ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > པར་མཛོད། > པར་རིས།

བོད་ཀྱི་ས་མཐོའི་སྲོག་ཆགས་སྲུང་མཁན།

སྤེལ་དུས 2017-09-07 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།


          ཞོགས་པའི་ཉི་ཟེར་གྱིས་རི་རྒྱུད་བསྒྲིབས་ཡོད་ཅིང་། ཟིལ་བས་ཁེངས་པའི་ཕྱུགས་རྩྭ་ནི་རིམ་གྱིས་མདང་དགོང་གི་གྲང་འཁྱག་ཁྲོད་ནས་སླར་གསོས་སོང་། ཚེས25 ཉིན་གྱི་ཞོགས་པར། ས་ཐའེ་འར་དོ་དམ་ས་ཚིགས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་པ་ཚོ་ཞོགས་པ་སྔ་པོ་ནས་མལ་ལས་ལངས་ཏེ་སྟབས་བདེའི་ཚོགས་སྤྱི་རུ་བསྒྲིགས་རྗེས་ཚང་མས་རང་རང་ས་ནས་གད་རྒྱག་བྱས་ཏེ་ཞོགས་ཟས་གྲ་སྒྲིག་བྱེད་ཀྱི་ཡོད། ས་ཐའེ་འར་ནི་བོད་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ནག་ཆུ་ས་ཁུལ་དོ་དམ་ཅུས་ཁྲོད་ཀྱི་དོ་དམ་ས་ཚིགས་ཤིག་ཡིན་པ་དང་། ས་ཚིགས་ནང་གི་སྲོག་ཆགས་སྲུང་སྐྱོང་བ་བཅུ་ཐམ་པ་ཚང་མ་ས་གནས་དེ་གའི་ཨ་མདོ་རྫོང་བཀྲ་ཆུ་ཤང་གི་འབྲོག་པ་ཡིན། ཁོ་ཚོའི་རྒྱུན་ལྡན་གྱི་ལས་ཀ་ནི་གཙོད་དང་། རྐྱང་། དགོ་བ་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་ཀྱིས་བྱེད་སྒོ་སྤེལ་བའི་ཁྱབ་ཁོངས་དེད་དེ་ལྐོག་རྔོན་མཁན་གྱིས་རྐུ་འཕྲོག་བྱེད་པར་སྐོར་ཞིབ་དང་སྔོན་འགོག་བྱེད་དགོས།
 
བར་ཐག་སྤྱི་ལེ་1ཙམ་ཡོད་པའི་ས་གནས་སུ། གཙོད་ཀྱིས་དོགས་ཟོན་གྱི་སྒོ་ནས་བུ་ཆུང་དང་པར་ལེན་གསར་འགོད་པ་མཐོང་སོང་།
 
ལྟ་ཞིབ་ཐེངས་ཤིག་བྱས་རྗེས། བུ་ཆུང་གིས་ཞ་སྨྱུག་དང་འབྲི་དེབ་བཏོན་ནས་གཙོད་དང་། དགོ་བ། རྐྱང་གི་གྲངས་ཀ་ཟིན་ཐོར་བཀོད།
 
སྐོར་གཡེང་བྱས་ནས་ངལ་གསོ་བྱ་བའི་ཁྲོད།  བུ་ཆུང་གིས་རྒྱབ་ཁུག་ལས་སྐོར་ཞིབ་སྒྲིག་ཆས་ཏེ་སྲུང་སྐར་ཁ་པར་དང་། ཉེན་རྟོག་པའི་གློག་རྒྱུག.རྒྱང་ཤེལ་སོགས་གསར་འགོད་པར་བསྟན།
 
དེའི་འཕྲོར། ཁོས་སྐད་བཤད་འཕྲུལ་ཆས་ལག་ཏུ་བཟུང་ནས་ལྟ་ཞིབ་ས་གནས་དང་ཁ་ཐག་མི་རིང་བའི་ས་ཐའེ་འར་ཞིབ་བཤེར་ས་ཚིགས་སུ་སྲོག་ཆགས་ཀྱི་གྲངས་ཀ་སྙན་ཞུ་བྱས།
 
