བ་བརྒྱུད་ཉི་མའི་ཕྲག་སྟེང་གི་ཁུར་པོ་ཡང་ལྕི་རུ་སོང་ཞིང་། ཁོ་པར་གཏན་འཇགས་ཀྱི་ཡོང་འབབ་མེད་ན་འཚོ་བ་འཁྱོལ་དཀའ་བའི་བསམ་བློ་འཁོར། ཁོ་པས་དེ་སྔའི་ཚོན་ཀྲང་དངོས་གྲུབ་རྡོ་རྗེ་བཙལ་ནས་སྐད་ཆ་བྱས་རྗེས་རྒྱལ་ལམ་318ཀྱི་འགྲམ་དུ་ཡོད་པའི་ཤིང་ཁང་ཆུང་ཆུང་དེ་བོགས་མར་བླངས་ནས་ཙག་ཙིག་ཚོང་ཁང་ཞིག་འཛུགས་རྒྱུའི་སེམས་ཐག་བཅད།
          དངོས་གྲུབ་རྡོ་རྗེ་ནི་རྒྱུན་དུ་དཀའ་ངལ་ཡོད་པའི་གྲོང་མིར་སེམས་ཁུར་ཆེན་པོ་བྱེད་མཁན་གྱི་མི་ཞིག་རེད། “ངེད་གཉིས་འགྲོ་སྐྱོད་མི་བདེ་ལ་ལས་ཀ་ཁག་པོ་བྱེད་ཐབས་བྲལ། ཁོང་གི་རོགས་རམ་འོག ངེད་གཉིས་ཀྱིས་ཙག་ཙིག་ཚོང་ཁང་ལ་བརྟེན་པས་འཚོ་བ་ལེགས་སུ་ཕྱིན་སོང་། ཁོང་གིས་ངེད་གཉིས་ཀྱི་ས་ནས་ཁང་གླ་ཐེངས་གཅིག་ཀྱང་ལེན་མྱོང་མེད”
          ཉི་མ་བཟའ་ཚོ་གཉིས་པོས་བློ་གཅིག་སེམས་གཅིག་གིས་ཚོང་ཁང་ཆུང་ངུ་དེ་གཉེར་སྐྱོང་བྱས་ཤིང་། སེམས་རྩ་འཁོལ་ལ་དངོས་ཟོག་གི་གོང་ཡང་ཁེ་བས་ཅ་དངོས་ཙག་ཙིག་ཉོ་མཁན་མང་པོ་བྱུང་བ་དང་། ལོའི་ཡོང་འབབ་ཀྱང་སྒོར་ཁྲི་གཅིག་ལྷག་ཙམ་ནས་ཁྲི་གཉིས་ལྷག་ཙམ་བར་མང་དུ་སོང་སྟེ་ཁོང་གཉིས་པོའི་འཚོ་བར་གཞི་རྩའི་ཆ་ནས་འགན་ལེན་བྱུང་ཡོད།
          2012ལོར་ཉི་མ་རོགས་སྐྱོབ་བྱ་ཡུལ་གྱི་ཁོངས་སུ་བཅུག་པ་བརྒྱུད། ལོ་ལྟར་མ་མཐའི་འཚོ་བ་འགན་ལེན་གྱི་དངུལ་ལེན་རྒྱུ་བྱུང་ཡོད་ལ་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ཡང་ལེན་རྒྱུ་བྱུང་། 2015ལོའི་ལོ་མཇུག་ཏུ་ཉི་མ་བཟའ་ཚོ་གཉིས་པོ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་ལས་ཁོང་གཉིས་པོར་ཁ་གསབ་ཀྱང་ལེན་རྒྱུ་མང་དུ་སོང་། ཉེ་བའི་ལོ་གསུམ་རིང་ཉི་མ་བཟའ་ཚོ་གཉིས་པོར་འགན་ལེན་ལྔའི་རོགས་དངུལ་དང་། ཁ་ཕྱོགས་གཏན་འཁེལ་གྱི་རོགས་དངུལ། ས་བོན་གྱི་ཁ་གསབ་རོགས་དངུལ་སོགས་སྲིད་གཞུང་གི་རོགས་དངུལ་ཁྱོན་སྒོར་24000ལྷག་ཙམ་ལོངས་སུ་སྤྱོད་རྒྱུ་བྱུང་།
          2018ལོའི་ལོ་མཇུག་ཏུ། དབུལ་སྐྱོར་སྲིད་ཇུས་སྣ་ཚོགས་ཀྱི་ཁྲིད་སྟོན་འོག་དང་དེ་བཞིན་རང་ཉིད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་ཉི་མའི་ཁྱིམ་བདེ་བླག་ངང་དབུལ་སྒྲོལ་ཐུབ་པ་རེད། “ལོ་དེ་དག་རིང་ང་ལ་རོགས་རམ་བྱེད་མཁན་མང་པོ་བྱུང་ལ། ལྷག་པར་དུ་སྲིད་གཞུང་གི་རོགས་རམ་འོག་ང་ལ་བདེ་ཞིང་སྐྱིད་པའི་འཚོ་བ་སྐྱེལ་རྒྱུ་བྱུང་། སླད་ཕྱིན་ངས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འབུངས་ཀྱིས་ཁོང་ཚོའི་དྲིན་ལན་འཇལ་གྱི་ཡིན”ཞེས་ཉི་མས་བཤད།
          ཡིད་ཆེས་བརྟན་པོ་དེ་འདྲ་ཞིག་བཅངས་ཏེ་2020ལོར་ཉི་མ་བཟའ་ཚོ་གཉིས་པོར་ལ་རབ་གྲོང་ཚོ་ནས་དཔའ་ཤོད་རྫོང་གྲོང་དུ་སྤོས་པ་དང་འབྲེལ། ཇ་ཁང་ཆུང་ཆུང་ཞིག་ཀྱང་གཉེར་སྐྱོང་བྱེད་འགོ་བཙུགས། ལོ་གཅིག་མ་སོང་བར་ཁེ་བཟང་སྒོར་23000བྱུང་ནས་འཚོ་བའི་སྤུས་ཚད་སྔར་བས་ཇེ་མཐོར་སོང་།
          “ཉི་མ་བཟའ་ཚོ་གཉིས་པོ་རང་ཁ་རང་གསོ་ཐུབ་པ་མ་ཟད། ད་དུང་གཞན་ལ་རོགས་རམ་གང་ཐུབ་ཅི་ཐུབ་བྱས་པས་ང་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང”ཞེས་གྲོང་པ་བྱམས་པས་ཡིད་མགུ་པོས་བཤད། དབང་པོ་སྐྱོན་ཅན་ཡིན་རུང་སེམས་ཤུགས་ཆེ་བའི་ཉི་མ་བཟའ་ཚོ་གཉིས་པོས་ལས་དབང་ལ་མགོ་མི་སྒུར་བར་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་པར་ཉེ་འཁོར་གྱི་གྲོང་མིའི་བརྩི་འཇོག་དང་གུས་བཀུར་ཐོབ་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།