དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

མཐའ་མཚམས་སྔར་བས་བརྟན། ཁྱིམ་གཞིས་སྔར་བས་མཛེས།

བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱས་པ།

སྤེལ་དུས 2021-06-30 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཉེ་བའི་ལོ་ཤས་རིང་། ཆུང་གླིང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་ཐོག་མཐའ་བར་གསུམ་དུ་དམིགས་པ་དང་དམག་དཔུང་དང་ས་གནས་མཉམ་སྐྲུན་དང་། ཐོན་ལས་དམངས་ཕྱུག ཏང་འཛུགས་སྐྱོང་དང་མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ལ་དམིགས་ཏེ། ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་རང་འགུལ་ངང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱས་ཏེ་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་པ་རེད།
          ཡག་ཞ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཆུང་གླིང་བ་ཞིག་ཡིན་པ་དང་2014ལོར་གྲོང་ཚོའི་བུད་མེད་འཐུས་མི་ཚོགས་པའི་ཀྲུའུ་རེན་བྱས་རྗེས་བསམ་བློ་དང་ལྟ་བར་འགྱུར་ལྡོག་བྱུང་ནས་གྲོང་ཚོའི་བུད་མེད་10སྒྲིག་འཛུགས་བྱས་ཏེ་ལོ་གསུམ་ལྷོ་པའི་རས་འཐག་ལག་རྩལ་སྦྱངས་ནས“ལྷོ་པའི་རས་འཐག་ཞིང་འབྲོག་མཉམ་ལས་ཁང”བཙུགས་པ་དང་། གྲོང་ཚོ་དེའི་བུད་མེད་38མཉམ་ལས་ཁང་དེར་ཞུགས་ནས་ཐུན་མོང་ཐོག་ཕྱུག་འགྱུར་ལམ་བུར་བསྐྱོད་རྒྱུར་སྐུལ་ཁྲིད་ཐུབ་པ་རེད།
          གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས“རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡོད་པས་ང་ཚོས་འབད་བརྩོན་ཧུར་ཐག་བྱེད་དགོས། རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཁོ་ནར་བརྟེན་ན་ཕྱུག་པོ་ཆགས་ཐབས་བྲལ། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དཀའ་སྤྱད་འབད་བརྩོན་བྱས་ཚེ་གཞི་ནས་ཕྱུག་པོ་ཆགས་ཐུབ”ཅེས་བཤད། མང་ཚོགས་རྦད་དེ་དབུལ་སྒྲོལ་ཐུབ་པ་བྱ་ཆེད། ཆུང་གླིང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་མང་ཚོགས་ལ་སྣེ་ཁྲིད་ཧུར་ཐག་བྱས་ཏེ་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གཞོལ་བ་དང་གནས་ཡུལ་ལུང་གཞུང་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