ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > གསར་འགྱུར།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ཀྱི་འཐུས་མི་ཚོགས་པ་བཙུགས་པ།

སྤེལ་དུས 2019-03-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཝུའུ་དབྱིང་ཅེ་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོར་མིང་བཏོན་འདེམས་བསྐོ་གནང་བ་དང་བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པར་མིང་བཏོན་འདེམས་བསྐོ་གནང་བ།
       ཚོགས་ཆེན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་3ཚེས་3ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཕེབས་མཁན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ནས་བོད་ཀྱི་འཐུས་མི་ཚོགས་པ་དངོས་སུ་བཙུགས་པ་རེད།
       རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཝུའུ་དབྱིང་ཅེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོར་མིང་བཏོན་འདེམས་བསྐོ་གནང་བ་དང་བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་ཚོགས་གཙོ་གཞོན་པར་མིང་བཏོན་འདེམས་བསྐོ་གནང་བ་རེད།
       ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོ(འཆར་ཟིན)དང་དེ་བཞིན་ཚོགས་ཆེན་གྱི་གྲོས་རིམ(འཆར་ཟིན)ལ་གྲོས་ཞིབ་བྱས་ཤིང་། ཚོགས་འདུའི་ཐོག་ད་དུང་འཐུས་མི་ཚོགས་པ་ཁག་གི་སྐོང་བསྡུ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་བྱས་ཚུལ་བརྡ་ཁྱབ་བྱས་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་སྲོལ་ལེགས་གཏོང་དང་ཚོགས་ཁྲིམས་ནན་གཏོང་ལས་དོན་གྱི་ཇུས་གཞི་སྒྲོག་སྦྱངས་ཀྱང་བྱས་པ་རེད།
       ཝུའུ་དབྱིང་ཅེས་འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་བཅས་ཀྱི་འོག་བོད་ཀྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཡིན་པ་དང་། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་མྱུར་བ། སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ། དམངས་འཚོ་ཇེ་ལེགས་སུ་སོང་བ། སྣོད་བཅུད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ། གཞི་རིམ་གྱི་རྨང་གཞིའི་ལས་དོན་སྔར་བས་སྲ་བརྟན་དུ་སོང་ཡོད། གྲུབ་འབྲས་འདི་དག་ཐོབ་དོན་གཙོ་བོ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་ལས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་གྱིས་ཁྲིད་སྟོན་ཡང་དག་བྱས་པ་ལས་བྱུང་བ་ཞིག་རེད། འཐུས་མི་ཚོགས་པའི་འཐུས་མི་དང་ཟུར་ཞུགས་མི་སྣ་ཚང་མས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། རང་ལྗོངས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རང་ཉིད་ཀྱི་ཉེ་འཁོར་དུ་བྱུང་བའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་མཁས་མཛངས་ལྡན་ལ་མཁྱེན་རྒྱ་ཡངས་པ་དང་། བྱས་རྗེས་རླབས་པོ་ཆེ་ལྡན་པ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་ཟབ་བཞེས་གནང་མཁན། བཀའ་དྲིན་ཤིན་ཏུ་ཆེ་བ་བཅས་ཡིན་པ་རང་རྟོགས་ངང་སེམས་གཏིང་ནས་ཚོར་བར་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་ད་རེས་ཀྱི་ཚོགས་འདུ་ཡག་པོ་ཞིག་འཚོག་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཏུ་བརྩིས་ཏེ་བསམ་བློའི་ཐད་སྲོག་ཤིང་ལ་ཚད་མཐོའི་མོས་པ་དང་། ཆབ་སྲིད་ཐད་སྲོག་ཤིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། རྩ་འཛུགས་ཐད་སྲོག་ཤིང་ལ་རང་རྟོགས་ངང་བརྩི་བཀུར། བྱ་སྤྱོད་ཐད་སྲོག་ཤིང་གི་རྗེས་སུ་དམ་པོར་འབྲེང་བ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།
       ཝུའུ་དབྱིང་ཅེས་འཚོག་ཉེར་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་དོན་ཆེན་ཞིག་ཡིན་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཆོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྔར་བས་གཅིག་ཏུ་སྒྲིལ་བ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། “ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞི”ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཐུ་ཕག་གཅོད་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་བཅས་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། འཐུས་མི་དང་ཟུར་ཞུགས་མི་སྣ་ཚོས་ད་རེས་ཀྱི་ཚོགས་ཆེན་ཡག་པོ་ཞིག་འཚོག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་ཟམ་མི་ཆད་པར་ཆེ་རུ་དང་རྒྱལ་ཁ་འཐོབ་ངེས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས་པ་མ་ཟད། ད་དུང་རང་རྟོགས་རང་བཞིན་དང་། འགན་འཁྲིའི་བསམ་པ། ལས་འགན་སྒྲུབ་སེམས་བཅས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཀྱིས་ཚོགས་ཆེན་གྱི་སྙན་སྒྲོན་ཁག་དང་། འཆར་ཟིན་ཁག གཏན་འབེབས་ཁག་ལ་ནན་ཏན་ངང་ཉན་འཇོག་དང་། གྲོས་བསྡུར། གྲོས་ཞིབ་བཅས་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབོད་སྒྲ་དངོས་འབྲེལ་མཚོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འདོད་འདུན་ཇི་མ་ཇི་བཞིན་དུ་གོང་ཞུ། བློ་གྲོས་ཀྱི་ཐབས་འདོན་པ་དང་དངོས་སྒྲུབ་ཀྱི་ཇུས་འདོན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཧ་ཅང་ཆེན་པོ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་དང་ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་སོགས་ལ་ཐོབ་པའི་གྲུབ་འབྲས་གསར་པ་དང་བྱུང་བའི་འགྱུར་ལྡོག་གསར་པ་གཅིག་སྡུད་མཚོན་པར་བྱེད་པ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་བཅངས་པའི་ལྷད་མེད་བརྩེ་བ་གང་ལེགས་མཚོན་པར་བྱེད་པ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སྲ་ཞིང་བརྟན་པའི་དད་སེམས་དང་ཆོད་སེམས་ཕྱོགས་ཡོངས་ནས་མཚོན་པར་བྱེད་དགོས། ཚོགས་ཆེན་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་བརྩི་བཀུར་ནན་པོ་ཞུ་བ་དང་། ཚོགས་ཆེན་གྱི་ཉིན་རེའི་གྲོས་རིམ་བཀོད་སྒྲིག་ལ་བརྩི་སྲུང་ནན་པོ་ཞུ་བ། ཚོགས་སྲོལ་ལེགས་སུ་གཏོང་ཐབས་ལག་བསྟར་ནན་པོ་བྱེད་པ་བཅས་ཀྱིས་སྤྱོད་གཙང་གཞུང་དྲང་བྱེད་དགོས་ལ་གཟུགས་བརྙན་ཡག་པོར་སྲུང་སྐྱོང་ཡང་བྱེད་དགོས། འཐུས་མི་ཚོགས་པའི་ལས་དོན་མི་སྣ་ཚོས་ཚོགས་འདུའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། སྤྲོ་སེམས་འཁོལ་ལ་ངང་རྒྱུད་རིང་པོས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་སྒྲིག་འཛུགས་ཞིབ་ཚགས་དང་། འབྲེལ་གཏུག་བདེ་བླག དྲིལ་བསྒྲགས་དམིགས་འབྱོར། འགན་ལེན་ནུས་ལྡན་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།


རྩོམ་སྒྲིག་པ། སྣང་རྡོ།