ཤར་གཉན་པོ་གཡུ་རྩེའི་ཉེ་འདབས་ནས་འཚར་ལོངས་བྱུང་པའི་བསྟན་འཛིན་རྒྱ་མཚོ་འམ་མགོ་ལོག་ཟླ་འོད་ནི་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དཔལ་ཡུལ་ཡུལ་ཚོའི་སྔོ་ཁོག་སྡེ་བའི་འབྲོག་ཁྱིམ་དཀྱིལ་མ་ཞིག་ཏུ་སྐྱེས། ཆུང་དུས་ནས་མགོ་ལོག་ལུང་དཀར་དགོན་དུ་གྲྭ་སར་ཞུགས་ཏེ། དགེ་པའི་བཤེས་གཉེན་མང་པོའི་མདུན་ནས་ཀ་ཁའི་སྦྱོར་ཀློག་དང་ཆོ་ག་འདོན་སྒྲིག བརྡ་སྤྲོད་རིག་གནས་སོགས་ལ་སྦྱངས་བརྩོན་བྱས་པ་མ་ཟད། ད་དུང་སློབ་སྦྱོང་གི་ཞོར་དུ་པར་ལེན་སྒྱུ་རྩལ་གྱི་ལམ་ཁར་ཅུང་ཙམ་ཕྱོགས། བདག་གི་ཕ་ཡུལ་གཉན་པོ་གཡུ་རྩེའི་རི་ཆུ་ནགས་གསུམ་དང་བྱ་བྱེའུ་རི་དྭགས་སོགས་པར་དུ་བསྐྱོན་ནས་པར་རིས་བརྩམས་འགའ་ལ་གཟེངས་བསྟོད་ལག་ཁྱེར་དང་གཟེངས་རྟགས་ཡང་གང་མང་བླངས།