དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > པར་མཛོད། > བརྙན་རིས།

དགེ་ལས་པ་ཆོས་བཟང་།

སྤེལ་དུས 2020-10-09 ཡོང་ཁུངས། ཁམས་པའི་བརྙན་འཕྲིན་དྲ་བ། རྩོམ་པ་པོ།
         དེ་ཡང་སྤྱི་ལོ་༢༠༡༠ལོའི་ཡུས་ཧྲུའུ་ས་འགུལ་ཆེན་པོ་བྱུང་བའི་ལོ་དེར་བོད་ཀྱི་ན་གཞོན་དགེ་ལས་པ་ཆོས་བཟང་ལགས་ཀྱིས་འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་གནང་བ་བཞིན་ཡུས་ཧྲུའུ་ཁུལ་དམངས་ཕན་ལས་རིགས་ལག་རྩལ་སློབ་གྲྭ་དངོས་སུ་བཙུགས། གོང་རིམ་གྱི་ཐུགས་ཁུར་དང་། རྒན་སློབ་ལས་བཟོ་ཡོངས་ཀྱིས་འབད་བརྩོན་བྱས་ནས་བགྲང་བྱ་བཅུ་ཡི་རིང་དུ་ཐང་ཁ་དང་། བོད་སྤོས། རྩིས་འཕྲུལ། བོད་སྨན་སོགས་ལག་ཤེས་རིག་གནས་སོགས་ལེགས་པར་བསླབས་ནས་སློབ་མ་༡༦༠༠ལྷག་སློབ་མཐར་ཕྱིན་ཏེ་སྤྱི་ཚོགས་སུ་ཞབས་འདེགས་ཞུ་བཞིན་ཡོད། སློབ་གཙོ་ཆོས་བཟང་ལགས་ཀྱིས་སློབ་གྲྭའི་དོ་དམ་གྱི་ཞོར་དུ་བཤེས་སྤྲིངས་འགྲེལ་བ་དད་པའི་གཉེན་སོགས་སློབ་གསོ་དང་འབྲེལ་བའི་ཕྱག་རྩོམ་མང་པོ་བྲིས་ནས་ཀུན་སྤྱོད་སློབ་གསོ་དང་ལས་རིགས་ལག་རྩལ་སློབ་གསོ་ཟུང་དུ་འབྲེལ་བའི་སློབ་གསོའི་ལམ་ཞིག་འཚོལ་བཞིན་ཡོད།