ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཐོག་མའི་བསམ་འདུན་མ་བརྗེད་རྒྱང་སྐྱོད་ལམ་བུར་སྐྱོད། ཕུགས་འདུན་དོན་དུ་གཉེར་ཞིང་མདུན་སྐྱོད་འོད་སྟོང་གཏོད།

གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག

སྤེལ་དུས 2022-01-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ལོ་གསར་པའི་ཅོང་སྒྲ་གྲགས་པ་ལས་རྔམ་བརྗིད་ལྡན་པའི་ལོ་རྒྱུས་སྙན་ངག་གི་རྒྱུན་མཐུད་ཡོད། འདས་མ་ཐག་པའི་2021ལོར་ཕྱིར་མིག་བལྟས་ཚེ། ལོ་ངོ་བརྒྱའི་འཕོ་འགྱུར་བརྒྱུད་པའི་བརྗིད་ཆེའི་ཁྱབ་བསྒྲགས་དང་། འོད་སྟོང་འཕྲོ་བའི་ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་པའི་དུས་རབས་ཀྱི་རླབས་ཆེན་བྱ་གཞག མི་དམངས་དུང་ཕྱུར་མང་པོའི་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་བཅས་སྔར་བཞིན་མི་རྣམས་ཀྱི་སེམས་ལ་གཡོ་འགུལ་ཟབ་མོ་ཐེབས་པ་དང་སྤོབས་སེམས་ཀྱིས་ཁེངས་ཡོད། ལོ་དེའི་ནང་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འཁྲུངས་སྐར་བསུས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱི་ཚབ་ཞུས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱུན་མཐུད་ངང་འབད་འཐབ་བྱས་པ་བརྒྱུད། ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཤིང་། ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་ཐུབ་ནས། བློ་སྟོབས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད་པ་བརྗིད་ཆེའི་ངང་ཁྱབ་བསྒྲགས་གནང་ཡོད།
             ལོ་གསར་པའི་ཅོང་སྒྲ་གྲགས་པ་ལས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་ཐུགས་ཁུར་ཟབ་མོས་ཁེངས་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་ནས་བོད་ཀྱི་ལས་དོན་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་མ་ཟད། སྐུ་ངོ་མས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་ཡོད།
             ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་བོད་དུ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུས་ཡོད། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པས། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད། གངས་ལྗོངས་ཀྱི་བུ་ཕྲུག་ཚོར་དྲོ་སྐྱིད་ཟབ་མོ་ཚོར་བ་དང་། སེམས་ཤུགས་ཆེན་པོ་འཕེལ་བ། ལྕག་སྐུལ་ཆེན་པོ་ཐེབས་པ་བཅས་བྱུང་ནས་ལས་སྒྲུབ་ལས་གཏོད་ཀྱི་ཡིད་ཆེས་དང་ཆོད་སེམས་ཆེས་ཆེར་འཕེལ་ཡོད།
             ལོ་གསར་པའི་ཅོང་སྒྲ་གྲགས་པ་ལས་གཡུར་ཟའི་གྲུབ་འབྲས་ཀྱིས་ཕྱུག་པའི་དགའ་སྤྲོས་ཁེངས། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ལོར། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་ཐོག་མའི་བསམ་འདུན་དང་ལས་འགན་ལག་བསྟར་བྱེད་པ། སེམས་ནུས་གཅིག་སྒྲིལ་དང་འབད་འཐབ་ཆེན་པོས་ལེགས་སྐྱེས་ཕུལ་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད། ལོ་དེའི་ནང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ས་མཐོའི་ས་གཞི་ཆེ་མོར་དོན་འཁྱོལ་ཐུབ་པ་དང་། ལོ་དེའི་ནང་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་ཅུང་མྱུར་པོ་རྒྱུན་འཁྱོངས་ཐུབ་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཕྱིན་པ། དམངས་འཚོ་འགན་ལེན་དེ་བས་ནུས་ལྡན་བྱུང་བ། སྐྱེ་ཁམས་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ། མཐའ་སྟོབས་མཐའ་དར་ལག་བསྟར་ཤུགས་ཆེན་བྱས་པ། སྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད། ལོ་དེའི་ནང་བརྗིད་ཆགས་ལྡན་པའི་ཇོ་མོ་གླང་མ་ནས་དྲག་ཏུ་རྒྱུག་པའི་ཡར་ཀླུང་གཙང་པོའི་བར་དང་། གནའ་གྲོང་ནས་ལེ་དབར་ཁྲི་ཡི་ཐང་སྡེར་བར་གངས་ལྗོངས་ས་མཐོའི་ཡངས་ཤིང་རྒྱ་ཆེ་ལ་མཛེས་སྡུག་ལྡན་པའི་ས་གཞིའི་ཐོག་སྐྱེ་སྟོབས་དང་གསོན་ཤུགས་ཚད་མེད་འཕེལ་བ་དང་། མི་རིགས་ཁག་གི་མི་དམངས་ཀྱི་གདེང་ཚོད་དང་། རང་ཚུགས། རང་སྟོབས་བཅས་དེ་བས་ཆེ་རུ་ཕྱིན་པ། བློ་སྟོབས་དང་། ལ་རྒྱ། གཏིང་ཤུགས་བཅས་ཧ་ཅང་ཆེ་རུ་ཕྱིན་པ། སྔར་ན་མེད་པའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་ལོ་རྒྱུས་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་རྐྱང་ཞིག་ཡིད་ཆེས་ཆེན་པོས་རྩོམ་བཞིན་ཡོད།
