དཀར་མཛེས་ནོར་བུའི་གླིང་།
སྤེལ་དུས 2020-10-09
ཡོང་ཁུངས། ཁམས་པའི་བརྙན་འཕྲིན་དྲ་བ།
རྩོམ་པ་པོ།
ཁམས་དཀར་མཛེས་རྫོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་བྱང་རྒྱུད་དུ་གནས་ཤིང་། ཁམས་ཡུལ་གྱི་འབྲུ་མཛོད་དང་། ཞབས་བྲོ་ཡི་ཕ་ས་ཞེས་མཚན་སྙན་ཕྱོགས་བཞིར་ཁྱབ། ཁ་བ་ལུང་རིང་། ཙ་ཟླ་རི་བོ། གདོང་ཆེན་ཉ་ཉ། སྟོང་སྐོར་གནས་རི་སོགས་ཕྱི་སྣོད་ཀྱི་བཀོད་པ་མཛེས་སྡུག་ལྡན་ལ། ཀ་བྲག་ཇོ་བོ་དང་། སྡེ་དགོན་པོ། ཧོར་གྱི་དགོན་སྡེ་བཅུ་གསུམ། དཀར་མཛེས་ཞབས་བྲོ།དགེ་རྟག་གཞས་སོགས་ནང་བཅུད་ཀྱི་རིག་གནས་ཕུན་སུམ་ཚོགས།
ཉེ་ལམ་གསར་དུ་བཞེངས་པའི་གེ་སར་མཁར་གྲོང་གིས་དཀར་མཛེས་ལ་གསོན་ཤུགས་གསར་པ་ཞིག་བསྐྲུན་ཡོད། དེ་རིང་བྱམས་པའི་ཁ་བརྡ་ལེ་ཚན་ཁམས་དཀར་མཛེས་རྫོང་དུ་སོང་ནས་དམངས་ཁྲོད་རིག་གནས་པ་ནོར་བཟང་དང་། དམངས་སྲོལ་ཞིབ་འཇུག་པ་དབང་འདུས་གཉིས་དང་མཉམ་དུ་གནས་མཆོག་དཀར་མཛེས་སྐོར་ནས་ཁ་བརྡ་བྱས་ཡོད།