་ཚོང་ཁྲོམ་4བཙུགས་པས་ལོ་ལྔ་བསྟུད་མར་གྲོང་ཚོར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་རག་པ་རེད། གནས་ཡུལ་ལུང་གཞུང་གི་ཀོ་ཤ་དང་འདབ་བདུན་མེ་ཏོག་སོགས་རྩ་ཆེའི་བོད་སྨན་རྒྱུ་ཆ་དང་རི་སྐྱེས་ཤ་མོ་སོགས་ནགས་ཁྲོད་དཔལ་འབྱོར་གྱི་ཐོན་ཁུངས་ལ་བརྟེན་ནས་མང་ཚོགས་ཚོར་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་རག་གི་ཡོད་པ་དང་། 2020ལོར་ཆུང་གླིང་གྲོང་ཚོའི་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་སྒོར་ཁྲི་550ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.5ཟིན་གྱི་ཡོད་པ་རེད།
          མཐའ་མཚམས་སྲ་བརྟན་གྱི་རྨང་གཞི་བརྟན་དུ་བཏང་བ།
          ཉེ་བའི་ལོ་ཤས་རིང་། ཆུང་གླིང་གྲོང་ཚོའི་ཏང་ཀྲི་པུའུ་དང་ས་གནས་སུ་བཅའ་སྡོད་དཔུང་སྡེས“ཐུན་མོང་ལྔ་དང་སྲ་བརྟན་ལྔ”ཡི་ཆ་སྒྲིག་མཉམ་སྐྲུན་བྱེད་སྒོ་སྤེལ་ནས་གྲོང་ཚོ་ཡོངས་ཀྱི་མཐའ་མཚམས་སུ་སྐོར་གཡེང་དང་ཕྱུགས་འཚོའི་ལམ་བུ་32སུ་ཆགས་པའི་ཤིང་ཁང་སྒྱུར་བཀོད་རིམ་སྤོར་བྱས་པ་དང་དེ་སྔའི་རྒྱལ་དར་འབྲེང་སའི་དར་ཤིང་དེ་ད་ཆ་བཙའ་མི་རྒྱག་པའི་ངར་ལྕགས་ཀྱི་རྒྱུ་ཆ་སྤྱད་དེ་བཟོས་པ་དང་སྒྲོག་ཙེ་དང་རྐུབ་སྟེགས་དང་། སྨན་སྒམ། ཆར་གོས། ལག་བཞུ་སོགས་སྒྲིག་སྦྱོར་བྱས་པ་དང་ཏང་ཡོན་ཚོགས་ཆུང་དུ་བགོས་ཏེ་ཏང་ཙུའི་ཚོགས་ཆུང་4བཙུགས་ནས་ཏང་གི་དར་ཆ་དང་། གཡུལ་ས། བྱེད་སྒོ ཞབས་ཞུ་བཅས་ལ་སྐུལ་འདེད་བཏང་བ་རེད།
          དེ་དང་དུས་མཚུངས་དམག་དཔུང་དང་ས་གནས་ཏང་ཀྲི་པུའུ་ཡིས《མཉམ་སྐྲུན་གྲོས་མཐུན》བཞག་པ་དང་། “མཐའ་མཚམས་ལས་དོན་གྱི་བློ་འདྲི་བ”དང“ཏང་འཛུགས་སྐྱོང་གི་བཀོད་འདོམས་པ”ཕན་ཚུན་གདན་དྲངས་པ། དམག་དཔུང་དང་ས་གནས་ཀྱི“ཏང་དང་མང་ཚོགས་ཀྱི་ཁྱིམ་གཞིས”དང“གསར་བརྗེའི་མཚན་མོའི་སློབ་གྲྭ”བསྐྲུན་པ། “ཕྱོགས་གཉིས་ཀྱི་ཏང་གི་སློབ་ཚན”དང་རྒྱལ་སྲུང་སློབ་གསོའི་སློབ་ཚན་ཁྲིད་པ། “ཏང་གི་བཀའ་དྲིན་མཐའ་མཚམས་ནས་ཚོར། མཐའ་མཚམས་མང་ཚོགས་ཀྱི་སེམས་པ་ཏང་ལ་ཕྱོགས”དང“མཉམ་དུ་རྒྱལ་དར་འབྲེང་བ་དང་། མཉམ་དུ་རྒྱལ་གླུ་ལེན་པ། མཉམ་དུ་མཐའ་མཚམས་སྲུང་བ”སོགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ། ཏང་འཛུགས་སྐྱོང་གི་ཐོན་ཁུངས་མཉམ་སྤྱོད་དང་དམག་དཔུང་དང་ས་གནས་ཀྱི་ཏང་ཡོན་སྤེལ་རེས་ལ་སྐུལ་འདེད་བཏང་བ་རེད། དམག་བཀུར་དམངས་གཅེས《གྲོང་སྲོལ་དམངས་ཆིངས》སུ་བཀོད་པ་དང་ཟླ་རེར་ཉིན་གཅིག“དམག་བཀུར་ཉིན་མོ”དང“དམངས་གཅེས་ཉིན་མོར”གཏན་འཁེལ་བྱས་པ་དང་། 