ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2023ལོའི་ལོ་སར། > པར་རིས
ཚེ་བརྟན། ཡར་ལངས་ཞིང་བྲན་ཞིག་གིས་མི་རབས་མཆེད་བཞིའི་བདེ་སྐྱིད་ལྡན་པའི་ལོ་གསར།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་བཙག་གྲོང་ཚོར་གཞིས་ཆགས་པའི་རང་ཁྱིམ་དུ། རྨོ་བོ་ཚེ་བརྟན་ལགས་ཀྱི་ཞལ་རས་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་ཞིང་། ནང་མི་གཞོན་སྐྱེས་ཚང་མས་རེ་རེ་བཞིན་ཁོང་ལ་དབུ་ཐུག་སྦྱར་ནས་གུས་བཀུར་མཚོན་པར་བྱེད།
གངས་ལྗོངས་ས་མཐོར་ལོ་གསར་གྱི་རྣམ་པ་ཟབ་པ།
ཆུ་སྟག་ལོ་རྙིང་ཕར་ལ་བསྐྱལ་ནས་ཆུ་ཡོས་ལོ་གསར་ཚུར་ལ་བསུས་ཤིང་། བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་རང་ལྗོངས་ཀྱི་ས་གནས་ཁག་གི་ལོ་གསར་མཁོ་ཆས་ཀྱི་ཁྲོམ་ར་མུ་མཐུད་འཁྲུག་ཆ་དོད་དུ་ཕྱིན་པ་དང་ཚོང་ར་ཆེ་གྲས་ཁག་ཏུ་ཚོན་ཁྲ་ཅན་གྱི་ལྒང་བཞུ་བཀལ་ནས་ལོ་གསར་གྱི་རྣམ་པ་ཧ་ཅང་ཟབ་མོ་ཡོད། ལྷ་སའི་ཁྲོམ་གཞུང་དུ་མི་
ལོ་གསར་གྱི་མཁོ་ཆས་འབེལ། ལོ་གསར་གྱི་རྣམ་པ་ཟབ།
བོད་ཆུ་ཡོས་ལོའི་ལོ་གསར་འཆར་ཉེའི་སྐབས་སུ། བོད་ལྗོངས་ཀྱི་ས་ཕྱོགས་གང་སར་ལོ་གསར་བསུ་བའི་རྣམ་པ་ཟབ་ལ་ཚོང་ཟོག་འབེལ་བ་དང་ལོ་གསར་གྱི་མཁོ་ཆས་ཉོ་མཁན་ཧ་ཅང་མང་པོ་ཡོད་པ་རེད།
ལོ་གསར་གྱི་མཁོ་ཆས་བྲིན་ཁ་རྒྱུག་པ།
བོད་ལྗོངས་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་སུ། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས་ལོ་གསར་མཁོ་ཆས་ཚོང་འདུས་སྐབས་དང་པོ་འཚོགས་ཤིང་། ལོ་གསར་གྱི་མཁོ་ཆས་དང་ས་གནས་དེ་གའི་ཡུལ་ཟོག་འདྲ་མིན་སྣ་ཚོགས་ཀྱིས་མང་ཚོགས་ཀྱི་ཡིད་དབང་འཕྲོག་ཡོད། ཚང་མས་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ཉོས་ཏེ་བོད་ཀྱི་ལོ་གསར་བསུས་ཡོད།