             ལོ་གསར་པའི་ཅོང་སྒྲ་གྲགས་པ་ལས་ཕུགས་འདུན་དོན་གཉེར་དང་མདུན་སྐྱོད་བྱེད་བཞིན་པའི་ཁྱེད་དང་ང་ལ་སྐུལ་ལྕག་བྱེད་བཞིན་མཆིས། 2022ལོར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་འཕྲད་པའི་དུས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་པ་དང་། སླད་ཕྱིན་ལོ་ལྔའི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་འབད་འཐབ་དམིགས་ཚད་གཙོ་བོ་ཁ་གསལ་བཏོན་པ། སླད་ཕྱིན་ལོ་ལྔའི་ལས་དོན་གྱི་འཐབ་ཇུས་གལ་ཆེན་དང་། ལས་འགན་གལ་ཆེན། བྱེད་ཐབས་གལ་ཆེན། གཙོ་གནད་ལས་དོན་བཅས་ལ་གསལ་འགྲེལ་བྱས་ཡོད། འགན་འཁྲི་དང་ལས་འགན་གསར་པ་ང་ཚོས་འཁུར་དགོས་པ་དང་ལོ་རྒྱུས་ཀྱི་གཟི་བརྗིད་གསར་པ་ང་ཚོས་གཏོད་དགོས། ཕུགས་འདུན་དོན་གཉེར་བྱེད་པའི་རླབས་ཆེན་གྱི་དུས་རབས་སུ་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྩ་འཛིན་དུ་བྱས་ནས་བླ་སྲོག་གཏོད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་གཞིར་བཟུང་། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱེད་པ་དང“ངེས་པར་དུ་བཅུ”སྒྲུབ་ཐུབ་པ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློ་སྔར་བས་གཅིག་གྱུར་དང་། ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ། དངོས་འཛིན་དངོས་སྒྲུབ་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”ཐུབ་པ་བཅས་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་དང་མཉམ་འདྲེས་བྱེད་པའི་ཁྲོད་ཀྱི་བོད་ཀྱི་དགེ་མཚན་ཆེ་རིགས་སྔར་བས་འདོན་སྤེལ་བྱས་པ་དང་། རྒྱལ་ཁབ་ཀྱི་ལས་འགན་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་འགན་འཁྲི་འཁུར་སེམས་སྔར་བས་མངོན་པ། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་གནས་བབ་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་རེད།
             ལོ་གསར་པའི་ཅོང་སྒྲ་གྲགས་པ་ལས་རྣམ་པ་གསར་རྐྱང་གི་ལོ་ཞིག་འཆར་བའི་ཁྱབ་བསྒྲགས་བྱས། མིག་སྔར་ང་ཚོ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ནས་འགན་འཁྲི་གསར་པ་འཁུར། ང་ཚོས་ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་བཀོད་སྒྲིག་ལ་ནན་པོར་གཞིགས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་དང་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བ། ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་ཀྱི་སྒོ་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་སྟེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་ཆེད་འགན་ལེན་བརྟན་པོ་བྱེད་དགོས།
             དུས་ཀྱི་འཁོར་ལོ་མདུན་དུ་སྐྱོད་པ་དང་བསྟུན་ནས་བོད་འདི་ཉིད་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་ངེས་རེད། དེང་གི་བོད་ལྗོངས་ཀྱིས་སྤོས་པའི་གོམ་སྟབས་ཚང་མས་ལོ་རྒྱུས་གསར་གཏོད་བྱེད་བཞིན་ཡོད་པ་དང་། བཙུགས་པའི་མཛད་རྗེས་རྡོ་རིང་ཚང་མ་ལོ་རྒྱུས་ཀྱིས་བརྟན་པོར་ངེས་སྲིད། འབྱུང་འགྱུར་གྱི་འཆར་འགོད་ཚང་མར་རེ་བས་ཁེངས་ཡོད། ང་ཚོའི་རྒྱབ་ནི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཡིན་པ་དང་ང་ཚོའི་མདུན་ངོས་ནི་རེ་བའི་འོད་སྣང་ཡིན། ང་ཚོས་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུའི་ཐོག་དུས་ཚོད་དམ་འཛིན་བྱས་ཏེ། “འདུ་ཤེས་བཞི”དམ་པ་དོན་གཉེར་གྱི་ངར་ཤུགས་སུ་གྱུར་བ་དང་། “གདེང་ཚོད་བཞི”དཀའ་ཉེན་ལས་རྣམ་པར་རྒྱལ་བའི་ལག་ལེན་ལ་གྱུར་བ། “སྲུང་སྐྱོང་གཉིས”འགག་སྒྲོལ་དཀའ་སེལ་གྱི་བྱ་སྤྱོད་ཁྲོད་དོན་འཁྱོལ་བཅས་བྱས་ཏེ། ནམ་ཡང་ལྷོད་གཡེང་མི་གཏོང་བའི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་དེ། ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་སྔར་བས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་སུ་བསྐྲུན་ཏེ“འཛམ་གླིང་གི་གླེང་སྣེ་གསུམ་པ”དུས་རབས་གསར་པར་དེ་བས་འོད་སྟོང་ལྡན་པའི་གཟི་མདངས་འཕྲོ་ཐུབ་པ་བྱེད་དགོས།
             ང་ཚོའི་མེས་རྒྱལ་ལ་སྨོན་འདུན་ཞུ། ང་ཚོའི་ལོ་གསར་པར་སྨོན་འདུན་ཞུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད་བཞིན་པའི་མཉམ་སྐྱོད་པ་ཚང་མས་རླུང་རྟེན་རླབས་གཤགས་ཀྱིས་ཞུམ་མེད་མདུན་སྐྱོད་བྱ་རྒྱུར་སྨོན་འདུན་ཞུ།