ཉེན་ཁ་ཡོད་མིན་གཏན་ཁེལ་མིན་པའི་གནས་ཚུལ་འོག  དེའི་ནང་གི་གཙོད་ཕྲུག་ཆུང་ཆུང་ཞིག་གིས་རྩྭ་ཟ་བའི་གནས་དང་ཁ་བྲལ་མགོ་བརྩམས།
 
          རྒྱང་ཤེལ་བཟུང་སྟེ་སྐེད་པ་མར་སྒུར་སྒུར་བྱེད་བཞིན་པ་དེ་ནི་ས་ཐའེ་འར་དོ་དམ་ས་ཚིགས་ཀྱི་འགོ་པ་བུ་ཆུང་ཡིན་ཞིང་། སྨི་བརྒྱ་ལྷག་གི་ཕྱི་རོལ་དུ།  སྦག་སྦག་ཞོན་པའི་ཁོས་གཙོད་དང་། རྐྱང་སོགས་མཐོང་། དེ་ཚོར་འདྲོག་མི་སློང་བའི་ཆེད་དུ་བུ་ཆུང་གིས་སྔོན་ལ་སྦག་སྦག་ཡག་པོར་བཞག་པ་དང་། དེ་ནས་དལ་གྱིས་དེ་ཚོའི་གམ་དུ་ཉེ་བར་བཅར་ནས་རྒྱང་ཤེལ་ནང་ནས་ཁོ་ཚོའི་གྲངས་ཀ་རྩད་ཆོད་བྱས།
 
          རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་པ་རྣམས་ལམ་ཁག་གཉིས་སུ་བགོས་ནས་སྦག་སྦག་བཞོན་ཏེ་སྐོར་གཡེང་བྱེད་དུ་སོང་། དེ་རིང་གི་གནམ་གཤིས་ཧ་ཅང་ཡག་ཅིང་། ཁོ་ཚོས་སྐོར་གཡེང་བདེ་བླག་ཡིན་པའི་རེ་ལྟོས་བྱས་ཡོད།།
 
          རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་པས་སྐོར་ཞིབ་བྱེད་པའི་འགྲིམ་འགྲུལ་ཡོ་བྱད་དུ་སྦག་སྦག་འཁོར་ལོ་ལས་མེད་ཅིང་།  སྐོར་གཡེང་བྱེད་ཐེངས་རེར་སྤྱི་ལེ་བརྒྱ་ཙམ་ལ་འགྲོ་དགོས་པས། ལམ་ལ་མ་ཞུགས་པའི་སྔོན་དུ། ཁོ་ཚོས་སྦག་སྦག་འཁོར་ལོར་དབུགས་བཀང་བ་ཡིན།
 
          རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ལྷག་ཙམ་གྱི་ས་གནས་འདིར།  རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་པ་རྣམས་ཀྱིས་ཁ་དོག་རྣམ་པར་སྣོན་ཆེད་ལོ་གཅིག་རིང་དབྱར་གཞུང་ཟླ་གཉིས་ཁོ་ན་ཡོད་པ་བེད་སྤྱད་ནས་རྭ་སྐོར་གྱི་ནང་དུ་ནས་བཏབ་ཡོད་པ་དང་།  ཡིན་ཡང་གནམ་གཤིས་གྲང་ངར་ཆེ་བས་ནས་མྱུག་སྐྱེས་པ་ཧ་ཅང་ཐར་ཐོར་ཡིན། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཁན་གཉིས་ཀྱིས་ནས་ཞིང་གི་རྒྱབ་ལོགས་སུ་རྭ་སྐོར་གཙང་སྦྲ་བྱེད་ཀྱི་ཡོད།
 
ས་ཐའེ་འར་དོ་དམ་ས་ཚིགས་ཀྱི་རི་སྐྱེས་སྲུང་སྐྱོབ་མཁན་རྣམས་སྒོ་ཁར་གྲལ་བསྒྲིག་བཞིན་པ།