ཀྲུང་གོའི་བོད་ལྗོངས་དྲ་བ། > པར་མཛོད། > བརྙན་རིས།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པར་བོད་རང་སྐྱོང་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་།

སྤེལ་དུས 2021-11-26 ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན། རྩོམ་པ་པོ།

         ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་པར་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།  ཚང་མས་ཚང་འཛོམས་གྲོས་ཚོགས་ནི་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་འཚོགས་པའི་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པའི་ཚོགས་འདུ་ཞིག་ཡིན་པས།  ཏང་ཡོངས་ཀྱིས་བསམ་བློ་དང་བློ་སྟོབས།  བྱ་སྤྱོད་བཅས་གཅིག་གྱུར་ཡོང་རྒྱུར་སྐུལ་མ་བཏང་ཐོག  མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་འཁྲིད་བྱས་ནས་ལོ་རྒྱུས་ཀྱི་རླབས་ཆེའི་ལས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་གསུངས།།
རྩོམ་སྒྲིག་པ། སངས་སྐྱབས།