དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > པར་མཛོད། > བརྙན་རིས།

སེར་ཤུལ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་པར་བརྟེན་ཐུམ་འབུའི་ནད་འགོག་བཅོས་བྱ་བར་གྲུབ་འབྲས་མི་དམན་པ་ཐོན་པ།

སྤེལ་དུས 2020-09-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སངས་སྐྱབས། གཡང་རྒྱལ།

       ཆ་སྙོམས་ས་བབ་མཐོ་ཚད་སྨི་4250ཟིན་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་མི་རྣམས་ལ་དེ་སྔོན་ཐུམ་འབུའི་ནད་ཀྱི་གནོད་པ་བླ་ལྷག་ཐེབས་མྱོང་། ཐུམ་འབུའི་ནད་ནི་མི་ཕྱུགས་གཉིས་ཀར་ཕོག་པའི་གཞན་བརྟེན་སྲིན་འབུའི་ནད་ཅིག་ཡིན་ཞིང་། ཁྱི་ལས་བྱུང་བའི་འབུ་སྒོང་བརྒྱུད་ནས་མི་དང་ཕྱུགས་ཟོག་ལ་འགོས་པ་རེད། ནད་ཡུན་རིང་བ་དང་ཤི་ཚད་མཐོ་བས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་གཏོང་གི་ཡོད། 2012ལོར་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་མཆེད་ནད་རིག་པའི་བརྟག་དཔྱད་བྱས་འབྲས་ལས། སེར་ཤུལ་རྫོང་གི་མང་ཚོགས་ལ་ནད་ཕོག་ཚད་12.09%ཟིན་པ་དེ་མིག་སྔར་འཛམ་གླིང་ཁྱབ་ཁོངས་ནང་ཐུམ་འབུའི་ནད་ཕོག་མང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། 2015ལོའི་ཟླ་11པར་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་སེར་ཤུལ་དུ་ཁྱོན་ཡོངས་ནས་སྤེལ།
       འབྱུང་རྩ་ནས་ཁྱི་ཚོད་འཛིན་དང་དྲིལ་བསྒྲགས་ཡང་ཡང་བྱེད་པ། ནད་བརྟག་བཤེར་འཚོལ། ཁྲོན་ཟབ་ཆུ་ལེན་སོགས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་པར་བརྟེན། 2020ལོར། སེར་ཤུལ་རྫོང་དུ་ཐུམ་འབུའི་ནད་ཕོག་ཚད་7.67%ལ་མར་ཆག་པ་དང་། 2018ལོ་ནས་2020ལོ་བར་གྱི་ལོ་3རིང་བྱིས་པ་ལོ6ནས12བར་གྱི་ནད་པ་གསར་པ་བྱུང་ཚད་0ཡིན།
       འབྱུང་རྩ་ནས་ཁྱི་ཚོད་འཛིན་བྱེད་པ།
       ཁྱི་ནི་ཐུམ་འབུའི་ནད་ཀྱི་འགོ་ཁུངས་གཙོ་བོ་ཡིན། འབྱུང་རྩ་ནས་ཐུམ་འབུའི་ནད་བཀག་འགོག་བྱ་ཆེད། སེར་ཤུལ་རྫོང་གིས་གནས་གཏན་འཁེལ་གྱི་ཉིང་ལྷེབ་ཡོད་པའི་ཁྱིའི་སྐེ་ཐག་དང་ཁྱི་གསོ་ལག་ཁྱེར་གཅིག་གྱུར་ཐོག་བཟོས་ནས། སྒོ་ཁྱི་གསོ་བར་ཚོད་འཛིན་དང་། བཏགས་གསོ། འབུ་གསོད་པ་དང་རིམས་ནད་འགོས་པའི་ཁྱི་གནོད་མེད་ཐག་གཅོད་བྱེད་པ་སོགས་བྱས་ཡོད།
       ཁྲོན་ཟབ་ཆུ་ལེན།
       དྭངས་གཙང་མིན་པའི་ཆུ་ཁུངས་ཡང་ཐུམ་འབུའི་ནད་ཀྱི་འགོ་ཁུངས་གཙོ་བོ་ཡིན། 2020ལོར། སེར་ཤུལ་རྫོང་གི་ཐུམ་འབུ་ནད་མཆེད་ཁུལ་གྱི་གཞིས་ཆགས་ཁུལ་དུ་བདེ་འཇགས་འཐུང་ཆུ་ཁྱབ་ཚད་100%ཟིན་ཡོད་པ་རེད།
       ཚགས་བཤེར་ནད་བརྟག
       ནད་པ་བཤེར་འཚོལ་བྱེད་པའི་ལས་ཆོད་མཐོ་རུ་གཏོང་ཆེད། སེར་ཤུལ་རྫོང་གིས་འཇའ་སྐྱི་དང་། མཛུབ་རིས། ཐོབ་ཐང་ལག་ཁྱེར་བཅས་ཕྱོགས་གསུམ་གཞི་གཅིག་གི་དབྱེ་འབྱེད་བྱེད་སྟངས་བརྒྱུད་གྲོང་མིར་ཐུམ་འབུའི་ནད་ཡོད་མེད་གྲལ་བཤེར་དབྱེ་འབྱེད་བྱས་པ་རེད། 2020ལོའི་ཟླ་6ཚེས་30ཉིན་བར། སེར་ཤུལ་རྫོང་དུ་མི་88547དང་མི་ཐེངས་186272ལ་རིན་མེད་གྲལ་བཤེར་བྱས་པ་དང་།  གྲལ་བཤེར་བྱེད་ཚད་99.01%ཟིན་ཡོད་པ་རེད།
       གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ།
       ནད་པའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་གཏོང་ཆེད། འཕྲོད་བསྟེན་སྡེ་ཚན་གྱིས་ཐུམ་འབུའི་ནད་ཕོག་པའི་ནད་པར་སྨན་རིན་ཚང་མ་སྤྲོད་མི་དགོས་པར་བཟོས་པ་མ་ཟད།། གཤགས་བཅོས་དང་འགྲིམ་འགྲུལ་འགྲོ་གྲོན་དེ་སྨན་བཅོས་འགན་བཅོལ་དང་ཁ་གསབ་དངུལ་ལ་བརྟེན་ནས་ཐག་གཅོད་བྱེད་ཀྱི་ཡོད།
       དྲིལ་བསྒྲགས་ཡང་ཡང་བྱེད་པ།
       སེར་ཤུལ་རྫོང་གིས་ཐུམ་འབུའི་ནད་འགོག་བཅོས་སློབ་གསོའི་ལས་དོན་ཁྱབ་གདལ་ཤུགས་ཆེན་བཏང་བ་རེད། རྫོང་ཡོངས་ཀྱི་སློབ་མ་ཚོས་ཉིན་ལྟར་《ཐུམ་འབུའི་ནད་འགོག་བཅོས་ཀྱི་གླུ་གཞས》བླངས་ནས“ལག་འཁྲུད་ཞབས་བྲོ”འཁྲབ་ཀྱི་ཡོད། “རིམ་་པ་བདུན་གྱི་ལག་པ་བཀྲུ་ཐབས”སློབ་སྦྱོང་བྱས་པ་མ་ཟད། གཟའ་འཁོར་རེར་ཐུམ་འབུའི་ནད་འགོག་བཅོས་སྐོར་གྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད། 2020ལོར་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་བདེ་ཐང་ཤེས་བྱའི་དྲིལ་བསྒྲགས་སློབ་གསོ་ཤེས་མཁན་98.13%ཟིན་ཡོད། 2016ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་22.42མཐོ་རུ་ཕྱིན་ནས་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།