《དམག་དམངས་ལག་གདང་སྦྲེལ་ནས་དུས་རབས་གསར་པར་སྐྱོད》ཅེས་པའི་མཉམ་གཞས་རྩོམ་པ་དང《དམག་དམངས་ཉ་ཆུ་ལྟར་བརྩེ》ཞེས་པའི་ཞབས་བྲོ་མཉམ་དུ་འཁྲབ་ནས་དཔོན་དམག་དང་མང་ཚོགས་དབར་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་། མཐུན་སྒྲིལ་ལྡན་པའི་ལྟོ་ཟ་བ། འདྲ་པར་མཉམ་དུ་ལེན་པ། ལྷོ་པའི་ཚལ་གྱི་བྲོ་བ་མྱོང་བ་བཅས་བྱས་ཏེ་དམག་དམངས་ཀྱི་བརྩེ་བ་ཟབ་ཏུ་བཏང་བ་རེད།
          བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ།
          ཆུང་གླིང་གྲོང་ཚོའི་ཏང་ཡོན་རྒན་གྲས་ཟླ་ཡོས་ཀྱིས་མཐའ་མཚམས་སུ་སྐོར་གཡེང་ཕྱུགས་འཚོ་བྱས་ནས་ལོ་34འདས། ཁོང་ལ་རྩེར་སླེབས་རིམ་བཞིན་གྲམ་རྡོས“ཀྲུང་གོ”ཞེས་པའི་ཡི་གེ་སྒྲིག་གི་ཡོད། མཐའ་མཚམས་སུ་སྐོར་གཡེང་བྱེད་པའི་ལམ་བུ་དང་རི་བོ་ཚང་མ་ཁོང་གི་ལོ་ཟླའི“གནས་ཚད”ལྟ་བུར་གྱུར་ཡོད། ཉིན་ནས་ཟླ་དང་ཟླ་ནས་ལོའི་མཐའ་མཚམས་སྐོར་གཡེང་ལམ་བུའི་ཐོག་ཆུང་གླིང་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཚོ་མཐའ་མཚམས་བརྟན་སྲུང་གི་ལས་ལ་ཞུགས་ཡོད། ཁོང་ཚོས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་གོམ་པ་རེ་རེས་རྒྱལ་ཁབ་ཀྱི་ས་ཆ་འཇལ་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་བདག་དབང་སྲུང་བ་དང་ལྷག་བསམ་རྣམ་དག་མཚོན་པར་བྱས་ཡོད།
          ད་ཆའི་ཆུང་གླིང་གྲོང་གསར་དུ་ཁྱིམ་ཚང་ཚང་མའི་སྒོ་སྟེང་དུ་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་གྲོང་ཚོའི་བདེ་སྡོད་སྡོད་ཁང་གྲལ་སྟར་སྒྲིག་ལ་སྣུམ་ནག་ལམ་བུ་རྒྱ་ཆེ་བ་དང་། གྲོང་ཚོ་རིམ་པའི་བུ་བཅོལ་ཁང་དང་། རིག་གནས་ཐང་ཆེན་སོགས་གང་དགོས་ཅི་དགོས་ཚང་མ་ཡོད། མི་ཚང་མས་སོ་དམག་བརྩོན་ལེན་བྱེད་པ་དང་ཁྱིམ་ཚང་ཚང་མ་སོ་ལྟ་ཁང་ཡིན་པ་དང་། ཐོན་སྐྱེད་ནི་ལས་སྒྲུབ་དང་ཕྱུགས་འཚོ་བ་ནི་སྐོར་གཡེང་དུ་བརྩིས་ནས་མཐའ་མཚམས་ཀྱི“ཟངས་གྱང་ལྕགས་རྩིག”བརྟན་པོ་ཞིག་བསྐྲུན་ཡོད་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོལ།